ཝང་ཀྲི་མིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཝང་ཀྲི་མིན།
ཁོང་ནི་སྤྱི་ལོ1957ལོའི་ཟླ4པར་སྐྱེས་པ་དང་། ཧྥུའུ་ཅན་ཧྲན་ཡུའུ་མི་ཡིན། སྤྱི་ལོ1975ལོའི་ཟླ7པར་བྱ་བར་ཞུགས། ཧྥུའུ་ཅན་དགེ་འོས་སློབ་གྲྭ་ཆེན་མོའི་དཔལ་འབྱོར་ཁྲིམས་ལུགས་སློབ་གླིང་ནས་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་ཐོབ་བརྒྱུད། དཔལ་འབྱོར་རིག་པའི་འབུམ་རམས་པ། ད་ལྟ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་བཅའ་སྡོད་བྱས་པའི་འབྲེལ་གཏུག་གཞུང་ལས་ཁང་གི་ཀྲུའུ་རིན་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
王志明
སྐྱེས་ལོ།
སྤྱི་ལོ1957ལོའི་ཟླ4པ།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཧྥུའུ་ཅན་ཧྲན་ཡུའུ།
མཐར་ཕྱིན་སློབ་གྲྭ།
ཧྥུའུ་ཅན་དགེ་འོས་སློབ་གྲྭ་ཆེན་མོ།
1 ​ངོ་སྤྲོད།

ཁོང་ནི་སྤྱི་ལོ1957ལོའི་ཟླ4པར་སྐྱེས་པ་དང་། ཧྥུའུ་ཅན་ཧྲན་ཡུའུ་མི་ཡིན། སྤྱི་ལོ1975ལོའི་ཟླ7པར་བྱ་བར་ཞུགས། ཧྥུའུ་ཅན་དགེ་འོས་སློབ་གྲྭ་ཆེན་མོའི་དཔལ་འབྱོར་ཁྲིམས་ལུགས་སློབ་གླིང་ནས་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་ཐོབ་བརྒྱུད། དཔལ་འབྱོར་རིག་པའི་འབུམ་རམས་པ།

ད་ལྟ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་བཅའ་སྡོད་བྱས་པའི་འབྲེལ་གཏུག་གཞུང་ལས་ཁང་གི་ཀྲུའུ་རིན་བཅས་ཡིན།

2 བྱ་བའི་བརྒྱུད་རིམ། 

སྤྱི་ལོ1975ལོ་ནས་སྤྱི་ལོ1976ལོའི་བར། ཧྥུའུ་ཅན་ཞིང་ཆེན་ལུའུ་རྫོང་དུ་རུ་ཞུགས་བྱས།

སྤྱི་ལོ1976ལོ་ནས་སྤྱི་ལོ1978ལོའི་བར། ཧྥུའུ་ཀྲུག་དམག་ཁུལ་གྱི་འཐབ་འཛིང་པ་དང་། ཡིག་ཆ་བ་བཅས་ཡིན།

སྤྱི་ལོ1978ལོ་ནས་སྤྱི་ལོ1982ལོའི་བར། ཀྲུན་ཀྲུག་བཅིངས་འགྲོལ་དམག་གི་ཐིག་ལེན་རིས་འབྲིའི་སློབ་གླིང་རིས་བཟོ་སྡེ་ཁག་གི་སློབ་མ་ཡིན།

སྤྱི་ལོ1982ལོ་ནས་སྤྱི་ལོ1985ལོའི་བར།  ཧྥུའུ་ཀྲུག་དམག་ཁུལ་གྱི་དགེ་རྒན་དང་། དྲུང་ཡིག་བཅས་ཡིན།

སྤྱི་ལོ1985ལོ་ནས་སྤྱི་ལོ1992ལོའི་བར། ཧྥུའུ་ཅན་ཞིང་ཆེན་ཏང་ཨུའི་གཞུང་སྒྲིབ་ཐིན་གྱི་ཀྲུའུ་རིན་ཁུ་ཡོན་དང་། ཀྲུའུ་རིན་ཁུ་ཡོན། ཀྲུའུ་ཀྲང་གཞོན་པ། ཁྲུའུ་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ1982ལོ་ནས་སྤྱི་ལོ1994ལོའི་བར། ཞིན་ཧྭ་གསར་འགྱུར་ཁང་ཞང་ཀང་ཡན་ལག་ཁང་གཞུང་སྒྲུབ་ཐིན་གྱི་ཁྲུའུ་ཀྲང་གཞོན་པ་དང་། ཁྲུའུ་ཀྲང།་བཅས་ཀྱི་འགན་བཞེས

