རུ་ནེ་ཝ་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རུ་ནེ་ཝ་གྲོང་ཁྱེར།
རུ་ནེ་ཝ་གྲོང་ཁྱེར་ནི་རུ་ནེ་ཝ་མཚེའུ་ཡི་ལྷོ་ནུབ་ཏུ་ཆགས་ཡོད་པ་དང་སུའེ་ཙེར་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ཨང་གཉིས་པར་བགྲང་། མི་གྲངས་ཁྲི་ཚོ194ལྷག་མཆིས། རུ་ནེ་ཝ་མཚེའུ་ཡི་གྱེན་འཕྱུར་ཆུ་མིག་ནི་རུ་ནེ་ཝ་གྲོང་ཁྱེར་གྱི་མཚོན་བྱེད་ཡིན། རུ་ནེ་ཝའི་མཛེས་ལྗོངས་ཀྱིས་ཡུལ་སྐོར་པ་མང་བོ་ཞིག་གི་ཡིད་སེམས་ཅིག་ཅར་དུ་འགུགས་བཞིན་ཡོད་པར་མ་ཟད། རྒྱལ་སྤྱིའི་རྩ་འཛུགས་མང་བོ་ཞིག་གི་རྟེན་གཞི་རུ་ནེ་ཝ་གྲོང་ཁྱེར་དུ་བཅོས་ཡོད་པས། རུ་ནེ་ཝའི་མཚན་སྙན་འཛམ་གླིང་ཧྲིལ་བོར་ཁྱབ་ཡོད། རུ་ནེ་ཝ་གྲོང་ཁྱེར་དུ་བལྟ་ས་མཇལ་ས་ཧ་ཅང་མང་མོད། སྐད་གྲགས་ཆེ་བ་ནི་མེ་ཏོག་ལས་གྲུབ་པའི་ཆུ་ཚོད་འཁོར་ལོ་དང་ལོ་རྒྱུས་སྒྱུ་རྩལ་བཤམས་སྟོན་ཁང་། རྒྱལ་སྤྱིའི་རྒྱ་གྲམ་དམར་བོ་དང་ཚེས་རིས་དམར་བོའི་བཤམས་སྟོན་ཁང་། རྒྱལ་ཁབ་ཁྲི་འབུམ་ཕོ་བྲང་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
日内瓦
སྲིད་འཛིན་ས་ཁུལ་རིགས་དབྱེ།
སུའེ་ཙེར་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ཨང་གཉིས་པ།
​ཁོངས་གཏོགས་ས་ཁུལ།
སུའེ་ཙེར།
གནས་ཡུལ།
རུ་ནེ་ཝ་མཚེའུ་ཡི་ལྷོ་ནུབ་ཏུ་ཆགས་ཡོད།
མི་གྲངས།
ཁྲི་ཚོ20
སྐད་རིགས།
ཧྥ་རན་སེའི་སྐད།
​གནམ་གཤིས།
ཟླ་དང་པོར་ཆེས་དམའ་བའི་དྲོད་ཚད-1℃ ཟླ་བདུན་པར་ཆེས་མཐོ་བའི་དྲོད་ཚད26℃
རྒྱལ་སྤྱིའི་རྩ་འཛུགས།
རྒྱལ་སྤྱིའི་ཚོང་དོན་རྩ་འཛུགས།
མཛེས་ལྗོངས་གྲགས་ཅན།
མེ་ཏོག་ལས་གྲུབ་པའི་ཆུ་ཚོད་འཁོར་ལོ་དང་ལོ་རྒྱུས་སྒྱུ་རྩལ་བཤམས་སྟོན་ཁང་། རྒྱལ་སྤྱིའི་རྒྱ་གྲམ་དམར་བོ་དང་ཚེས་རིས་དམར་བོའི་བཤམས་སྟོན་ཁང་། རྒྱལ་ཁབ་ཁྲི་འབུམ་ཕོ་བྲང་བཅས་ཡིན།
​ གནམ་གྲུ་ཐང་།
ཁུ་ཝན་ཐུ་ལན་རྒྱལ་སྤྱིའི་གནམ་གྲུ་ཐང་།
1 ངོ་སྤྲོད།

རུ་ནེ་ཝ་གྲོང་ཁྱེར་ནི་རུ་ནེ་ཝ་མཚེའུ་ཡི་ལྷོ་ནུབ་ཏུ་ཆགས་ཡོད་པ་དང་སུའེ་ཙེར་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ཨང་གསུམ་པར་བགྲང་། མི་གྲངས་ཁྲི་ཚོ194ལྷག་མཆིས། རུ་ནེ་ཝ་མཚེའུ་ཡི་གྱེན་འཕྱུར་ཆུ་མིག་ནི་རུ་ནེ་ཝ་གྲོང་ཁྱེར་གྱི་མཚོན་བྱེད་ཡིན། རུ་ནེ་ཝའི་མཛེས་ལྗོངས་ཀྱིས་ཡུལ་སྐོར་པ་མང་བོ་ཞིག་གི་ཡིད་སེམས་ཅིག་ཅར་དུ་འགུགས་བཞིན་ཡོད་པར་མ་ཟད། རྒྱལ་སྤྱིའི་རྩ་འཛུགས་མང་བོ་ཞིག་གི་རྟེན་གཞི་རུ་ནེ་ཝ་གྲོང་ཁྱེར་དུ་བཅོས་ཡོད་པས། རུ་ནེ་ཝའི་མཚན་སྙན་འཛམ་གླིང་ཧྲིལ་བོར་ཁྱབ་ཡོད། རུ་ནེ་ཝ་གྲོང་ཁྱེར་དུ་བལྟ་ས་མཇལ་ས་ཧ་ཅང་མང་མོད། སྐད་གྲགས་ཆེ་བ་ནི་མེ་ཏོག་ལས་གྲུབ་པའི་ཆུ་ཚོད་འཁོར་ལོ་དང་ལོ་རྒྱུས་སྒྱུ་རྩལ་བཤམས་སྟོན་ཁང་། རྒྱལ་སྤྱིའི་རྒྱ་གྲམ་དམར་བོ་དང་ཚེས་རིས་དམར་བོའི་བཤམས་སྟོན་ཁང་། རྒྱལ་ཁབ་ཁྲི་འབུམ་ཕོ་བྲང་བཅས་ཡིན།

