མའོ་རྫོང་འཕྲོད་བསྟེན་རིམས་འགོག་ས་ཚིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མི་སེར་རྒྱལ་ཁབ་སྐབས་སུ་རྫོང་འཕྲོད་བསྟེན་ཁང་དུ་མཐའ་ཁུལ་སྨན་བཅོས་རུ་ཁག་གིས་འཕྲོད་བསྟེན་ཞིབ་བཤེར་དང་། སྤྱི་པའི་འཕྲོད་བསྟེན་གྱི་ནད་གཡོག་སོགས་རིམས་ནད་འགོག་པའི་མི་སྣ་བཀོད་སྒྲིག་བྱས་ཡོད། སྤྱི་ལོ1950ལོ་ནས་སྤྱི་ལོ1953ལོའི་བར་རྫོང་ལྟེ་གནས་འཕྲོད་བསྟེན་ཁང་དུ་འཕྲོད་བསྟེན་རིམས་ནད་འགོག་པའི་ཙུའུ་བཀོད་སྒྲིག་བྱས་ཡོད། སྤྱི་ལོ1953ལོ་ནས་སྤྱི་ལོ1955ལོའི་བར་རྫོང་འཕྲོད་བསྟེན་ཁང་དུ་འཕྲོད་བསྟེན་རིམས་ནད་འགོག་པའི་ཙུའུ་བཀོད་སྒྲིག་བྱས། སྤྱི་ལོ1956ལོའི་སྟོན་ཁར་རྫོང་འཕྲོད་བསྟེན་རིམས་ནད་འགོག་པའི་ཙུའུ་ལོགས་སུ་བགོས་ཏེ། འཕྲོད་བསྟེན་ལག་རྩལ་མི་སྣ3ཡོད་པ་དང་། སྤྱི་ལོ2004ལོའི་ཟླ4བར་རིམས་ནད་འགོག་པའི་ས་ཚིགས་ཕྱིར་འཐེན་ནས་རྫོང་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་བཙུགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
茂县县卫生防疫站
བཙུགས་ལོ།
མི་སེར་རྒྱལ་ཁབ་སྐབས།
1 ​ངོ་སྤྲོད།

མི་སེར་རྒྱལ་ཁབ་སྐབས་སུ་རྫོང་འཕྲོད་བསྟེན་ཁང་དུ་མཐའ་ཁུལ་སྨན་བཅོས་རུ་ཁག་གིས་འཕྲོད་བསྟེན་ཞིབ་བཤེར་དང་། སྤྱི་པའི་འཕྲོད་བསྟེན་གྱི་ནད་གཡོག་སོགས་རིམས་ནད་འགོག་པའི་མི་སྣ་བཀོད་སྒྲིག་བྱས་ཡོད། སྤྱི་ལོ1950ལོ་ནས་སྤྱི་ལོ1953ལོའི་བར་རྫོང་ལྟེ་གནས་འཕྲོད་བསྟེན་ཁང་དུ་འཕྲོད་བསྟེན་རིམས་ནད་འགོག་པའི་ཙུའུ་བཀོད་སྒྲིག་བྱས་ཡོད། སྤྱི་ལོ1953ལོ་ནས་སྤྱི་ལོ1955ལོའི་བར་རྫོང་འཕྲོད་བསྟེན་ཁང་དུ་འཕྲོད་བསྟེན་རིམས་ནད་འགོག་པའི་ཙུའུ་བཀོད་སྒྲིག་བྱས། སྤྱི་ལོ1956ལོའི་སྟོན་ཁར་རྫོང་འཕྲོད་བསྟེན་རིམས་ནད་འགོག་པའི་ཙུའུ་ལོགས་སུ་བགོས་ཏེ། འཕྲོད་བསྟེན་ལག་རྩལ་མི་སྣ3ཡོད་པ་དང་། སྤྱི་ལོ1958ལོ་ནས་སྤྱི་ལོ1962ལོའི་བར་ཝེ་ཀྲོའུ་གྲོང་རྡལ་དུ་རྔ་སྐྱོང་རྫོང་འཕྲོད་བསྟེན་རིམས་ནད་འགོག་པའི་ཙུའུ་བཙུགས་པ་དང་། འཕྲོད་བསྟེན་ལག་རྩལ་མི་སྣ10ཡོད། སྤྱི་ལོ1963ལོར་རིམས་ནད་འགོག་པའི་ཙུའུ་དེ་ཧྥེང་དབྱི་གྲོང་རྡལ་དུ་སྤོས་པ་དང་འཕྲོད་བསྟེན་ལག་རྩལ་མི་སྣ5ཡོད། སྤྱི་ལོ1967ལོར་རྫོང་མི་དམངས་སྨན་ཁང་དང་ཟླ་སྒྲིལ་བྱས་ཏེ་མིང་ལ་རྫོང་འཕྲོད་བསྟེན་རིམས་ནད་འགོག་བཅོས་ཁང་ཟེར་ཞིང་། སྤྱི་ལོ1972ལོར་འགོག་བཅོས་ཁང་ཕྱིར་འཐེན་ནས་མའོ་ཝུན་རྫོང་འཕྲོད་བསྟེན་རིམས་ནད་འགོག་པའི་ས་ཚིགས་བཙུགས་ཤིང་། མི་སྣ10རུ་འཕར། སྤྱི་ལོ1975ལོའི་སྔོན་དུ་རྫོང་རིམས་ནད་འགོག་པའི་ས་ཚིགས་དེ་རྫོང་མི་དམངས་སྨན་ཁང་དུ་བཀོད་སྒྲིག་བྱས་ཡོད། སྤྱི་ལོ1975ལོ་དང་སྤྱི་ལོ1978ལོའི་སྔ་ཕྱིར་རྫོང་གྲོང་གི་ཤར་སྒོར་ལས་དོན་སྒྲུབ་ཁང་གསར་དུ་བཙུགས། ལས་བཟོ་བའི་སྡོད་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2400དང་། རིམས་ནད་འགོག་རླངས་འཁོར1ཡོད། སྤྱི་ལོ1987ལོར་ས་ཚིགས་སུ་ནད་ཡམས་དང་། ས་གནས་ནད། བརྟག་བཤེར། འཕྲོད་བསྟེན་བཅས་ཁའོ་བཞི་དང་གཞུང་ལས་ཁང་། སྨན་བཅོས་ནད་སྐྱོང་། དོ་དམ་བཅས་ཀྱི་མི་སྣ24ཡོད།

