པུ་རུ་སེར་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པུ་རུ་སེར་གྲོང་ཁྱེར།
པུ་རུ་སེར་གྲོང་ཁྱེར་ནི་པི་ལི་ཧྲིའི་རྒྱལ་ས་ཡིན་པ་དང་། སའེ་ན་གཙང་བོའི་འགྲམ་རྒྱུད་དུ་ཆགས་ཡོད། པུ་རུ་སེར་གྲོང་ཁྱེར་ནི་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་པའི་གནའ་བོའི་གྲོང་ཁྱེར་ཞིག་ཡིན། དུས་རབས་བཅུ་བའི་སྔོན་དུ་ཡུལ་དེ་ནི་ན་ཁུགས་ཤིག་ཡིན་ལ། སྤྱི་ལོ979ལོར་ཁྲ་ལི་ཀོང་ཅའོ་ཡིས་སེད་མན་ཆུ་བོའི་བར་རྒྱུད་ཀྱི་ཧྲིན་རུག་ལི་གླིང་ཕྲན་སྟེང་གི་ན་ཁུགས་སུ་གནས་གཞི་བཟུང་ནས་བཙན་རྫོང་དང་གྲུ་ཁ་སོགས་ལས་པ་དང་། ཡུལ་དེའི་མིང་ལ་པུ་ལོ་ཨོ་ཁུ་སེར་ལ་ཞེས་བཏགས། ནང་དོན་ནི་ན་འདམ་སྟེང་གི་སྡོད་ཁང་ཞེས་པ་དེ་ཡིན། པུ་ལོ་ཨོ་ཁུ་སེར་ལ་ཞེས་པའི་མིང་དེ་ཕྱིས་སུ་ཟུར་ཆགས་ནས་པུ་རུ་སེར་དུ་གྱུར་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
布鲁塞尔
མིང་གཞན།
ཡོ་རོབ་གླིང་གི་ཆེས་མཛེས་པའི་གྲོང་ཁྱེར།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ162
མི་གྲངས།
ཁྲི་ཚོ107
གནམ་གཤིས།
ཚ་ཁུལ་རྒྱ་མཚོའི་རང་བཞིན་གྱི་གནམ་གཤིས།
​མཛེས་ལྗོངས་གྲགས་ཅན།
ལོ་རྒྱུས་དཔེ་མཛོད་ཁང་དང་ངང་བ་དཀར་བོའི་གསོལ་ཁང་། པུ་རུ་སེར་ཐང་ཆེན། པུ་རུ་སེར་གྱི་སྡོད་དམངས་དང་བོ་ཞེས་པའི་སྐུ་བརྙན་སོགས་ཡོད།
​ གནམ་གྲུ་ཐང་།
པུ་རུ་སེར་རྒྱལ་སྤྱིའི་གནམ་གྲུ་ཐང་།
​རྒྱལ་སྤྱིའི་རྩ་འཛུགས།
ཡོ་རོབ་གནའ་འབྲེལ། ནུབ་རྒྱ་མཚོ་ཆེན་མོའི་བྱང་ཁུལ་གྱི་སྤྱི་ཆིངས་རྩ་འཛུགས།
1 ངོ་སྤྲོད།

པུ་རུ་སེར་གྲོང་ཁྱེར་ནི་པི་ལི་ཧྲིའི་རྒྱལ་ས་ཡིན་པ་དང་། སའེ་ན་གཙང་བོའི་འགྲམ་རྒྱུད་དུ་ཆགས་ཡོད། པུ་རུ་སེར་གྲོང་ཁྱེར་ནི་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་པའི་གནའ་བོའི་གྲོང་ཁྱེར་ཞིག་ཡིན། དུས་རབས་བཅུ་བའི་སྔོན་དུ་ཡུལ་དེ་ནི་ན་ཁུགས་ཤིག་ཡིན་ལ། སྤྱི་ལོ979ལོར་ཁྲ་ལི་ཀོང་ཅའོ་ཡིས་སེད་མན་ཆུ་བོའི་བར་རྒྱུད་ཀྱི་ཧྲིན་རུག་ལི་གླིང་ཕྲན་སྟེང་གི་ན་ཁུགས་སུ་གནས་གཞི་བཟུང་ནས་བཙན་རྫོང་དང་གྲུ་ཁ་སོགས་ལས་པ་དང་། ཡུལ་དེའི་མིང་ལ་པུ་ལོ་ཨོ་ཁུ་སེར་ལ་ཞེས་བཏགས། ནང་དོན་ནི་ན་འདམ་སྟེང་གི་སྡོད་ཁང་ཞེས་པ་དེ་ཡིན། པུ་ལོ་ཨོ་ཁུ་སེར་ལ་ཞེས་པའི་མིང་དེ་ཕྱིས་སུ་ཟུར་ཆགས་ནས་པུ་རུ་སེར་དུ་གྱུར་པ་རེད།

