ཆོས་རྗེ་ཡུལ་ཚོ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཆོས་རྗེ་ཡུལ་ཚོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(སི་ཁྲོན་གྱི་ས་ཆ་ཞིག)

ཆོས་རྗེ་ཡུལ་ཚོ།
ཆོས་རྗེ་ཡུལ་ཚོ་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་གི་རྫོང་མཁར་གྱི་ཤར་རྒྱུད་དུ་གནས་ཤིང་། ཤར་ནི་གཟི་རྩ་སྡེ་དགུ་རྫོང་གི་ཏ་ལུའུ་ཡུལ་ཚོ་ལ་འབྲེལ་ཡོད། ལྷོ་ནི་བབ་བཟོ་ཡུལ་ཚོ་ལ་འབྲེལ་ཡོད། ནུབ་ནི་དཔལ་སྐྱིད་ཡུལ་ཚོ་དང་ཨ་སྐྱིད་རོང་ཡུལ་ཚོ་ལ་འབྲེལ་ཡོད། བྱང་ནི་ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་གི་ཏ་ལ་ཡུལ་ཚོ་དང་ཨ་ཞ་ཡུལ་ཚོ་ལ་འབྲེལ་ཡོད། མཚོ་འཕགས་ལ་ཆ་སྙོམས་སྨི2710ཡོད། མཛོད་གཟི་གཞུང་ལམ(མཛོད་དགེ་ནས་གཟི་རྩ་སྡེ་དགུའི་ལམ)མངའ་ཁོངས་ཡོངས་སུ་བརྒྱུད་ཡོད། གཟི་རྩའི་སྐོར་རྒྱུད་ཀྱི་ཡུལ་གྲོང་གལ་ཆེན་ཞིག་ཡིན། ཡུལ་ཚོའི་སྲིད་གཞུང་གནས་ས་ནི་རྫོང་མཁར་དང་བར་ཐག་སྤྱི་ལེ48ཡོད། ཡུལ་ཚོ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ496.76ཡོད། དེའི་ཁྲོད་རྨོ་ཞིང་གི་རྒྱ་ཁྱོན་ལ་སྤྱི་ཆིང396.33ཡོད། ནགས་ཚལ་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི2.73ཡོད། རྩྭ་སའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི1.86ཡོད། རྨོ་བསྐྱུར་ནགས(རྩྭ)འཛུགས་རྒྱ་ཁྱོན་ལ་སྤྱི་ཆིང39.64ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཆོས་རྗེ་ཡུལ་ཚོ།
རྒྱ་ཡིག་གི་མིང་།
求吉乡
ས་ཁུལ་གང་དུ་གཏོགས་པ།
སི་ཁྲོན་རྔ་བ་ཁུལ་མཛོད་དགེ་རྫོང་།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0837
སྦྲག་སྲིད་ཨང་རྟགས།
624500
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ496.76ཡོད།
མི་གྲངས།
3536ཡོད།
1 ངོ་སྤྲོད་རགས་བསྡུས།

