ལིའུ་ཧྲི་ཡུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལིའུ་ཧྲི་ཡུས།
ཁོང་ནི་སྤྱི་ལོ1961ལོའི་ཟླ11པར་སྐྱེས། ཅང་སུའུ་ཀོན་ཡུན་གྱི་མི་ཡིན། ཀྲུང་གོ་གུང་ཁྲན་ཏང་ཡོན། སྤྱི་ལོ1984ལོའི་ཟླ8པར་བྱ་བའི་སྟེང་དུ་ཞུགས། ཆིན་ཧྭ་སློབ་གྲྭ་ཆེན་མོའི་ཆུ་བེད་བཟོ་སྐྲུན་སྡེ་ཁག་གི་ཆུ་བེད་ཆུ་གློག་བཟོ་སྐྲུན་ཆེད་ལས་ཀྱི་བསླབ་རམས་པ། ཆིན་ཧྭ་སློབ་གྲྭ་ཆེན་མོའི་དཔལ་འབྱོར་དོ་དམ་སློབ་གླིང་གི་དོ་དམ་ཚན་རིག་དང་བཟོ་སྐྲུན་ཆེད་ལས་ཀྱི་རབ་འབྱམས་པ་དང་། ལག་རྩལ་དཔལ་འབྱོར་རིག་པའི་འབུམ་རམས་པ། ཞིབ་འཇུག་པ། ད་ལྟ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་གོ་དངུལ་འཛིན་ལྟ་རྟོག་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་། ཏང་ཨུའི་ཧྲུའུ་ཅི། དངུལ་ལོར་སྲིད་ཇུས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འགན་བཞེས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
刘士余
སྐྱེས་ལོ།
སྤྱི་ལོ1961ལོའི་ཟླ11པ།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཅང་སུའུ་ཀོན་ཡུན།
མཐར་ཕྱིན་སློབ་གྲྭ།
ཆིན་ཧྭ་སློབ་གྲྭ་ཆེན་མོ།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1961ལོའི་ཟླ11པར་སྐྱེས། ཅང་སུའུ་ཀོན་ཡུན་གྱི་མི་ཡིན། ཀྲུང་གོ་གུང་ཁྲན་ཏང་ཡོན། སྤྱི་ལོ1984ལོའི་ཟླ8པར་བྱ་བའི་སྟེང་དུ་ཞུགས། ཆིན་ཧྭ་སློབ་གྲྭ་ཆེན་མོའི་ཆུ་བེད་བཟོ་སྐྲུན་སྡེ་ཁག་གི་ཆུ་བེད་ཆུ་གློག་བཟོ་སྐྲུན་ཆེད་ལས་ཀྱི་བསླབ་རམས་པ། ཆིན་ཧྭ་སློབ་གྲྭ་ཆེན་མོའི་དཔལ་འབྱོར་དོ་དམ་སློབ་གླིང་གི་དོ་དམ་ཚན་རིག་དང་བཟོ་སྐྲུན་ཆེད་ལས་ཀྱི་རབ་འབྱམས་པ་དང་། ལག་རྩལ་དཔལ་འབྱོར་རིག་པའི་འབུམ་རམས་པ། ཞིབ་འཇུག་པ་བཅས་ཡིན།

ད་ལྟ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་གོ་དངུལ་འཛིན་ལྟ་རྟོག་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་། ཏང་ཨུའི་ཧྲུའུ་ཅི། དངུལ་ལོར་སྲིད་ཇུས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འགན་བཞེས།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1987ལོ་ནས་སྤྱི་ལོ1996ལོའི་སྔ་གཞུག་དུ་ཧྲང་ཧེ་གྲོང་ཁྱེར་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་གཞུང་ལས་ཁང་དང་། རྒྱལ་ཁབ་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་བཅས་སུ་བྱ་བ་གཉེར།

སྤྱི་ལོ1996ལོ་ནས་སྤྱི་ལོ1998ལོའི་བར། ཀྲུང་གོ་མི་དམངས་དངུལ་ཁང་དངུལ་ཁང་སིའི་ལས་རོགས་སྐོར་ཞིབ་པ་དང་། སི་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ1998ལོ་ནས་སྤྱི་ལོ2002ལོའི་བར། ཀྲུང་གོ་མི་དམངས་དངུལ་ཁང་དངུལ་ཁང་སིའི་ལྟ་ཞིབ་དོ་དམ་སི་གཉིས་པའི་སི་ཀྲང་དང་། སི་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ2002ལོ་ནས་སྤྱི་ལོ2004ལོའི་བར། ཀྲུང་གོ་མི་དམངས་དངུལ་ཁང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་དང་། ཏང་ཨུའི་གཞུང་ལས་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས།

སྤྱི་ལོ2004ལོའི་ཟླ7པ་ནས་བཟུང་ཀྲུང་གོ་མི་དམངས་དངུལ་ཁང་ཏང་ཨུའི་ཨུ་ཡོན་དང་། ཧང་ཀྲང་ལས་རོགས་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2006ལོའི་ཟླ6པ་ནས་བཟུང་ཀྲུང་གོ་མི་དམངས་དངུལ་ཁང་ཏང་ཨུའི་ཨུ་ཡོན་དང་། ཧང་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2014ལོའི་ཟླ10པ་ནས་བཟུང་ཀྲུང་གོ་ཞིང་ལས་དངུལ་ཁང་གི་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་དང་། ལག་བསྟར་ཏུང་ཧྲི་ཀྲང་གི་བདམ་བྱའི་འོས་མི་བཅས་ཀྱི་འགན་བཞེས།

སྤྱི་ལོ2014ལོའི་ཟླ12པ་ནས་བཟུང་ཀྲུང་གོ་ཞིང་ལས་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི་དང་། ཏུང་ཧྲི་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ2016ལོའི་ཟླ2པ་ནས་བཟུང་ཀྲུང་གོ་དངུལ་འཛིན་ལྟ་རྟོག་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་། ཏང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2016ལོའི་ཟླ3པར་ཀྲུང་གོ་དངུལ་འཛིན་ལྟ་རྟོག་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་། ཏང་ཨུའི་ཧྲུའུ་ཅི། དངུལ་ལོར་སྲིད་ཇུས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འགན་བཞེས།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འགན་བཞེས། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-31

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།