གཞུང་བ་དགོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཞུང་བ་དགོན།
གཞུང་བ་དགོན་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གཟི་རྩ་སྡེ་དགུ་རྫོང་གཞུང་བ་ཡུལ་ཚོ་གཞུང་བ་གྲོང་སྡེར་ཆགས་ཡོད། རྫོང་མཁར་དང་བར་ཐག་སྤྱི་ལེ91ཡོད། གཞུང་བ་ཡུལ་ཚོའི་སྲིད་གཞུང་དང་བར་ཐག་སྤྱི་ལེ7ཡོད། ས་སྐྱ་བའི་གྲུབ་མཐའ་ཞིག་ཡིན་ལ། མཚན་ཆ་ཚང་ལ་བདེ་ཆེན་ནོར་བུ་གླིང་ཟེར། ཆོས་གྲགས་བཟང་བོས་གསར་དུ་བཞེངས་པ་ཡིན་ལ། ལོ་རྒྱུས་སུ་མཛོད་དགེ་རྫོང་ཆོས་རྗེ་དགོན་གྱི་དགོན་ལག་ཅིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
གཞུང་བ་དགོན།
རྒྱ་ཡིག་གི་མིང་།
玉瓦寺
མཚན་རྒྱས་པ།
བདེ་ཆེན་ནོར་བུ་གླིང་།
གྲུབ་མཐའ།
ས་སྐྱ་བ།
གནས་ཡུལ།
སི་ཁྲོན་རྔ་བ་ཁུལ་གཟི་རྩ་སྡེ་དགུ་རྫོང་།
1 ​ངོ་སྤྲོད་རགས་བསྡུས།

གཞུང་བ་དགོན་ནི་ཆོས་གྲགས་བཟང་བོས་གསར་དུ་བཏབ་པའི་ས་སྐྱ་བའི་དགོན་པ་ཞིག་ཡིན་ལ། ལོ་རྒྱུས་སུ་མཛོད་དགེ་རྫོང་ཆོས་རྗེ་དགོན་པའི་དགོན་ལག་ཅིག་ཡིན། བཤད་རྒྱུན་དུ། ཁམས་པའི་སྐྱེས་ཆེན་ཆོས་གྲགས་བཟང་བོས་ཨ་མདོ་ས་ཆར་དགོན་པ108བཞེངས་སྐབས། གཞུང་བ་ལུང་མདོ་ནས་མཚན་གཅིག་ལ་སྐུ་ངལ་གསོས། ཕྱི་ཉིན་ཞོགས་པར། ལུང་བ་འདི་རུ་རི་བོ་རྩ་ཆེན་ཞིག་ཡོད་ལ། རི་འདབས་སུ་དགོན་པ་བཏབ་ན་རྒྱ་བོད་མི་སེར་ཀུན་ལ་ཕན་ཐོགས་པ་རེད། ངས་དགོན་པའི་མཚན་ལ་བདེ་ཆེན་ནོར་བུ་གླིང་དུ་འདོགས་ཅེས་གསུངས།  མི་སེར་རྒྱལ་ཁབ་དུས་སྐབས་ཀྱི་ལོ་མཇུག་ཏུ་དགོན་པར་མེ་ཤོར་ནས་བསྐྱར་དུ་མི་བཞེངས་ཀ་མེད་བྱུང་། དམངས་གཙོ་བཅོས་སྒྱུར་སྐབས་སུ། འདུ་ཁང་དང་ཇ་ཁང་། མཛོད་ཁང་། མགྲོན་ཁང་སོགས་ཡོད་ལ། གྲྭ་ཤག20ཡོད།  དགོན་པས་ས་མུའུ15ཟིན་ཡོད། རིག་དངོས་ཆོས་ཆས800ལྷག་ཡོད། བླ་མ་གཅིག་དང་གྲྭ་བ35ཡོད། དམངས་གཙོ་བཅོས་སྒྱུར་རྗེས་ནས་རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ། འདུ་ཁང་ནི་སློབ་གྲྭར་བསྒྱུར་བ་དང་། ཁང་བ་གཞན་པ་ཚང་མ་བཤིགས་པ་དང་རིག་དངོས་ཆོས་ཆས་མང་ཆེ་བ་བོར་སྟོར་བྱུང་། སྤྱི་ལོ1987ལོར་སྲིད་གཞུང་གིས་ཆོས་སྒོ་ཕྱེ་བའི་ཆོག་མཆན་འཐོབ། སྤྱི་ལོ1995ལོར་རྒྱལ་ཁབ་ཀྱིས་རོགས་སྐྱོར་བྱས་ཏེ་འདུ་ཁང་ཆེན་མོ་དང་ཇ་ཁང་། གྲྭ་བ4བཅས་གསར་དུ་བཞེངས་པ་རེད།

2 སྐྱེས་བུ་དམ་པ།

དགོན་པའི་ལོ་རྒྱུས་སུ་གྲགས་པ་དང་སངས་རྒྱས་རྒྱ་མཚོ། བརྩོན་འགྲུས། མཁྱེན་བརྩེ། འཕྲིན་ལས། ངག་དབང་དཀོན་མཆོག ངག་དབང་བསོད་ནམས། པད་མ་འཕྲིན་ལས་སོགས་སྐྱེས་བུ་དམ་པ་བྱུང་མྱོང་། དགོན་པར་གྲྭ་བ་ཆེས་མང་དུས35དང་ཆེས་ཉུང་དུས20ཡོད།


བརྡ་འགྲེལ་གདོང་འཛར།

གཞུང་བ་དགོན། གྲུབ་མཐའ། འདོན་ཆོས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-16

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།