བོད་ཀྱི་རྒྱལ་རབས་དང་ཕལ་ཆེར་མཐུན་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དེ་ཡང་ཚལ་པ་ཀུན་དགའ་རྡོ་རྗེས་མཛད་པའི《དེབ་དམར》ནང་བོད་ཀྱི་རྒྱལ་རབས་དང་ཕལ་ཆེར་མཐུན་པ་ལ་འདི་ཞིབ་པར་སྣང་བ་ཆེ་ལོང་ཞིག་འདིར་བྲིས་ཏེ་ཞེས་ཐང་རྒྱལ་རབས་ཀྱི་དེབ་ཐེར《ཐང་དེབ་གསར་རྙིང》གཉིས་ནས་བཤད་པའི་བོད་ཀྱི་ལོ་རྒྱུས་སྐོར་ཟུར་བཀོད་དུམ་བུ་ཁག འདི་རྣམས་བོད་ཀྱི་རྒྱལ་རབས་དང་ཕལ་ཆེར་མཐུན་ཞེས་རྩོམ་པ་པོས་མཆན་འགོད་གནང་བ་ལྟར་ཡིན་པ་མ་ཟད། ལྷག་པར་དུ་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཤོག་དྲིལ་དུམ་བུ་དེ་དང་ཕན་ཚུན་བསྡུར་ན་གཅིག་བལྟས་གཅིག་གསལ་གྱིས་ར་སྤྲོད་བྱེད་ཐུབ་པ་ཞིག་འདུག འོན་ཀྱང་གནད་དོན་འགའ་ཞིག་གི་ཐོག་མི་མཐུན་པ་ཡོད།
1 རྒྱས་འགྲེལ།

དེ་ཡང་ཚལ་པ་ཀུན་དགའ་རྡོ་རྗེས་མཛད་པའི《དེབ་དམར》ནང་བོད་ཀྱི་རྒྱལ་རབས་དང་ཕལ་ཆེར་མཐུན་པ་ལ་འདི་ཞིབ་པར་སྣང་བ་ཆེ་ལོང་ཞིག་འདིར་བྲིས་ཏེ་ཞེས་ཐང་རྒྱལ་རབས་ཀྱི་དེབ་ཐེར《ཐང་དེབ་གསར་རྙིང》གཉིས་ནས་བཤད་པའི་བོད་ཀྱི་ལོ་རྒྱུས་སྐོར་ཟུར་བཀོད་དུམ་བུ་ཁག  འདི་རྣམས་བོད་ཀྱི་རྒྱལ་རབས་དང་ཕལ་ཆེར་མཐུན་ཞེས་རྩོམ་པ་པོས་མཆན་འགོད་གནང་བ་ལྟར་ཡིན་པ་མ་ཟད། ལྷག་པར་དུ་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཤོག་དྲིལ་དུམ་བུ་དེ་དང་ཕན་ཚུན་བསྡུར་ན་གཅིག་བལྟས་གཅིག་གསལ་གྱིས་ར་སྤྲོད་བྱེད་ཐུབ་པ་ཞིག་འདུག འོན་ཀྱང་གནད་དོན་འགའ་ཞིག་གི་ཐོག་མི་མཐུན་པ་ཡོད་པ། དཔེར་ན། རྒྱ་བཟའ་ཝུན་ཁྲེན་ཀོང་ཇོ་བོད་དུ་ལོ་བཞི་བཅུ་བཞུགས་ཤིང༌། རྒྱལ་པོ་འདུས་སྲོང་མང་པོ་རྗེས་སྲིད་དབང་བཟུང་བའི་ལོ་གཉིས་པ་ལྕགས་འབྲུག་ལོ་ལ་འདས་པར་བཤད་པ་དང༌། རྒྱལ་པོ་མུ་ནེ་བཙན་པོའི་རྗེས་སུ། ཇུ་ཙེ་བཙན་པོ(རྒྱ་སྐད་དུ་མུ་ཏིག་ལ་ཀྲུའུ་ཙི་ཟེར་བས་ཀྲུའུ་ཞེས་པ་སྔར་གྱི་བོད་ཡིག་ལོ་རྒྱུས་ནང་ཀྲེའུ་ལ་ཇེའུ་འམ་ཅིའུ་ཞེས་སུ་བསྒྱུར་བ་ལྟར་ཡིན)ཞེས་མུ་ཏིག་བཙན་པོ་དང༌།  དེ་ནས་རྒྱལ་པོ་ལྡེ་སྲོང་བཙན་ཞེས་ཁྲི་ལྡེ་སྲོང་བཙན། ཁ་ལི་ཁ་ཆུ་སྟེ། རལ་པ་ཅན་ཞེས་རིམ་པར་བྱུང་བ་དང༌། དེ་རྣམས་ཀྱིས་སྲིད་དབང་བཟུང་བའི་ལོ་གྲངས་ཡང་མི་མཐུན་པ་ཡོད་པ་ལྟ་བུ་སྟེ། མི་མཐུན་པ་དེ་རྣམས་ཏུན་ཧོང་ནས་ཐོན་པའི་བོད་ཡིག་གི་ལོ་རྒྱུས་ཤོག་དྲིལ་ཁག་དང་བསྡུར་ན་ང་ཚོས་སྔར་ཡོད་བོད་ཀྱི་ལོ་རྒྱུས་ཡིག་ཆ་རྣམས་ལ་གདེང་འཇོག་ག་འདྲ་བྱེད་དགོས་མིན་ཡང་གསལ་པོར་ཤེས་ཐུབ་པ་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-15

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།