ཧུང་ཡོན་རྫོང་མི་དམངས་སྨན་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧུང་ཡོན་རྫོང་མི་དམངས་སྨན་ཁང་ནི་སྤྱི་ལོ1960ལོའི་ཟླ3པར་ཧུ་ར་མ་ད་ལྟའི་ཁྱུང་མཆུ་གྲོང་རྡལ་དུ་གནས་སྤོ་བྱས་ནས་མིང་ལ་ཧུང་ཡོན་རྫོང་མི་དམངས་སྨན་ཁང་ཟེར་ཞིང་། སྨན་ཁང་འདིའི་རྨང་གཞིའི་སྒྲིག་བཀོད་དང་མི་སྣ་མང་ཤོག་ནི་ལིས་རྫོང་མི་དམངས་སྨན་ཁང་ནས་ལྷ་རྒྱལ་གླིང་དུ་གནས་སྤོས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
红原县人民医院
བཙུགས་ལོ།
སྤྱི་ལོ1960ལོའི་ཟླ3པ།
གནས་ཡུལ།
ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ།
ཁོངས་གཏོགས།
ཧུང་ཡོན་རྫོང་འཕྲོད་བསྟེན་ཅུས།
1 ངོ་སྤྲོད།

ཧུང་ཡོན་རྫོང་མི་དམངས་སྨན་ཁང་ནི་སྔར་གྱི་ལིས་རྫོང་མི་དམངས་སྨན་ཁང་ཡིན་པ་དང་། སྤྱི་ལོ1958ལོའི་ཟླ5བར་ལིས་རྫོང་མི་དམངས་སྨན་ཁང་གི་མི་སྣ་དང་སྒྲིག་ཆས་ལྷ་རྒྱལ་གླིང་དུ་གནས་སྤོ་བྱས་ནས་གྲུབ། སྤྱི་ལོ1960ལོའི་ཟླ12པར་ཧུང་ཡོན་རྫོང་མི་དམངས་སྨན་ཁང་དུ་བསྒྱུར། སྤྱི་ལོ1969ལོར་རྫོང་མི་དམངས་སྨན་ཁང་དང་འཕྲོད་བསྟེན་རིམས་འགོག་ཚོ་ཁག་མཉམ་འདྲེས་བྱས་ནས། རྫོང་མི་དམངས་འཕྲོད་བསྟེན་འགོག་བཅོས་ཁང་དུ་བསྒྱུར། སྤྱི་ལོ1974ལོར་རྫོང་མི་དམངས་སྲིད་གཞུང་གིས་མིང་བསྐྱར་གསོ་བྱས། སྤྱི་ལོ1979ལོར་སྨན་ཁང་གི་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གཏོར་ནས་ཡོན་ཀྲང་གིས་སྲིད་འཛིན་དང་ལས་སྒོའི་ལས་ཀའི་འགན་ཁུར།

2 རྨང་གཞིའི་སྒྲིག་བཀོད། 

སྤྱི་ལོ2005ལོར་ཧུང་ཡོན་རྫོང་མི་དམངས་སྨན་ཁང་གི་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི2.8ཡོད། ལས་སྒོའི་ཐོག་ཏུ་བེད་སྤྱོད་བྱེད་པའི་ཁང་བའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ4961ཡོད་པ་དང་། ལས་བཟོ་བ76ཡོད། དེའི་ཁྲོད་དུ་འབྲིང་རིམ་གྱི་གོ་མིང་ཐོབ་མཁན15དང་། མཐོ་རིམ་གཞོན་པའི་གོ་མིང་ཡོད་པའི་སྨན་པ6བཅས་ཡོད། བེད་སྤྱོད་བྱེད་པའི་ཉལ་ཁྲི71ཡོད། ཡོན་ཀྲང་གཞུང་ལས་ཁང་དང་། སྒོ་བསྟེན་སྨན་བཅོས་པུའུ། ནད་པའི་སྡོད་ཁང་པུའུ་སོགས་ཡོད། སྒོ་བསྟེན་པུའུ་ནང་དུ་ཁོག་ནད་ཚན་ཁག་དང་། ཕྱི་ནད་ཚན་ཁག མོ་ནད་ཚན་ཁག བྱིས་ནད་ཚན་ཁག དབང་ལྔའི་ཚན་ཁག ཁའི་སྦུག་ཚན་ཁག ཀྲུང་ལུགས་ཚན་ཁག བརྟག་དཔྱད་ཚན་ཁག འཕྲོ་འོད་ཚན་ཁག ནུས་པ་ལྟ་ཞིབ་ཁང་། ཕྱི་ལུགས་སྨན་བཅོས་ཁང་། སྒོ་བསྟེན་སྨན་བཅོས་ཁང་བཅས་འདུས་ཡོད། ནད་པའི་སྡོད་ཁང་པུའུ་ཡི་ནང་དུ་ཕྱི་ནད་ཚན་ཁག་དང་ཁོག་ནད་ཚན་ཁག་གཉིས་ཡོད། ཚན་ཁག་གཉིས་འོག་ཏུ་ད་རུང་ཚན་ཁག་ཆུང་བ་མང་བོ་བགོས་ཡོད། སྤྱི་ལོ1992ལོ་ནས2005ལོའི་བར་རྫོང་མི་དམངས་སྨན་ཁང་གིས་སྨན་རྩལ་ཐོག་ཁང་དང་། གཤགས་བཅོས་ཁང་། མཁོ་སྤྲོད་ཁང་། སྡོད་ཤག་ཐོག་ཁང་གཉིས། སྒོ་བསྟེན་སྨན་བཅོས་ཐོག་ཁང་ཉམས་གསོ། ནད་པ་སྡོད་ཁང་དང་འགོས་ནད་སྡོད་ཁུལ་བཅོས་སྐྲུན་རྒྱ་བསྐྱེད། ལེགས་སྒྲིག་ལས་སྤེལ་ཁུལ་བཅས་ཡོད། སྨན་ཁང་གི་རྒྱ་ཁྱོན་དང་ཕན་ནུས། ཆུ་ཚད་སོགས་གོང་སྤེལ་ཡར་རྒྱས་ཆེན་པོ་བྱུང་། ཧའོ་ཨན500ཡིXའཕྲོའི་འོད་འཕྲུལ་ཆས་དང་། Bརྟགས་ཅན་གྱི་ཚད་འདས་སྒྲ་རླབས་རྟོག་ཆས། རླབས་ཕྲན་སྨན་བཅོས་འཕྲུལ་ཆས། སྤྲི་དཀར་གློག་འབྱེད་འཕྲུལ་ཆས། རང་འགུལ་ཕྱེད་ཙམ་གྱི་སྐྱེ་དངོས་རྫས་འགྱུར་གྱི་འཕྲུལ་ཆས། ཁྲག་རིལ་བརྩིས་ལེན་འཕྲུལ་ཆས། ཆན་ཝེ་ཕོ་ཤེལ་སོགས་དེང་རབས་ཀྱི་འཕྲུལ་ཆས་མང་བོ་སྒྲིག་བཀོད་བྱས། 