སྤྱི་ལོ1994ལོ་ནས་སྤྱི་ལོ1998ལོའི་བར། ཞིན་ཧྭ་གསར་འགྱུར་ཁང་ཞང་ཀང་ཡན་ལག་ཁང་གི་བུད་མེད་དང་ན་གཞོན་ལས་དོན་པུའི་པུའུ་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ1998ལོ་ནས་སྤྱི་ལོ1999ལོའི་བར། ཧྥུའུ་ཅན་ཞིང་ཆེན་ཞ་མིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལས་རོགས་ཀྱི་འགན་བཞེས།

སྤྱི་ལོ1999ལོ་ནས་སྤྱི་ལོ2006ལོའི་བར། ཧྥུའུ་ཅན་ནས་འགྲོ་འོང་བྱེད་པའི་ཞིབ་བཤེར་དང་ནད་ཡམས་བརྟག་དཔྱད་ཅུས་ཅུས་ཀྲང་དང་། ཏང་ཙུའུ་ཁོངས་མི་བཅས་ཀྱི་འགན་བཞེས། (སྤྱི་ལོ2000ལོ་ནས་སྤྱི་ལོ2003ལོའི་བར། ཧྥུའུ་ཅན་དགེ་འོས་སློབ་གྲྭ་ཆེན་མོའི་དཔལ་འབྱོར་ཁྲིམས་ལུགས་སློབ་གླིང་ནས་སློབ་སྦྱོང་བྱས།)

སྤྱི་ལོ2006ལོ་ནས་སྤྱི་ལོ2008ལོའི་བར། ཀྲུང་དབྱང་སྲིད་གཞུང་གི་ཞང་ཀང་དུ་བཅའ་སྡོད་བྱས་པའི་འབྲེལ་གཏུག་གཞུང་ལས་ཁང་གི་དྲུང་ཡིག་གཞོན་པ་དང་། ན་གཞོན་ལས་དོན་པུའི་པུའུ་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ2008ལོ་ནས་སྤྱི་ལོ2009ལོའི་བར། ཀྲུང་དབྱང་སྲིད་གཞུང་གི་ཞང་ཀང་དུ་བཅའ་སྡོད་བྱས་པའི་འབྲེལ་གཏུག་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་དང་། དྲུང་ཡིག་གཞོན་པ། ན་གཞོན་ལས་དོན་པུའི་པུའུ་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ2009ལོ་ནས་སྤྱི་ལོ2015ལོའི་བར། ཀྲུང་དབྱང་སྲིད་གཞུང་གི་ཞང་ཀང་དུ་བཅའ་སྡོད་བྱས་པའི་འབྲེལ་གཏུག་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2015ལོའི་ཟླ4པ་ནས་སྤྱི་ལོ2016ལོའི་ཟླ7པའི་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞང་ཀང་ལས་དངོས་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་དང་། ཏང་ཙུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2016ལོའི་ཟླ7པ་ནས་སྤྱི་ལོ2017ལོའི་ཟླ9པའི་བར། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཨའོ་མིན་དམིགས་བསལ་ས་ཁུལ་དུ་བཅའ་སྡོད་བྱས་པའི་འབྲེལ་གཏུགས་གཞུང་ལས་ཁང་གི་ཀྲུའུ་རིན་གྱི་འགན་བཞེས།

སྤྱི་ལོ2017ལོའི་ཟླ9པར། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཞང་ཀང་དམིགས་བསལ་ས་ཁུལ་དུ་བཅའ་སྡོད་བྱས་པའི་འབྲེལ་གཏུགས་གཞུང་ལས་ཁང་གི་ཀྲུའུ་རིན་གྱི་འགན་བཞེས།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡིན། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-12-25

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།