སྤྱི་ལོ1988ལོར་ས་ཚིགས་སུ་རིམས་ནད་འགོག་པའི་ཁའོ་དང་། བཟའ་བཅའི་འཕྲོད་བསྟེན་ཁའོ། སློབ་གྲྭའི་འཕྲོད་བསྟེན་ཁའོ། ས་གནས་རིམས་འགོག་བཅོས་ཁའོ། བརྟག་བཤེར་ཁའོ། ནོར་དོན་ཁང་། གཞུང་ལས་ཁང་སོགས་བཀོད་སྒྲིག་བྱས་པ་དང་ལས་བཟོ་བ25ཡོད། སྤྱི་ལོ1989ལོའི་ཟླ8པར་མ་དངུལ་སྒོར་ཁྲི25བཏང་ནས་སྨི་གྲུ་བཞི་མ1490ཅན་གྱི་ལས་བཟོ་བའི་སྡོད་ཁང་འཛུགས་བསྐྲུན་བྱས་ཤིང་། སྤྱི་ལོ2000ལོར་མ་དངུལ་སྒོར་ཁྲི42བཏང་ནས་རྫོང་འཕྲོད་བསྟེན་ཅུས་དང་སྨི་གྲུ་བཞི་མ770ཅན་གྱི་གཞུང་ལས་སྒྲུབ་སའི་ཐོག་ཁང་མཉམ་བསྐྲུན་བྱས་ཤིང་། ཡང་མ་དངུལ་སྒོར་ཁྲི104དང་མ་དངུལ་རུབ་བསྡུས་བྱས་ཏེ་ཞག་སྡོད་ཐོག་ཁང་ཆ12སྨི་གྲུ་བཞི་མ1536བཙུགས། སྤྱི་ལོ2003ལོར་རིམས་ནད་འགོག་པའི་ཁའོ་དང་། ལྟ་ཞིབ་ཚད་ལེན་ཁའོ། བརྟག་བཤེར་ཁའོ། ནོར་དོན་ཁའོ། གཞུང་ལས་ཁང་སོགས་བཀོད་སྒྲིག་བྱས་པ་དང་ལས་བཟོ་བ21ཡོད། སྤྱི་ལོ2004ལོའི་ཟླ6པར་རིམས་ནད་འགོག་པའི་ས་ཚིགས་ཕྱིར་འཐེན་ནས་རྫོང་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་བཙུགས་པ་དང་། སྤྱི་ལོ2005ལོའི་ཟླ10པར་རྒྱལ་བུན་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི219.8ལ་བརྟེན་ནས་གྲོང་ལྷོའི་ཁུལ་ཆུང་དུ་སྨི་གྲུ་བཞི་མ2913ཡོད་པའི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་བཙུགས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-29

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།