ཁོ་ཕེན་ཧ་ཀེན་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོ་ཕེན་ཧ་ཀེན་གྲོང་ཁྱེར།
ཏེན་མག་རྒྱལ་ཁབ་ཀྱི་རྒྱལ་ས་ཁོ་ཕེན་ཧ་ཀེན་ནི་ཞི་ལན་གླིང་ཕྲན་གྱི་ཤར་ཕྱོགས་དང་། ཨི་ལེ་མཚོ་འགག་དང་སུའེ་ཏེན་གྱི་ཨར་མའོ་གྲུ་ཁའི་ཁ་གཏད་དུ་ཆགས་ཡོད། ཁོ་ཕེན་ཧ་ཀེན་གྲོང་ཁྱེར་ནི་ཏེན་མག་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པར་མ་ཟད། ཡོ་རོབ་བྱང་ཕྱོགས་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་དང་མིང་དུ་གྲགས་པའི་གནའ་མཁར་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
哥本哈根
ཕྱི་ཡིག་གི་མིང་།
Copenhagen
མིང་གཞན།
ལྕགས་རྟའི་གྲོང་ཁྱེར།
སྲིད་འཛིན་ས་ཁུལ་རིགས་དབྱེ།
རྒྱལ་ས།
ཁོངས་གཏོགས་ས་ཁུལ།
ཏེན་མག
གནས་ཡུལ།
ཡོ་རོབ་བྱང་མ།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ97
མི་གྲངས།
ཁྲི་ཚོ67.2
སྐད་རིགས།
ཏེན་མག་གི་སྐད།
​ གནམ་གཤིས།
ཚ་ཁུལ་རྒྱ་མཚོའི་རང་བཞིན་གྱི་གནམ་གཤིས།
​མཛེས་ལྗོངས་གྲགས་ཅན།
ཉ་མི་མཛེས་མ་ཡི་ཟངས་སྐུ། ཆི་ཧྥུ་ལི་སྤྱི་གླིང་། གནམ་དཔྱད་ཆུ་ཚོད་འཁོར་ལོ་སོགས།
​གནམ་གྲུ་ཐང་།
ཁོ་ཕེན་ཧོ་ཀེན་རྒྱལ་སྤྱིའི་གནམ་གྲུ་ཐང་།
1 ངོ་སྤྲོད།