པུ་རུ་སེར་ནི་ཡོ་རོབ་གླིང་ནུབ་མའི་འགྲུམ་འགྲིལ་འགག་སྒོ་ཞིག་ཡིན་པ་དང་། ཡོ་རོབ་མཉམ་འབྲེལ་དང་བྱང་ཆིངས་སོགས་རྒྱལ་སྤྱིའི་རྩ་འཛུགས་མང་བོའི་རྟེན་གཞི་གྲོང་ཁྱེར་དེར་བཅོལ་ཡོད། ཡུལ་དེར་རྒྱལ་སྤྱིའི་སྲིད་དོན་ལྟེ་གནས200ལྷག་དང་གཞུང་འབྲེལ་ཚོགས་པ1000ལྷག་གི་དོན་གཅོད་ཁང་བཙུགས་ཡོད་པ་དང་། རྒྱལ་སྤྱིའི་ཚོགས་འདུ་མང་བོ་ཞིག་གྲོང་ཁྱེར་དེ་ན་འཚོགས་བཞིན་ཡོད་པས། པུ་རུ་སེར་ལ་ཡོ་རོབ་གླིང་གི་རྒྱལ་ས་ཞེས་ཀྱང་འབོད་པ་རེད། པུ་རུ་སེར་གྱི་སྡོད་དམངས་ལས་བརྒྱ་ཆའི་ཉེར་བདུན་ནི་ཕྱི་རྒྱལ་གྱི་མི་ཡིན།

པུ་རུ་སེར་གྲོང་ཁྱེར་ནི་འདབ་མ་ལྔ་ལྡན་གྱི་རྣམ་པ་ལྟར་ཆགས་ཡོད། གྲོང་ཁྱེར་དེར་གནའ་ཤུལ་གྲགས་ཅན་ཧ་ཅང་མང་བས། ཡོ་རོབ་གླིང་གི་ཡུལ་སྐོར་ལྗོངས་རྒྱུ་བྱ་ས་གཙོ་བོ་ཞིག་ཡིན། གྲོང་ཁྱེར་དེ་ནི་ལོ་རྒྱུས་རིང་ཞིང་རིག་གནས་དར་སྔ་བའི་གནའ་བོའི་གྲོང་ཁྱེར་ཞིག་ཡིན་ལ། གྲོང་ཁྱེར་དུ་སྟེང་མ་དང་འོག་མ་ཞེས་གྲོང་ཁུལ་ཆེན་པོ་གཉིས་ཡོད། གྲོང་ཁུལ་སྟེང་མ་ནི་རི་བོའི་ཆགས་དབྱིབས་ལྟར་བསྐྲུན་ཡོད་པ་དང་། དེ་ནི་སྲིད་འཛིན་ལས་ཁུངས་སོགས་གནས་ས་ཡིན་ལ། དེར་ལའོ་དབྱི་བཅུ་དྲུག་པས་བཞེངས་པའི་ཕོ་བྲང་དང་། གོང་མ་ཚང་གི་ཐང་ཆེན། ཕོ་བྲང་ཨེད་ཀི་མེད། རྒྱལ་ཁབ་ཕོ་བྲང་། གོང་མ་ཚང་གི་དཔེ་མཛོད་ཁང་སོགས་ཆགས་ཡོད། གྲོང་ཁུལ་འོག་མ་ནི་ཚོང་ལས་ས་ཁུལ་ཡིན་པ་དང་། ཁྲོམ་སྲང་ཀུན་ཏུ་འདུ་འཛིས་ཁེངས་འདུག གྲོང་ཁྱེར་གྱི་དཀྱིལ་དབུས་སུ་ཐང་ཆེན་གྱི་མཐའ་སྐོར་དུ་དུས་རབས་བར་མའི་ཀི་ཐེའི་རྣམ་པའི་ཁང་བརྩེགས་ཀྲོང་ངེར་འགྱིང་ཞིང་། གྲོང་ཁྱེར་སྲིད་གཞུང་གི་སྲིད་དོན་ཚོམས་ཁང་ནི་ཆེས་བརྗིད་ཉམས་ལྡན་པ་ཞིག་རེད། སྲིད་དོན་ཚོམས་ཁང་གི་གཡས་གཡོན་དུ་ལོ་རྒྱུས་དཔེ་མཛོད་ཁང་དང་ངང་བ་དཀར་བོའི་གསོལ་ཁང་ཆགས་ཡོད། པུ་རུ་སེར་ཐང་ཆེན་ནི་དུས་རབས་བཅུ་གཉིས་པར་བསྐྲུན་པ་ཞིག་ཡིན་ལ། ཆེས་མཛེས་སྡུག་ལྡན་པའི་ཐང་ཆེན་དེར་ལོ་ངོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ཡོད། ཐང་ཆེན་དེའི་ཉེ་འགྲམ་གྱི་ཨེད་ཏི་ལ་ཧྥོ་སྲང་ལམ་དུ་པུ་རུ་སེར་གྱི་སྡོད་དམངས་དང་བོ་ཞེས་པའི་སྐུ་བརྙན་བཞེངས་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-12-08

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།