དཔལ་སྐྱིད་ཡུལ་ཚོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དཔལ་སྐྱིད་ཡུལ་ཚོ།
དཔལ་སྐྱིད་ཡུལ་ཚོ་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་གི་རྫོང་མཁར་གྱི་ཤར་ལྷོའི་རྒྱུད་དང་གཟི་རྩ་སྡེ་དགུའི་ལྗོངས་སྐོར་ལམ་རྒྱུད་དུ་ཆགས་ཡོད། ཤར་ནི་བབ་བཟོ་ཡུལ་ཚོ་ལ་འབྲེལ་ཡོད། ནུབ་ནི་བན་ཡུ་ཡུལ་ཚོ་ལ་འབྲེལ་ཡོད། ནུབ་བྱང་ནི་ཨ་སྐྱིད་རོང་ཡུལ་ཚོ་ལ་འབྲེལ་ཡོད། ཤར་བྱང་ནི་ཆོས་རྗེ་ཡུལ་ཚོ་ལ་འབྲེལ་ཡོད། མཚོ་འཕགས་ལ་སྨི2950ཡོད། ཡུལ་ཚོའི་སྲིད་གཞུང་གནས་ས་འཕྲང་ངན་སྡེ་བ་ནས་ནུབ་ཕྱོགས་སུ་རྫོང་མཁར་དང་བར་ཐག་སྤྱི་ལེ30ཡོད། བྱང་ནས་ཆོས་རྗེ་ཡུལ་ཚོ་དང་བར་ཐག་སྤྱི་ལེ18ཡོད། གཟི་རྩ་སྡེ་དགུ་རྫོང་གི་ལྗོངས་སྐོར་མཛེས་ལྗོངས་ལྷ་བབ་རྫིང་བུ་དང་བར་ཐག་སྤྱི་ལེ80ཡོད། མངའ་ཁོངས་སུ་ཆགས་པའི་རི་བོ་ཨ་བོ་སྒུར་ཁ་ཡི་མཚོ་འཕགས་ལ་སྨི3300ཡོད་ལ། དེ་ནི་མཛོད་དགེ་རྫོང་གི་འབྲོག་ཁུལ་དང་རོང་མ་འབྲོག་གི་དབྱེ་མཚམས་འབྱེད་པའི་རི་བོ་ཞིག་ཡིན། ས་བབ་ནི་ནུབ་ལྷོ་ནས་ཤར་བྱང་དུ་ཇེ་དམའ་རུ་སོང་ཡོད། ཡུལ་ཚོ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ215.48ཡོད། རྩྭ་ཐང་གི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི1.12ཡོད། ནགས་ཚལ་རྒྱ་ཁྱོན་ལ་སྤྱི་ཆིང6409.2ཡོད། རྨོ་བསྐྱུར་ནགས་འཛུགས་རྒྱ་ཁྱོན་ལ་སྤྱི་ཆིང149ཡོད། རྨོ་ཞིང་གི་རྒྱ་ཁྱོན་ལ་སྤྱི་ཆིང332.54ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
དཔལ་སྐྱིད་ཡུལ་ཚོ།
རྒྱ་ཡིག་གི་མིང་།
巴西乡
ས་ཁུལ་གང་དུ་གཏོགས་པ།
སི་ཁྲོན་རྔ་བ་ཁུལ་མཛོད་དགེ་རྫོང་།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0837
སྦྲག་སྲིད་ཨང་རྟགས།
624500
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ215.48ཡོད།
མི་གྲངས།
1696ཡོད།
1 ​ངོ་སྤྲོད་རགས་བསྡུས།

དམར་དམག་རྒྱང་སྐྱོད་བྱེད་སྐབས། སྤྱི་ལོ1935ལོར། རླབས་ཆེན་མའོ་ཀྲུའུ་ཞི་ཡིས་དབུ་ཁྲིད་མཛད་པའི་ཀྲུང་གོའི་བཟོ་ཞིང་དམར་དམག་གནས་འདི་རུ་འབྱོར་བར་མ་ཟད།  ཏང་ཀྲུང་དབྱང་གིས་དཔལ་སྐྱིད་གྲོས་ཚོགས་འཚོགས། བཅིངས་འགྲོལ་མ་བྱས་གོང་། དཔལ་སྐྱིད་ནི་བབ་བཟོ་ཡི་ཁོངས་སུ་གཏོགས། སྤྱི་ལོ1958ལོར་དམངས་གཙོ་བཅོས་སྒྱུར་བྱས་རྗེས་ཡུལ་ཚོ་བཙུགས་ཤིང་སྲིད་དབང་སྤྲད། སྐབས་དེར་ཡུལ་ཚོ་ནི་བན་ཡུ་དགོན་པར་ཆགས་ཡོད། སྤྱི་ལོ1961ལོར་ཡུལ་ཚོ་དེ་འཕྲང་ངན་སྡེ་བར་གནས་སྤར་བ་རེད། སྤྱི་ལོ1968ལོར་དཔལ་སྐྱིད་ཡུལ་ཚོ་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས།  སྤྱི་ལོ1971ལོར་དཔལ་སྐྱིད་མི་དམངས་ཀུང་ཧྲེ་བཙུགས། ད་ལྟ་དཔལ་སྐྱིད་ཡུལ་ཚོའི་མངའ་ཁོངས་སུ་དཔལ་སྐྱིད་དང་ཨ་ངང་། དཔལ་སྐྱིད་སྟོད་པ། ཡང་ངོ་བཅས་སྲིད་འཛིན་གྲོང་སྡེ4དང་རང་བྱུང་གི་རུ་སྐོར13ཡོད། དཔལ་སྐྱིད་སློབ་འབྲིང་། ནགས་ཚལ་བདག་གཉེར་སུའོ་དང་སྤྱི་བདེ་མངག་གཏོང་ཁང་། ནགས་ལས་ལས་སྒྲུབ་ས་ཚིགས། འཕྲོད་བསྟེན་ཁང་། འབྲུ་མཛོད་ཁང་། ཞིང་ལས་ལག་རྩལ་ས་ཚིགས། ཡིད་རྟོན་དངུལ་ཁང་། སྦྲག་སྲིད་སུའོ། སྒོ་ཕྱུགས་འགོག་ཁབ་ས་ཚིགས། གཞུང་ལམ་ཞིག་གསོ་ས་ཚིགས་སོགས་ལས་ཁུངས14ཡོད། དེ་མིན་བོད་བརྒྱུད་ནང་བསྟན་གྱི་ས་སྐྱ་བའི་དགོན་པ་སྟེ་བན་ཡུ་དགོན་པ་ཡོད།