ཏེན་མག་རྒྱལ་ཁབ་ཀྱི་རྒྱལ་ས་ཁོ་ཕེན་ཧ་ཀེན་ནི་ཞི་ལན་གླིང་ཕྲན་གྱི་ཤར་ཕྱོགས་དང་། ཨི་ལེ་མཚོ་འགག་དང་སུའེ་ཏེན་གྱི་ཨར་མའོ་གྲུ་ཁའི་ཁ་གཏད་དུ་ཆགས་ཡོད། ཁོ་ཕེན་ཧ་ཀེན་གྲོང་ཁྱེར་ནི་ཏེན་མག་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པར་མ་ཟད། ཡོ་རོབ་བྱང་ཕྱོགས་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་དང་མིང་དུ་གྲགས་པའི་གནའ་མཁར་ཞིག་ཡིན། ཁོ་ཕེན་ཧ་ཀེན་གྲོང་ཁྱེར་དུ་སོང་ན་བྱིས་སྒྲུང་གི་འཇིག་རྟེན་དུ་སླེབས་པ་དང་མཚུངས་ཏེ། ཁྱོད་ཀྱིས་ཉ་མི་མཛེས་མ་ཞེས་པའི་གཏམ་རྒྱུད་དེས་ལོ་ངོ་བརྒྱ་ཕྲག་རིང་ལ་མི་རྣམས་ཀྱི་ཡིད་སེམས་སྒུལ་པའི་རྒྱུ་མཚན་རྟོགས་སྲིད། ཉ་མི་མཛེས་མ་ཡི་ཟངས་སྐུ་ནི་ཁོ་ཕེན་ཧ་ཀེན་གྲོང་ཁྱེར་གྱི་མཚོན་རྟགས་སུ་གྱུར་ཡོད། ཉ་མི་མཛེས་མའི་ཟངས་སྐུ་དེ་ནི་ཏེན་མག་གི་བརྐོ་བཟོ་པ་གྲགས་ཅན་ཨེད་ལི་ཁུ་སིན་གྱིས་སྤྱི་ལོ1913ལོར་ཨན་ཐུའུ་ཧྲིན་གྱི་བྱིས་སྒྲུང་ནང་གི་རྒྱ་མཚོའུ་བུ་མོ་ཞེས་པ་གཞི་བཟུང་ནས་བརྐོས་བཟོ་བྱས་པ་དང་། དེ་ནི་ལོན་ཏོན་ཟམ་པ་དང་པ་ལི་མཆོད་རྟེན་དང་འདྲ་བར་སྙན་གྲགས་འཛམ་གླིང་ཧྲིལ་བོར་ཁྱབ་ཡོད། ཉ་མི་མཛེས་མ་དེ་བག་ཚ་ཞིང་ཡིད་ཞུམ་པའི་ངང་ཕོ་བྲང་ཞིག་གི་སྟེང་དུ་ཙོག་ནས་བསྡད་ཡོད་པ་དང་། མིག་ཟུང་རྒྱ་མཚོར་ཅེར་ཞིང་ངོ་གདོང་ཡོངས་སུ་འདང་རྒྱག་གིས་ཁེངས་ཡོད་པས། ཁོ་མོས་ཅི་ཞིག་ལ་འདང་རྒྱག་གིན་ཡོད་པ་དེ་སུས་ཀྱང་རྟོགས་མི་ཐུབ། ཟངས་སྐུ་དེས་ལྗོངས་རྒྱུ་པ་རྣམས་ལ་བག་ཆགས་ཟབ་མོ་ཞིག་འཇོག་བཞིན་ཡོད།

ཁོ་ཕེན་ཧ་ཀེན་གྲོང་ཁྱེར་གྱི་དཀྱིལ་ན་ཆགས་ཡོད་པའི་ཆི་ཧྥུ་ལི་སྤྱི་གླིང་ནི་འཛམ་གླིང་ན་མིང་གྲགས་ཆེ་བའི་རོལ་རྩེད་གླིང་ག་ཞིག་ཡིན། གླིང་ག་དེའི་ནང་དུ་ལྟ་ན་སྡུག་པའི་ཆུ་འཕྱུར་རྫིང་བུ་ཞིག་ཡོད། ཆུ་རྫིང་དེའི་དཀྱིལ་དུ་ཀ་བ་སྦོམ་པོ་ཞིག་མཆིས་ཤིང་། ཀ་བ་དེའི་ཕྱོགས་བཞི་ནི་ཆུ་འཕྱུར་ནས་རྦབ་ཆུ་འབབ་པ་ལྟ་བུའི་ཆུ་མགོ་ཞིག་ཡིན་པ་དང་། ཀ་བའི་ཐོག་ཏུ་ལུས་སྟོད་གཅེར་བུར་བུད་པའི་ལྷ་མོ་ཞིག་གིས་གཡས་ལག་གིས་གླང་ལྕག་དགུང་ལ་ཕྱར་ནས་སྟོབས་ལྡན་གླང་ངར་བཞི་ལ་ཁ་ལོ་བསྒྱུར་བཞིན་ཡོད། ངག་རྒྱུན་ལྟར་ན་གནའ་དུས་སུ་ཏེན་མག་རྒྱལ་ཁབ་ལ་གདོན་འདྲེས་གནོད་བསྐྱལ་ནས་ཏེན་མག་རྒྱལ་ཁབ་རྒྱ་མཚོར་སྣུབ་སྐབས་ལྷ་མོ་འདི་མི་ཡུལ་དུ་ཕེབས་ནས་ཏེན་མག་རྒྱལ་ཁབ་རྒྱ་མཚོ་ལས་ཕྱིར་བསྐྱབས་པར་བཤད། ཏེན་མག་རྒྱལ་ཁབ་རྒྱ་མཚོ་ལས་སྐྱོབ་སྐབས་ལྷ་མོ་དེས་རང་ལ་བུ་བཞི་ཡོད་པ་དེ་གླང་ངར་བཞི་རུ་སྤྲུལ་ཏེ་ཏེན་མག་རྒྱལ་ཁབ་རྒྱ་མཚོའི་ཀློང་ལས་ཤུགས་ཀྱིས་ཕྱིར་འཐེན་པ་རེད། རྡོ་སྐུ་དེ་ནི་ཏེན་མག་རྒྱལ་ཁབ་ཀྱི་བརྐོ་བཟོ་པ་གྲགས་ཅན་ཕིན་ཀོ་ཡིས་ལྷ་སྒྲུང་དེ་གཞིར་བཟུང་ནས་བརྐོས་བཟོ་བྱས་པ་ཡིན།

