ཝེ་ཉི་སི་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཝེ་ཉི་སི་གྲོང་ཁྱེར།
གྲོང་ཁྱེར་ཞེས་གླེང་དུས་མི་མང་བོ་ཞིག་གི་སྣང་ངོར་རྔམ་བརྗིད་ལྡན་པའི་ཁང་བརྩེགས་དང་འདུ་འཛི་ཆེ་བའི་མི་ཚོགས། ཆུ་རྒྱུན་བཞིན་རྒྱུན་ཆད་མེད་པར་རྒྱུ་བའི་རླངས་འཁོར་གྱི་རྣམ་པ་དེ་ཤར་ངེས་ཡིན། ཡིན་ན་ཡང་། འཛམ་གླིང་ན་རླངས་འཁོར་མེད་པའི་གྲོང་ཁྱེར་ཡང་ཡོད་དེ། དབྱི་ཐ་ལའི་ཝེ་ཉི་སི་གྲོང་ཁྱེར་ནི་འཛམ་གླིང་ཐོག་རླངས་འཁོར་མེད་པའི་གྲོང་ཁྱེར་ཞིག་ཡིན། གྲོང་ཁྱེར་དེར་རླངས་འཁོར་དང་རྐང་འཁོར་གཅིག་ཀྱང་མེད་ལ། འགྲིམ་འགྲུལ་བཀོད་འདོམས་བྱེད་པའི་ཚོན་ལྡན་གློག་ཞུ་ཡང་མེད། གྲོང་ཁྱེར་དེར་མི་རྣམས་འགྲུལ་བཞུད་བྱེད་སྐབས་གྲུ་ལ་སྡོད་དགོས་པ་ཡིན་པས། གྲོང་ཁྱེར་དེ་རུ་གྲུ་ཆུང་ཆུང་ལ་རྡེབ་པའི་ཤག་སྒྲ་ལས་རླངས་འཁོར་གྱི་འུར་སྒྲ་སོགས་ཅི་ཡང་ཐོས་མི་སྲིད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
威尼斯
ཕྱི་ཡིག་གི་མིང་།
དབྱི་ཐ་ལའི་སྐད། Venezia དབྱིན་སྐད། Venice
​མིང་གཞན།
ཆུའི་གྲོང་ཁྱེར། གླིང་བརྒྱའི་གྲོང་ཁྱེར། ཟམ་པའི་གྲོང་ཁྱེར། ཆུ་ཐོག་གྲོང་ཁྱེར།
​སྲིད་འཛིན་ས་ཁུལ་རིགས་དབྱེ།
ཕྱི་རྒྱལ་གྱི་གྲོང་ཁྱེར།
​ཁོངས་གཏོགས་ས་ཁུལ།
ནན་ཨོའུ(དབྱི་ཐ་ལི)
གནས་ཡུལ།
དབྱི་ཐ་ལིའི་ཤར་བྱང་ཕྱོགས་དང་ཡཱ་ཏུ་ལི་ཡཱ་མཚོའི་ས་ཁུལ་དུ་ཡོད།
​མཛེས་ལྗོངས་གྲགས་ཅན།
ཁྱུང་འབྲུག་ཟློས་གར་ཁང་། ཧྲེང་མཱ་ཁུ་ཐང་ཆེན། མཱ་ཁུ་ཏཱ་ཆོས་ཁང་སོགས།
​མེ་འཁོར་ས་ཚིགས།
ཝེ་ཉི་སི་ས་ཚིགས།
1 ངོ་སྤྲོད།

