སྐྱ་རོང་ཡུལ་ཚོའི་སློབ་ཆུང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ལོ1961ལོར་ཚོ་བཞི་ཡུལ་ཚོའི་སྲིད་གཞུང་སྐྱ་མགོ་མར་གནས་སྤོས་ཤིང་། ཡུལ་ཚོའི་མངའ་ཁོངས་ཀྱི་གྲོང་ཚོ་ཚ་རུ་མ་དང་སྐྱ་མགོ་མ། རོང་རུ་མ་གསུམ་དེ་ལུང་མ་ཁོག་ཏུ་གནས་སྤོས་བ་དང་སློབ་གྲྭ་ཡང་གཅིག་ཏུ་བསྡུས། རྗེས་སུ་ཚ་རུ་མ་ཡང་སྐྱ་མགོ་དགོན་ཏུ་ཕྱི་སྤོས་ཏེ་སློབ་གྲྭ་ཁག་གཉིས་སུ་བགོས་ཤིང་། སྤྱི་ལོ2001ལོའི་ཟླ10པར་སྲིད་འཛིན་མངའ་ཁོངས་དབྱེ་སྟངས་ལེགས་སྒྲིག་བྱས་རྗེས། ཚོ་བཞི་ཡུལ་ཚོ་དེ་ཚ་རུ་མ་ཡུལ་ཚོ་དང་སྐྱ་རོང་ཡུལ་ཚོ་གཉིས་སུ་བགོས་པ་དང་། སྐྱ་རོང་ཡུལ་ཚོའི་མངའ་ཁོངས་སུ་སྐྱ་མགོ་མ་དང་རོང་རུ་མ་བཅས་སྲིད་འཛིན་གྲོང་ཚོ་གཉིས་ཡོད། སློབ་གྲྭའི་མིང་ཡང་ཚོ་བཞི་ཡུལ་ཚོའི་སློབ་ཆུང་ནས་སྐྱ་རོང་ཡུལ་ཚོའི་སློབ་ཆུང་དུ་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
江茸乡小学
ཕྱི་ཡིག་གི་མིང་།
Primary School of JIANGRONG village
བཙུགས་ལོ།
སྤྱི་ལོ1961ལོར་བཙུགས།
རིགས་དབྱེ།
གཞུང་བཙུགས་བྱིས་པ་ཁང་།
གནས་ཡུལ།
སི་ཁྲོན་ཞིང་ཆེན་གྱི་ཧུང་ཡོན་རྫོང་སྐྱ་རོང་ཡུལ་ཚོའི་སྐྱ་རོང་མའི་གྲོང་ཚོར་གནས་ཡོད།
གཙོ་གཉེར་སྡེ་ཁག
ཧུང་ཡོན་རྫོང་སློབ་གསོ་ཅུས།
སློབ་སྒྲུབ་འདུ་ཤེས།
མི་རྩ་བར་འཛིན་པ་དང་། སློབ་མ་ལ་བརྩི་འཇོག སློབ་ཕྲུག་ལ་གཅེས་སྐྱོང་། སློབ་མ་ལ་སེམས་ཁུར། ཐམས་ཅད་སློབ་མའི་ཆེད་དུ་དང་སློབ་མ་ཐམས་ཅད་ཀྱི་ཆེད་དུ་ཡིན།
1 ​ངོ་སྤྲོད།

ཧུང་ཡོན་རྫོང་སྐྱ་རོང་ཡུལ་ཚོའི་སློབ་ཆུང་ནི་ཧུང་ཡོན་རྫོང་སྐྱ་རོང་ཡུལ་ཚོའི་སྐྱ་རོང་མ་གྲོང་ཚོར་གནས་ཡོད་ལ། རྫོང་ཁོངས་ཀྱི་ནུབ་ལྷོའི་ཕྱོགས་སུ་ཆགས་ཡོད་པ་དང་རྫོང་ཐོག་ནས་སྤྱི་ལེ70ལྷག་ཡོད། དེ་ནི་སྔར་སྲིད་འཛིན་མངའ་ཁོངས་དབྱེ་སྟངས་ལེགས་སྒྲིག་མ་བྱས་གོང་གི་ཚོ་བཞི་ཡུལ་ཚོའི་སློབ་ཆུང་ཞེས་པ་དེ་ཡིན་ལ། དེ་ནི་བཅའ་སྡོད་ལམ་ལུགས་ཀྱི་སློབ་ཆུང་ཞིག་ཡིན་པ་དང་། སྤྱི་ལོ2012ལོར་སློབ་གྲྭར་དགེ་བཟོ་བ13ཡོད། འཚོ་བའི་མཛུབ་སྟོན་དགེ་རྒན1དང་།  ཇ་མ1དང་བདེ་སྲུང་བ1ཡོད་པ་དང་། ཆེད་བསྐོས་དགེ་རྒན9དང་དངོས་གཞི་མཐར་ཕྱིན་པའི་དགེ་རྒན4ཡོད། སློབ་གྲྭར་སྐད་ཆ་བཤད་རེས་འཛིན་གྲྭ་དང་། ལོ་རིམ་དང་བོ། གཉིས་པ། གསུམ་པ་བཅས་ཀྱི་འཛིན་གྲྭ་བཞི་དང་སློབ་མ75ཡོད། སློབ་མའི་ཆ་སྙོམས་ལོ་ཚད་ནི་ལོ7ནས9བར་ཡིན། 