ཆོས་རྗེ་ནི་ཆོས་ཀྱི་རྒྱལ་བོ་ཞེས་པ་ཡིན་ལ། ཡུལ་དེ་གའི་ཆོས་རྗེ་དགོན་པ་ནི་སྤྱི་ལོ1200ལོར་གསར་དུ་བཞེངས་པ་ཡིན་ལ། དགོན་པ་འདི་ཡི་མིང་ནི་དགོན་པ་གསར་བཞེང་མཁན་བླ་མ་ཆོས་གྲགས་བཟང་བོ་ལས་བྱུང་བ་ཡིན། ཆོས་རྗེ་དགོན་པ་ནི་ས་སྐྱ་བའི་གྲུབ་མཐའ་ཞིག་ཡིན་ལ། དགོན་པ་དེས་ཆོས་རྗེ་ཤོག་ཁག་ལ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ལག་ཏུ་བསྟར་བ་རེད། སྤྱི་ལོ1958ལོར་དམངས་གཙོ་བཅོས་སྒྱུར་བྱས་རྗེས་ཡུལ་ཚོ་མི་དམངས་ལྷན་ཁང་བཙུགས། སྤྱི་ལོ1961ལོར་སྒུར་བ་ཡུལ་ཚོ་མེད་པར་བཟོས་ཏེ་ཆོས་རྗེ་ཡུལ་ཚོའི་མངའ་ཁོངས་སུ་བཀོད། གྲོ་ཚང་ཡུལ་ཚོ་མེད་པར་བཟོས་ཏེ་བྱང་རྩེ་སྟོད་པ་གྲོང་སྡེ་ཆོས་རྗེ་ཡུལ་ཚོའི་མངའ་ཁོངས་སུ་བཀོད། སྤྱི་ལོ1966ལོའི་ཟླ10བའི་ཚེས1ཉིན་ཆོས་རྗེ་མི་དམངས་ཀུང་ཧྲེ་བཙུགས། སྤྱི་ལོ1968ལོར་དར་དམར་ཀུང་ཧྲེ་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས། སྤྱི་ལོ1978ལོར་དར་དམར་ཀུང་ཧྲེང་དེ་ཆོས་རྗེ་ཀུང་ཧྲེ་རུ་བསྒྱུར་བ་རེད། ད་ལྟ། ཆོས་རྗེ་ཡུལ་ཚོའི་མངའ་ཁོངས་སུ་དི་ཧ་གཞོང་དང་སྒར་བ། བྱང་རྩེ་སྨད་མ།  སྒུར་བ། རྒྱ་རྗེས། བྱང་རྩེ་སྟོད་པ། དམར་ཚང་བཅས་སྲིད་འཛིན་གྲོང་སྡེ7ཡོད། དེ་མིན་མངའ་ཁོངས་སུ་བོད་བརྒྱུད་ནང་བསྟན་གྱི་དགོན་པ་སྟེ་ས་སྐྱ་དགོན་པ་དང་བོན་པོའི་དགོན་པ་སྟེ་དགོན་པ་ཡོད།

རི་མཐོ་ལུང་ཟབ་ཀྱི་ཡུལ་ཞིག་ཡིན་ལ། ཤར་ནུབ་ལྷོ་གསུམ་གྱི་རི་བོ་ཅུང་མཐོ་ལ།  བྱང་ཕྱོགས་རི་བོ་ཅུང་དམའ་བ་རེད། དཔལ་སྐྱིད་ཆུ་བོ་དང་བབ་བཟོའི་ཆུ་བོ་ནི་དཔལ་སྐྱིད་གློག་ཁང་གི་རགས་ཁ་ནས་གཅིག་ཏུ་འདྲེས་ཡོད། མངའ་ཁོངས་སུ་ཕན་ཀྲུའུགནའ་མཁར(ཡོན་རྒྱལ་རབས)དང་རན་ཨན་གནའ་མཁར(མིང་རྒྱལ་རབས)གྱི་རྗེས་ཤུལ་དང་། གསར་བརྗེ་གནས་ཪྙིང་རྗེས་ཤུལ་ལ་ཆོས་རྗེ་དགོན་པའི་ནུབ་བྱང་ཅུས་གྲོས་གྲོས་ཚོགས་དང་དམར་དམག་ཕྱོགས་ཁག་བཞི་བའི་དམག་དཔུང་བཞི་བའི་སྨན་ཁང་། ཀེ་ཀཱ་རི་བོའི་མཁར་རྫོངས། བབ་བཟོའི་འཐབ་འཁྲུག་གི་ཆོས་རྗེ་དགོན་པའི་འཐབ་ར། དམར་དམག་གི་གཙོ་ཤུགས་ཆེན་པོ་གསུམ་བྱང་སྐྱོད་ཀྱི་བགྲོད་ལམ་གཙོ་བོ་འི་ཤུལ་ཪྙིང་སོགས་ཡོད། རྨོ་ཞིང་དུ་གྲོ་དང་ནས། སྲན་མ། གཞོག་ཁོག ལོ་མ་སོགས་འདེབས་བཞིན་ཡོད།

2 མི་གྲངས།

སྤྱི་ལོ2010ལོར་མི་གྲངས་ཞིབ་རྩིས་ལྟར་ན། ཡུལ་ཚོ་ཡོངས་སུ་ཁྱིམ་ཚང795དང་མི3536ཡོད། དེའི་ཁྲོད་ཞིང་ལས་མིན་པའི་མི་གྲངས250དང་། ཞིང་ལས་མི་གྲངས3286ཡོད། སྐྱེས་པ1786དང་སྐྱེས་མ1750ཡོད།

