ལུའུ་ཅེ་ཡི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུའུ་ཅེ་ཡི།
ཁོང་ནི་སྤྱི་ལོ1957ལོའི་ཟླ12པར་སྐྱེས། པེ་ཅིང་གྲོང་ཁྱེར་གྱི་མི་ཡིན། སྤྱི་ལོ1987ལོའི་ཟླ2པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། འབུམ་རམས་པའི་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཐེ་ཝན་གཞུང་སྒྲུབ་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐེ་ཝན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་བཅས་ཡིན། (པུའུ་ཀྲང་རིམ་པ།)
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
刘结一
སྐྱེས་ལོ
སྤྱི་ལོ1957ལོའི་ཟླ12པར།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
པེ་ཅིང་།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1957ལོའི་ཟླ12པར་སྐྱེས། པེ་ཅིང་གྲོང་ཁྱེར་གྱི་མི་ཡིན། སྤྱི་ལོ1977ལོའི་ཟླ1པོར་བྱ་བར་ཞུགས། སྤྱི་ལོ1987ལོའི་ཟླ2པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། འབུམ་རམས་པའི་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཐེ་ཝན་གཞུང་སྒྲུབ་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐེ་ཝན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་བཅས་ཡིན། (པུའུ་ཀྲང་རིམ་པ།)

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1977ལོའི་ཟླ1པོ་ནས1978ལོའི་ཟླ1པའི་བར། པེ་ཅིན་གྲོང་ཁྱེར་ཁྲོ་ཡང་ས་ཁུལ་གྱི་དགེ་རྒན་ཟབ་སྦྱོང་སློབ་གླིང་གི་དགེ་རྒན་གྱི་འགན་བཞེས།

སྤྱི་ལོ1978 ལོའི་ཟླ1པོ་ན198 ལོའི་ཟླ6པའི་བར། པེ་ཅིན་ཕྱི་ཡིག་སློབ་གླིང་གི་(དེང་སྐབས་པེ་ཅིན་ཕྱི་ཡིག་སློབ་གྲྭ་ཆེན་མོ།) སློབ་མ་དང་དགེ་རྒན་ཡིན།

སྤྱི་ལོ1981ལོའི་ཟླ06པ་ནས1987ལོའི་ཟླ3པའི་བར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རུ་ཉེ་ཡ་གཞུང་སྒྲུབ་ཁང་གི་ལོ་ཙཱ་པ་ཡིན།

སྤྱི་ལོ1987ལོའི་ཟླ3པ་ནས1994ལོའི་ཟླ5བའི་བར། ཕྱི་འབྲེལ་པུའུ་རྒྱལ་སྤྱིའི་སིའི་རིམ་པ་གསུམ་པའི་དྲུང་ཡིག  ཁྲུའུ་ཀྲང་གཞོན་པ་དང་ཁྲུའུ་ཀྲང་གི་འགན་བཞེས།

སྤྱི་ལོ1994ལོའི་ཟླ5བ་ནས1995ལོའི་ཟླ8པའི་བར། ཕྱི་འབྲེལ་པུའུ་རྒྱལ་སྤྱིའི་སི་གསུམ་པའི་དྲུང་ཡིག་དང་ཁྲུའུ་ཀྲང་གཞོན་པ། ཁྲུའུ་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ1995ལོའི་ཟླ8པ་ནས1998ལོའི་ཟླ8པའི་བར། ཕྱི་འབྲེལ་པུའུ་རྒྱལ་སྤྱིའི་སི་ཚན་ཙན་གྱི་འགན་བཞེས།

སྤྱི་ལོ1998ལོའི་ཟླ8པ་ནས2001ལོའི་ཟླ7པའི་བར། ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་འཐུས་མི་ཚོགས་པའི་ཚན་ཙན་ཡིན།

སྤྱི་ལོ2001ལོའི་ཟླ7པ་ནས2005ལོའི་ཟླ3པའི་བར། ཕྱི་འབྲེལ་པུའུ་རྒྱལ་སྤྱིའི་སིའི་སི་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2005ལོའི་ཟླ3པ་ནས2006ལོའི་ཟླ1པོའི་བར། ཕྱི་འབྲེལ་པུའུ་དམག་ཁོངས་སིའི་སི་ཀྲང་གི་འགན་བཞེས།

སྤྱི་ལོ2006ལོའི་ཟླ1པོ་ནས2007ལོའི་ཟླ12པའི་བར། ཕྱི་འབྲེལ་པུའུ་རྒྱལ་སྤྱིའི་སིའི་སི་ཀྲང་གི་འགན་བཞེས།

སྤྱི་ལོ2007ལོའི་ཟླ12པ་ནས2009ལོའི་ཟླ5བའི་དར། ཕྱི་འབྲེལ་པུའུ་ཀྲང་གི་ལས་རོགས་པ་ཡིན།

སྤྱི་ལོ2009ལོའི་ཟླ5བ་ནས2013ལོའི་ཟླ8པའི་བར། ཀྲུང་གུང་ཀྲུང་དབྱང་གིས་ཕྱི་འབྲེལ་པུའུ་པུའུ་ཀྲང་གཞོན་པ། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོ་གཞོན་པའི་འགན་བཞེས།

སྤྱི་ལོ2013ལོའི་ཟླ8པ་ནས2017ལོའི་ཟླ10བའི་བར། ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་ཚབ་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་ཡིན།

སྤྱི་ལོ2017ལོའི་ཟླ10བ་ནས་བཟུང་ཀྲུང་གུང་ཀྲུང་དབྱང་ཐེ་ཝན་གཞུང་སྒྲུབ་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐེ་ཝན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པའི་འགན་བཞེས། (པུའུ་ཀྲང་རིམ་པ།)


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-12-20

གསར་སྤེལ་མཁན། :ཁ་སྒང་འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།