2 རྨང་གཞིའི་སྒྲིག་ཆས། 

སྤྱི་ལོ2007ལོར་སློབ་ཁྲིད་ཐོག་ཁང་གསར་དུ་བསྐྲུན་ཏེ་སློབ་མ་སློབ་ཁང་གསར་བའི་ནང་དུ་སྤོས་པ་དང་། སློབ་གྲྭར་རྒྱང་རིང་སློབ་གསོའི་གློག་སྤྱད་སློབ་ཁྲིད་ཁང་དང་། གློག་ཀླད4དང་། བརྒྱུད་ལམ་སྣེ་མང་སློབ་ཁང་། གློག་རྡུལ་དཀར་པང་སོགས་དེང་རབས་ཀྱི་སློབ་ཁྲིད་སྒྲིག་ཆས་ཡོད་པ་དང་། སློབ་རའི་རླུང་འཕྲིན་དྲ་བ་བཙུགས་ཏེ་རྒྱུད་ཁོངས་དྲ་སྦྲེལ་ལ་འབྲེལ་མཐུད་ཐུབ་པ་རེད།

3 སློབ་སྒྲུབ་ཐབས་ལམ།

སློབ་གྲྭས་རྣམ་པ་ཀུན་ཏུ་མི་རྩ་བར་འཛིན་རྒྱུ་དང་། སློབ་མ་ལ་བརྩི་འཇོག སློབ་ཕྲུག་ལ་གཅེས་སྐྱོང་། སློབ་མ་ལ་སེམས་ཁུར། ཐམས་ཅད་སློབ་མའི་ཆེད་དུ་དང་སློབ་མ་ཐམས་ཅད་ཀྱི་ཆེད་དུ་ཡིན་པའི་སློབ་གཉེར་འདུ་ཤེས་ཚིག་ཐོག་ཏུ་བཞག་ནས། བྱང་ཚད་སློབ་གསོར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། སློབ་གྲྭས་རྒྱལ་ཁབ་ཀྱི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་དང་། ཁྱོན་ཡོངས་ནས་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་མཐའ་འཁྱོངས་དང་སློབ་གསོ་སློབ་ཁྲིད་བསྒྱུར་བཅོས་དང་ཚན་རིག་ཞིབ་འཇུག་གིས་སློབ་གྲྭ་དར་རྒྱས་ཡོང་བའི་འགྲོ་ལམ་རྒྱུན་འཁྱོངས་བྱས་ནས། སྤུས་ཚད་ལ་བརྟེན་ནས་འཚོ་གནས་བྱེད་པར་བརྩོན་ནས་འཕེལ་རྒྱས་ཡོང་བར་བྱ་དགོས། སློབ་གྲྭས་ཀུན་སྤྱོད་སློབ་གསོ་གཙོ་བོ་བྱས་པ་དང་འཆམ་མཐུན་ངང་འཕེལ་རྒྱས་ཡོང་བའི་སློབ་གཉེར་ཁྱད་ཆོས་རགས་ཙམ་ཆགས་ཡོད། སློབ་གྲྭའི་སྲོལ་རྒྱུན་ནི་མཐུན་སྒྲིལ་དང་། མཉམ་སྒྲུབ། དངོས་གཉེར། འབུལ་བ་དང་། སློབ་སྲོལ་ནི་འབད་བརྩོན་དང་། བསམ་གཞིག ཤེས་རིག བློ་གདེང་བཅས་རྒྱུན་འཁྱོངས་བྱས་ཏེ། སློབ་གསོ་དེང་རབས་ཅན་དུ་འགྱུར་བའི་དམིགས་འབེན་མངོན་འགྱུར་ཡོང་ཆེད་འབད་བརྩོན་བྱེད་བཞིན་མཆིས།

4 གཡུར་ཟའི་གྲུབ་འབྲས། 

སློབ་གྲྭས་སྤུས་ཚད་ལ་བརྟེན་ནས་སློབ་གྲྭ་གཉེར་རྒྱུ་དང་། དོ་དམ་གིས་སློབ་གྲྭ་སྐྱོང་བ། ཚན་རིག་ཞིབ་འཇུག་གིས་སློབ་གྲྭ་དར་སྤེལ་གཏོང་བའི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས། ཀུན་སྤྱོད་སློབ་གསོ་སྲོག་ཤིང་དུ་འཛིན་རྒྱུ་དང་། སློབ་ཁྲིད་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སློབ་གསོར་ཤུགས་སྣོན་དང་སློབ་མ་ཕྱོགས་གང་ཅིའི་ཐད་ནས་གསོ་སྐྱོང་དང་ཁྱོན་ཡོངས་ནས་བྱང་ཚད་མཐོ་རུ་གཏོང་བར་མཐོང་ཆེན་བྱས་ཏེ། འགོ་ཁྲིད་རིམ་པ་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་དང་དགེ་སློབ་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག སློབ་གྲྭའི་ཕྱོགས་གང་ཅིའི་ཐད་ནས་སྤོབས་པ་སྐྱེ་འོས་པའི་གྲུབ་འབྲས་བླངས་པ་རེད། སྔ་རྗེས་སུ་ཧུང་ཡོན་རྫོང་གི་སྐབས་བཞི་པའི་སློབ་གྲྭ་འབྲིང་ཆུང་གི་སྒྱུ་རྩལ་མཉམ་གཞས་ཀྱི་བྱ་དགའ་ཨང་གསུམ་པ་དང་། ཕྱོགས་བསྡུས་ཕུལ་བྱུང་བྱ་དགའ། ཞབས་བྲོ་རྩ་འཛུགས་བྱ་དགའ་སོགས་གཟི་བརྗིད་མཚན་སྙན་ཐོབ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-19

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།