3 དཔལ་འབྱོར་ཡོང་འབབ།

བོད་ཕག་འཚོ་སྐྱོང་ཐད། ཏང་ཀྲུ་པུའུ་དང་མཉམ་ལས་ཁང་། ཁྱིམ་ཚང་བཅས་ཀྱིས་མཉམ་དུ་འཚོ་སྐྱོང་གི་རྣམ་པ་མུ་མཐུད་དུ་ལག་ཏུ་བསྟར་ཅིང་། རང་བཙའ་རང་གསོའི་ཐབས་ཤེས་སྤྱད་དེ་མ་རྩ་ཇེ་དམའ་རུ་བཏང་ཞིང་ཡོང་འབབ་ཇེ་མང་དུ་འཕར་དུ་བཅུག ཡུལ་ཚོ་ཡོངས་ཀྱི་ཁྱིམ་ཚང538ཀྱིས་བོད་ཕག4587གསོས་ཡོད་ལ། དཔལ་འབྱོར་ཡོང་འབབ་སྒོར་ཁྲི420མངོན་དུ་གྱུར། 2010ལོར་ཞིང་གྲོང་དཔལ་འབྱོར་ཡོང་འབབ་སྡོམ་རྩིས་ལྟར་ན། ཡུལ་ཚོ་ཡོངས་ལ་ཞིང་གྲོང་དཔལ་འབྱོར་ཡོང་འབབ་སྒོར་ཁྲི1254.3ཡོད་ལ། དེའི་ཁྲོད་ཞིང་ལས་ཡོང་འབབ་སྒོར་ཁྲི278ཡོད། ཕྱུགས་ལས་ཡོང་འབབ་སྒོར་ཁྲི565ཡོད། ཐོན་ལས་གཉིས་པའི་ཡོང་འབབ་སྒོར་ཁྲི6ཡོད། ཐོན་ལས་གསུམ་པའི་ཡོང་འབབ་སྒོར་ཁྲི163ཡོད། མི་རེའི་ཆ་སྙོམས་ཡོང་འབབ་ལ་སྒོར3586ཡོད། ལོ་གོང་མ་དང་བསྡུར་ན་སྒོར580ཇེ་མང་དུ་སོང་ཡོད།

4 སློབ་གསོ་འཕྲོད་བསྟེན།

སྤྱི་ལོ2005ལོར་ཡུལ་ཚོ་ཡོངས་ལ་སློབ་གྲྭ5ཡོད་དེ། དེའི་ཁྲོད་ལྟེ་གནས་སློབ་ཆུང1དང་། གྲོང་སྡེའི་སློབ་ཆུང4ཡོད། དགེ་རྒན་དང་ལས་བཟོ་བ34ཡོད། སློབ་མ462ཡོད། སྤྱི་ལོ2010ལོར་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་བརྒྱ་ཆའི100ཡིན་ལ།  དམའ་འབྲིང་དུ་སློབ་གྲྭར་ཞུགས་ཚད་བརྒྱ་ཆའི98.76ཡིན། ན་གཞོན་དར་མར་ཡིག་རྨོངས་སེལ་ཚད་བརྒྱ་ཆའི98ལ་བསླེབས་ཡོད། ཡུལ་ཚོའི་འཕྲོད་བསྟེན་ཁང་གཅིག་ཡོད་ལ། སྨན་བཅོས་མི་སྣ5ཡོད། ལོ་དེར་སྒོ་སྟེན་དུ་མི་ཐེངས3000ལ་སྨན་བཅོས་བྱས། སྤྱི་ལོ2010ལོར་རྣམ་གསར་ཞིང་གྲོང་མཉམ་ལས་སྨན་བཅོས་སུ་ཁྱིམ་ཚང612དང་མི3227ཞུགས་ཡོད་ལ། ཞུགས་ཚད་བརྒྱ་ཆའི99ཡིན། དེ་མིན་རྣམ་གསར་ཞིང་གྲོང་སྤྱི་ཚོགས་རྒན་གསོའི་ཉེན་འགོག་འགན་ལེན་སྤེལ་ནས། ཞིང་གྲོང་རྒན་གསོའི་ཉེན་འགོག་འགན་ལེན་དུ་མི2158ཞུགས་ཡོད་པས། ཞུགས་ཚད་བརྒྱ་ཆའི100ལ་བསླེབས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-16

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།