2  མི་གྲངས།

སྤྱི་ལོ2010ལོར་མི་གྲངས་ཞིབ་རྩིས་བྱས་པ་ལྟར་ན། ཡུལ་ཚོ་ཡོངས་ལ་ཁྱིམ་ཚང456དང་མི1696ཡོད། དེའི་ཁྲོད་ཞིང་ལས་མིན་པའི་མི་གྲངས216དང་། ཞིང་ལས་མི་གྲངས1480ཡོད། སྐྱེས་པ805དང་སྐྱེས་མ891ཡོད།

3 དཔལ་འབྱོར་ཡོང་འབབ།

འབྲུ་རིགས་ལ་གཙོ་བོར་ནས་དང་གྲོ། ཡུངས་དཀར་བཅས་ཡིན། ཡུངས་དཀར་ནི་དཔལ་འབྱོར་ཡོང་འབབ་ཆེས་བཟང་བོ་ཞིག་ཡིན། དམར་དམག་རྒྱང་སྐྱོད་བྱེད་སྐབས་འཚོགས་པའི་དཔལ་སྐྱིད་གྲོས་ཚོགས་ཀྱི་རྗེས་ཤུལ་ཡང་གནས་འདི་རུ་ཡོད་ལ། རྒྱལ་ཁབ་ཀྱི་གསར་བརྗེའི་གནས་ཪྙིང་ལྗོངས་སྐོར་མཛེས་ལྗོངས་གལ་ཆེན་ཞིག་ཀྱང་ཡིན།  སྤྱི་ལོ2009ལོ་ལ་མཚོན་ན་སྒོ་ཕྱུགས7826ཡོད།

སྤྱི་ལོ2010ལོར་དཔལ་འབྱོར་ཡོང་འབབ་ཞིབ་རྩིས་བྱས་པ་ལྟར་ན། ཞིང་གྲོང་དཔལ་འབྱོར་ཡོང་འབབ་ཁྱོན་སྒོར་ཁྲི587ཡོད། ལོ་གོང་མ་དང་བསྡུར་ན་སྒོར་ཁྲི93ཇེ་མང་དུ་སོང་ཡོད། མི་རེའི་ཆ་སྙོམས་ཡོང་འབབ་སྒོར3678ཡོད། ཞིང་ལས་ཡོང་འབབ་ལ་སྒོར་ཁྲི172ཡོད་པས་སྤྱིའི་ཡོང་འབབ་ཀྱི་བརྒྱ་ཆའི29.3ཟིན། ཕྱུགས་ལས་ཐོན་རྫས་ཡོང་འབབ་ལ་སྒོར་ཁྲི248ཡོད། སྐྱེལ་འདྲེན་ལས་རིགས་ཡོང་འབབ་སྒོར་ཁྲི19ཡོད། བཟའ་བཏུང་ཉོ་ཚོང་ལས་རིགས་ལ་སྒོར་ཁྲི11ཡོད། ཞབས་ཞུ་ལས་རིགས་ཀྱི་ཡོང་འབབ་ལ་སྒོར་ཁྲི2 ཡོང་བབ་གཞན་དག་ལ་སྒོར་ཁྲི33ཡོད།

4  སློབ་གསོ་འཕྲོད་བསྟེན།

སྤྱི་ལོ2005ལོར། དཔལ་སྐྱིད་ཡུལ་ཚོར་སློབ་གྲྭ་གཉིས་ཡོད་དེ། དམའ་འབྲིང་གཅིག་དང་ལྟེ་གནས་སློབ་ཆུང་གཅིག་ཡོད། དགེ་རྒན་དང་ལས་བཟོ་བ39ཡོད། སློབ་མ753ཡོད། ཡུལ་ཚོའི་འཕྲོད་བསྟེན་ཁང་གཅིག་ཡོད་ལ། སྨན་བཅོས་མི་སྣ7ཡོད།  ལོ་དེར་སྒོ་བསྟེན་ནས་མི་ཐེངས2300ལ་སྨན་བཅོས་བྱས། སྤྱི་ལོ2010ལོར། སློབ་མ918ཡོད་ལ། སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་བརྒྱ་ཆའི100ཡིན། ན་གཞོན་དར་མར་ཡིག་རྨོངས་སེལ་ཚད་བརྒྱ་ཆའི99.75ཡིན། རྣམ་གསར་ཞིང་གྲོང་མཉམ་ལས་སྨན་བཅོས་སུ་མི1436ཞུགས་ཡོད་ལ། ཞུགས་ཚད་བརྒྱ་ཆའི100ལ་བསླེབས་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-23

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།