རུ་ནེ་ཝ་གྲོང་ཁྱེར་དུ་འཛམ་གླིང་ཉོ་ཚོང་རྩ་འཛུགས་དང་འཛམ་གླིང་གནམ་གཤིས་ཚོགས་པ། ལས་བཟོ་བའི་རྩ་འཛུགས། རྒྱལ་ཁབ་ཁྲི་འབུམ་སྦྲག་སྲིད་མཉམ་འབྲེལ་ལྷན་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས2000ལྷག་དང་། མི་ཆོས་རིང་ལུགས་ཀྱི་ཚོགས་པ་མང་བོ་ཞིག་གི་གནས་གཞི་བཙུགས་ཡོད་པས། རུ་ནེ་ཝ་གྲོང་ཁྱེར་ལ་ཞི་བདེའི་རྒྱལ་ས་ཞེས་ཀྱང་འབོད། རུ་ནེ་ཝ་རུ་དེ་ལྟ་བུའི་ཚོགས་པ་དང་རྩ་འཛུགས་མང་བོ་ཞིག་ཡོད་པར་མ་ཟད། ཡུལ་ལྗོངས་ཀྱང་མཛེས་ཤིང་ལྟ་ན་སྡུག་པས་སྙན་གྲགས་ཕྱོགས་ཀུན་ཏུ་ཁྱབ་ཡོད། ལྗང་མདོག་དང་ཁང་བརྩེགས་བསྣོལ་མར་བསྡེབས་པའི་གྲོང་ཁྱེར་དེའི་རྒྱལ་ཁབ་ཁྲི་འབུམ་ཕོ་བྲང་གི་སྒོ་ཆེན་ཐད་ན་རྐང་གསུམ་ཅན་གྱི་རྐུབ་སྟེགས་མཐོན་པོ་ཞིག་བསླངས་ཡོད། རྐུབ་སྟེགས་དེས་ས་འོག་འབར་མདེལ་གྱིས་མིའི་རིགས་ལ་གནོད་པ་ཚབས་ཆེན་བཟོས་པ་དེ་མཚོན་པ་ཡིན། རྐུབ་སྟེགས་དེའི་མཐའ་སྐོར་གྱི་སྤང་ཐང་དུ་བཙའ་ཡིས་ཟོས་པའི་སྒྱོགས་འཁོར་འགའ་ཡོད་ལ། སྒྱོགས་འཁོར་དེ་དག་བཤམས་པའི་དམིགས་ཡུལ་ཡང་དམག་འཁྲུག་གིས་ཚེ་སྲོག་ལ་གནོད་པ་ཚབས་ཆེན་བཟོས་པའི་ནག་ཉེས་དེ་མཚོན་པ་ཡིན།

རུ་ནེ་ཝའི་མཚེའུ་ལ་བླ་ན་མེད་པའི་གཞན་ཡིད་འགུགས་ཤུགས་ཤིག་ཡོད། མུ་མཐའ་མེད་པའི་མཚེའུ་ངོས་སུ་ཉི་འོད་འཕྲོས་པ་ན་མཚེའུ་ངོས་སུ་མུ་ཏིག་ཐང་མར་བརྡལ་བ་ལྟར་འོད་སྣང་འཚེར་ཞིང་། ངང་དཀར་ཁྱུ་དང་ཁྱུ་བྱས་ནས་མཚེའུ་ངོས་ན་རྩེད་འཇོར་རོལ་བཞིན་ཡོད། རུ་ནེ་ཝའི་མི་རྣམས་མེ་ཏོག་ཨ་དར་བྱིའུ་དར་ལ་དགའ་ཞིང་། རུ་ནེ་ཝའི་མཚེའུ་ངོགས་ཀྱི་གཞུང་ལམ་གཡས་གཡོན་དུ་མེ་ཏོག་ཨ་དར་བྱིའུ་དར་བཏབ་ཡོད། མེ་ཏོག་ཨ་དར་བྱིའུ་དར་དཀར་བོ་དང་དམར་བོ། སེར་བོ། གློ་ཁ་སོགས་ཀྱིས་རུ་ནེ་ཝ་ལྟ་ན་སྡུག་པ་ཞིག་བརྒྱན་ཡོད། རུ་ནེ་ཝ་གྲོང་ཁྱེར་གྱི་མཚོན་བྱེད་དུ་གྱུར་པའི་རུ་ནེ་ཝའི་མཚེའུ་ངོས་ཀྱི་གྱེན་འཕྱུར་ཆུ་མགོ་དེ་ཉི་འོད་ཀྱི་འོག་ན་ཁ་དོག་རྣམ་པ་སྣ་ཚོགས་ཤིག་འཕྲོ་བཞིན་འདུག རུ་ནེ་ཝ་གྲོང་ཁྱེར་ནི་དངོས་གནས་རང་བྱུང་གི་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་རེད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-12-08

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།