གྲོང་ཁྱེར་ཞེས་གླེང་དུས་མི་མང་བོ་ཞིག་གི་སྣང་ངོར་རྔམ་བརྗིད་ལྡན་པའི་ཁང་བརྩེགས་དང་འདུ་འཛི་ཆེ་བའི་མི་ཚོགས། ཆུ་རྒྱུན་བཞིན་རྒྱུན་ཆད་མེད་པར་རྒྱུ་བའི་རླངས་འཁོར་གྱི་རྣམ་པ་དེ་ཤར་ངེས་ཡིན། ཡིན་ན་ཡང་། འཛམ་གླིང་ན་རླངས་འཁོར་མེད་པའི་གྲོང་ཁྱེར་ཡང་ཡོད་དེ། དབྱི་ཐ་ལའི་ཝེ་ཉི་སི་གྲོང་ཁྱེར་ནི་འཛམ་གླིང་ཐོག་རླངས་འཁོར་མེད་པའི་གྲོང་ཁྱེར་ཞིག་ཡིན། གྲོང་ཁྱེར་དེར་རླངས་འཁོར་དང་རྐང་འཁོར་གཅིག་ཀྱང་མེད་ལ། འགྲིམ་འགྲུལ་བཀོད་འདོམས་བྱེད་པའི་ཚོན་ལྡན་གློག་ཞུ་ཡང་མེད། གྲོང་ཁྱེར་དེར་མི་རྣམས་འགྲུལ་བཞུད་བྱེད་སྐབས་གྲུ་ལ་སྡོད་དགོས་པ་ཡིན་པས། གྲོང་ཁྱེར་དེ་རུ་གྲུ་ཆུང་ཆུང་ལ་རྡེབ་པའི་ཤག་སྒྲ་ལས་རླངས་འཁོར་གྱི་འུར་སྒྲ་སོགས་ཅི་ཡང་ཐོས་མི་སྲིད།

ཝེ་ཉི་སི་གྲོང་ཁྱེར་ནི་སྤྱི་ལོའི་དུས་རབས5པའི་སྐབས་སུ་བསྐྲུན་པ་དང་། དབྱི་ཐ་ལི་རྒྱལ་ཁབ་ཀྱི་བྱང་ཤར་ན་ཆགས་པའི་གྲོང་ཁྱེར་ཞིག་ཡིན་པར་མ་ཟད། ཝེ་ཉི་སི་མཚོ་ཁུགས་ཀྱི་ནུབ་བྱང་ན་ཆགས་ཡོད་པའི་གྲུ་ཁ་གལ་ཆེན་ཞིག་ཀྱང་ཡིན། ཝེ་ཉི་སི་གྲོང་ཁྱེར་ནི་འཛམ་གླིང་དུ་ལོ་རྒྱུས་ཀྱི་དུས་ཡུན་རིང་ཞིང་རིག་གནས་དར་ཁྱབ་ཆེ་བའི་གྲོང་ཁྱེར་ཞིག་ཡིན་ལ། མི་གྲངས་ཁྲི་ཚོ34ལྷག་མཆིས། ཝེ་ཉི་སི་གྲོང་ཁྱེར་དུ་ལྟད་མོ་བལྟ་སའི་གནའ་ཤུལ་བཤད་ན། སྔམ་པ་འཐེན་སའི་ཟམ་པ་དང་ཝེ་ཉི་སི་གྲུ་ཁ། གསེར་ནག་ཕོ་བྲང་། ཚོན་མདངས་གླིང་ཕྲན། ཙུན་ཏི་ཕོ་བྲང་། ཧྲིན་མ་ཁི་ཆོས་ཁང་། ལི་ཡ་ཐོ་ཟམ་པ་བཅས་འཛམ་གླིང་ན་སྐད་གྲགས་ཡོད་པ་ཧ་ཅང་མང་། (གནའ་ཤུལ་དེ་དག་ལ་གཏམ་རྒྱུད་རེ་མངའ་ཡང་ཡིག་ཚོགས་ལ་འཇིགས་ཏེ་རྒྱས་སྤྲ་མི་བྱར་བར་མཁྱེན)ཝེ་ཉི་སི་གྲོང་ཁྱེར་གྱི་གཞི་བདག་ནི་སེང་གེ་གཤོག་པ་ཅན་ཞིག་ཡིན་ལ། གཞི་བདག་དེས་ཝེ་ཉི་སི་གྲོང་ཁྱེར་ནི་ཁ་ན་འཛད་དུ་འཇུག་གིན་མེད་པ་དང་ཞབས་ན་བརྡོལ་དུ་འཇུག་གིན་མེད་པར་སྲུང་སྐྱོབ་བྱས་པ་དང་བྱེད་བཞིན་ཡོད་ཟེར།