ཁོ་ཕེན་ཧ་ཀེན་གྲོང་ཁྱེར་དུ་ཡོ་རོབ་བྱང་མའི་གཞི་རྒྱ་ཆེས་ཆེ་བའི་རི་དྭགས་གླིང་ག་དང་རྒྱ་མཚོའི་ཐོན་རྫས་བཤམས་སྟོན་ཁང་ཡོད། ཡོ་རོབ་བྱང་མར་བཙུགས་པ་ཆེས་སྔ་བའི་སློབ་གྲྭ་ཆེན་མོ་ནི་ཁོ་ཕེན་ཧ་ཀེན་སློབ་གྲྭ་ཆེན་མོ་ཡིན། (ཁོ་ཕེན་ཧ་ཀེན་སློབ་གྲྭ་ཆེན་མོ་ནི་སྤྱི་ལོ1479ལོར་བཙུགས་པ་ཡིན) ཁོ་ཕེན་ཧ་ཀེན་གྲོང་ཁྱེར་ནི་རིག་གནས་ཀྱི་གཏེར་མཛོད་ཅིག་དང་སྒྱུ་རྩ་གྱི་གླིང་ག་ཞིག་ཡིན་པས། སྤྱི་ལོ1969ལོར་ཁོ་ཕེན་ཧ་ཀེན་གྲོང་ཁྱེར་ནི་ཡོ་རོབ་རིག་གནས་ཀྱི་རྒྱལ་སར་བདམས། ལོ་རེར་ཐེངས་རེར་སྤེལ་བཞིན་པའི་ཁོ་ཕེན་ཧ་ཀེན་རྒྱལ་སྤྱིའི་ཅོས་ཧྲི་རོལ་མོའི་དུས་ཆེན་ནི་འཛམ་གླིང་གི་ཅོས་ཧྲི་རོལ་མོའི་དུས་ཆེན་ཁྲོད་ཆེས་སྙན་གྲགས་ཆེ་བའི་དུས་ཆེན་ཞིག་ཡིན།

ཁོ་ཕེན་ཧ་ཀེན་གྲོང་ཁྱེར་སྲིད་གཞུང་ལས་ཁུངས་ཀྱི་གནམ་དཔྱད་ཆུ་ཚོད་འཁོར་ལོ་ནི་ཤེལ་གྱི་སྒམ་ཆུང་ཞིག་གི་ནང་དུ་བཞག་ཡོད་པ་དང་། གནམ་དཔྱད་ཆུ་ཚོད་འཁོར་ལོ་དེ་ཇུས་འགོག་བྱས་པ་ཁྱད་མཚར་ཆེ་བས། དེ་ལས་སྐར་མའི་གོ་ལ་འཁོར་སྐྱོད་བྱེད་པའི་དབྱིབས་རྣམ་ཤེས་ཐུབ་པར་མ་ཟད། གནམ་གཤིས་དང་དུས་ཚོད། ཐ་ན་ཉི་མ་དང་ཟླ་བ། སྐར་མའི་གནས་ཡུལ་སོགས་ཀྱང་ཤེས་ཐུབ་པ་རེད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-12-08

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།