3 སྨན་ཁང་གི་འཕེལ་རྒྱས། 

སྤྱི་ལོ1958ལོའི་ཟླ5བར་ལིས་རྫོང་མི་དམངས་སྨན་ཁང་དེ་ལྷ་རྒྱལ་གླིང་དུ་གནས་སྤོ་བྱས་ནས་བཙུགས། སྤྱི་ལོ1960ལོའི་ཟླ12པར་མིང་ལ་ཧུང་ཡོན་མི་དམངས་སྨན་ཁང་ཞེས་བཏགས། སྤྱི་ལོ1991ལོར་སྨན་ཁང་ཡོངས་ཀྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི2.7ལྷག་ཡོད། བཟོ་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ5115ཡོད། སྒོ་བསྟེན་སྨན་བཅོས་པུའུ་རུ་ཚན་ཁག་ཉུང་བ་དང་། སྨན་ཁང་ཡོངས་ལ་ནད་པའི་ཉལ་ཁྲི40ལས་མ་གཏོགས་མེད། ལས་བཟོ་བ66ཡོད། དེའི་ནང་དུ་ཀྲུའུ་རེན་སྨན་པ་གཞོན་པ1ཡན་དང་གཙོ་བཅོས་སྨན་པ5དང་། དམའ་རིམ་གོ་མིང་ཐོབ་མཁན47བཅས་ཡོད། ཧའོ་ཨན200ཡིXའཕྲོའི་འོད་འཕྲུལ་ཆས་གཅིག་དང་བེད་སྤྱོད་བྱེད་ཚད་ནི་བརྒྱ་ཆའི60ཡིན། Bརྟགས་ཅན་གྱི་ཚད་འདས་སྒྲ་རླབས་རྟོག་ཆས་གཅིག་ལས་མེད། དེ་མིན་གཞན་པའི་དེང་རབས་ཀྱི་འཕྲུལ་ཆས་མེད་པའམ་ཡང་ན་གྲངས་ཀ་ཧ་ཅང་ཉུང་བ་མ་ཟད། བེད་སྤྱོད་བྱེད་ཚད་ཡང་དམའ་བ་རེད། སྤྱི་ལོ1992ལོར་ལས་བཟོ་བ་མི63ཡོད། དེའི་ཁྲོད་དུ་འབྲིང་རིམ་གོ་མིང་ཐོབ་མཁན་མི4དང་མཐོ་རིམ་གཞོན་པའི་གོ་མིང་ཐོབ་མཁན་མི1ཡོད། ལོ་རེར་སྒོ་བསྟེན་སྨན་བཅོས་བྱེད་ཐེངས་ནི་ཁྲི2.20དང་ནད་པ་སྨན་ཁང་དུ་སྡོད་པའི་མི་ཐེངས1100ཡིན། སྤྱི་ལོ1996ལོར་ནད་པའི་ཉལ་ཁྲི་60ཡོད། སྤྱི་ལོ2005ལོར་ལས་བཟོ་བ76ཡོད། དེའི་ནང་དུ་མི15ལ་འབྲིང་རིམ་གོ་མིང་ཐོབ་ཡོད་པ་དང་མི6ལ་མཐོ་རིམ་གཞོན་པའི་གོ་མིང་ཐོབ་ཡོད། ནད་པའི་ཉལ་ཁྲི71ཡོད། སྨན་ཁང་གི་རྨང་གཞིའི་སྒྲིག་བཀོད་དང་སྨན་བཅོས་འཕྲུལ་ཆས་སོགས་ཕྱོགས་གང་ཐད་ནས་བཤད་ན་ཡང་གོང་འཕེལ་ཤིན་ཏུ་ཆེན་པོ་བྱུང་ཡོད། ལོ་རེར་སྒོ་བསྟེན་སྨན་བཅོས་བྱེད་ཐེངས་ཡང་ཁྲི3.52ཡོད་པ་དང་ནད་པ་སྨན་ཁང་དུ་སྡོད་པའི་མི་ཐེངས1820ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-12

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།