ཝེ་ཉི་སི་གྲོང་ཁྱེར་ནི་འཛམ་གླིང་དུ་སྙན་གྲགས་ཡོད་པའི་ཆུ་ཐོག་གྲོང་ཁྱེར་ཞིག་ཡིན་པ་དང་། གླིང་ཕྲན118ཀྱིས་གྲུབ་པའི་གྲོང་ཁྱེར་དེར་མིས་བཟོས་གཙང་བོ་དང་ཆུ་ལམ117དང་། གྲུ་ཁ་ཆུང་ཆུང2200 ཟམ་པ་ཆེ་ཆུང401བཅས་ཡོད་པར་མ་ཟད། ཚེས་རིས་དབྱིབས་ཅན་གྱི་གྲུ་ཆུང་མང་བོ་གཙང་བོའི་སྟེང་དུ་དལ་གྱིས་བཞུད་པ་ན་ཝེ་ཉི་སི་གྲོང་ཁྱེར་ལ་གཞན་དང་མི་མཚུངས་པའི་མཛེས་པའི་སྒེག་ཉམས་ཤིག་བསྣན་ཡོད།

ཝེ་ཉི་སི་གྲོང་ཁྱེར་ནི་འཛམ་གླིང་དུ་སྐད་གྲགས་ཡོད་པའི་ཟམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། ཟམ་པ་དེ་དག་ལས་ལ་ལ་ནི་ཚོན་མདོག་སྣ་ལྔའི་འཇའ་ཚོན་དང་འདྲ་ཞིང་། ལ་ལ་ནི་གཡུ་འབྲུག་སྔོན་མོ་མཁའ་ལ་རྒྱུ་བ་དང་མཚུངས། ཟམ་པ་དེ་དག་གི་ཁྲོད་ནས་སྤྱི་ལོ1592ལོར་བསྐྲུན་པའི་ལི་ཡ་ཐོ་ཟམ་པ་ནི་བརྗིད་ཉམས་ལྡན་ཞིང་འཇའ་ཚོན་ལྟར་མཛེས་པ་དང་། ཟམ་དབྱིབས་དང་མཐུན་པའི་བསིལ་ཁང་གི་དབུས་ནི་མི་འགྲོ་སའི་ལམ་དང་གཡས་གཡོན་གཉིས་ནི་ཚོང་ཁང་ཡིན་པས། ཡུལ་སྐོར་པ་གྲངས་མེད་ཅིག་གིས་གྲོང་ཁྱེར་དེའི་མཛེས་སྡུག་ལ་ཉམས་སུ་མྱོང་ཆེད་སྦྲང་མ་མེ་ཏོག་ལ་འཁོར་བ་ལྟར་ཡུལ་དེར་མ་བགྲོས་རང་མཐུན་སྒོས་འདུ་བཞིན་ཡོད།

ཝེ་ཉི་སི་གྲོང་ཁྱེར་གྱི་མཛེས་སྡུག་ནི་ཆུ་དང་འབྲལ་ཐབས་མེད་དེ། ཀྱ་ཀྱུར་གནས་པའི་ཆུའི་སྲང་ལམ་དང་དལ་གྱིས་རྒྱུ་བའི་ཆུ་རྒྱུན་བཅས་ལ་བལྟས་ན་ཝེ་ཉི་སི་གྲོང་ཁྱེར་ནི་གནམ་སྔོན་པོ་ས་ལ་ལྷུང་འདྲའི་ཆུ་རིས་ངོས་ན་འཕྱོ་བའི་འཆར་ཡན་གྱི་རྨི་ལམ་ཞིག་དང་མཚུངས་པས། གྲོང་ཁྱེར་དེའི་མཛེས་སྡུག་དང་སྒེག་ཉམས་ནི་ནམ་ཡང་ཡིད་ངོ་ནས་ཡལ་མི་སྲིད་པ་ཞིག་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-12-08

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།