པེར་ལིན་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པེར་ལིན་གྲོང་ཁྱེར།
པེར་ལིན་གྲོང་ཁྱེར་ནི་འཇར་མན་རྒྱལ་ཁབ་ཀྱི་རྒྱལ་ས་དང་འཇར་མན་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་ཡིན་ལ། མི་གྲངས་ཁྲི་ཚོ340འདུས་སྡོད་བྱས་ཡོད། པེར་ལིན་གྲོང་ཁྱེར་ནི་འཇར་མན་གྱི་བྱང་ཤར་ཐང་གཞུང་སྟེ་ཧྲི་ཕུ་ལེ་ཆུ་བོ་ཧ་ཝེ་ཨར་ཆུ་བོར་འདྲེས་སའི་མཚམས་ན་ཆགས་འདུག རིག་གནས་དང་ཆབ་སྲིད། སྨྱན་བྱེད། ཚན་རིག་བཅས་ཀྱི་ཐད་ནས་བཤད་ནའང་པེར་ལིན་གྲོང་ཁྱེར་ནི་འཛམ་གླིང་རིམ་པའི་གྲོང་ཁྱེར་ཆེན་མོ་ཞིག་ཡིན། པེར་ལིན་གྲོང་ཁྱེར་ནི་ཡོ་རོབ་གླིང་གི་མཁའ་སྐྱོད་དང་ལྕགས་ལམ་འགྲིམ་འགྲུལ་གྱི་ལྟེ་གནས་ཤིག་ཡིན་པར་མ་ཟད། ཡོ་རོབ་གླིང་གི་ལྗོངས་རྒྱུ་པ་ཆེས་མང་བོ་འདུ་བའི་གྲོང་ཁྱེར་གྱི་གྲས་ཡིན། པེར་ལིན་ནི་དེང་སང་འཛམ་བུ་གླིང་གི་ཁ་མིག་ཡར་ལྟ་བྱ་སའི་གྲོང་ཁྱེར་ཆེན་པོ་ཞིག་སྟེ། རང་དབང་གི་འཚོ་བར་སྙེག་པ་དང་དེང་རབས་ཀྱི་བསམ་བློ་ལྡན་པའི་ན་གཞོན་སྒྱུ་རྩལ་པ་བཅས་ཀྱིས་དད་མོས་བྱ་སའི་གྲོང་ཁྱེར་ཞིག་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
柏林
ཕྱི་ཡིག་གི་མིང་།
འཇར་མན་གྱི་སྐད། Berlin
སྲིད་འཛིན་ས་ཁུལ་རིགས་དབྱེ།
རྒྱལ་ས།
​ཁོངས་གཏོགས་ས་ཁུལ།
འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ།
​སྲིད་གཞུང་གནས་ཡུལ།
པེར་ལིན་རྒྱལ་ཚོགས་ཁང་ཆེན།
གནས་ཡུལ།
འཇར་མན་ཤར་བྱང་ས་ཁུལ།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ883
མི་གྲངས།
ཁྲི་ཚོ340
​དུས་ཁུལ།
ཡོ་རོབ་གླིང་དབུས་ཁུལ་གྱི་དུས་ཚོད(UTC+1)
​མི་འབོར་འདུས་ཚད།
སྟོང་སྨི་གྲུ་བཞི་མ་རེར་མི3818
​སྐད་རིགས།
པེར་ལིན་སྐད། འཇར་མན་གྱི་སྐད།
​གནམ་གཤིས།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་གནམ་གཤིས།
མཛེས་ལྗོངས་གྲགས་ཅན།
ཡ་ཏི་ཧན་ཏའི་ཐང་ཆེན། བྱང་ཆུབ་ཤིང་དྲུང་སྲང་ལམ། བརྙན་འཕྲིན་ཀ་རིང་།
གནམ་གྲུ་ཐང་།
པེར་ལིན་གནམ་གྲུ་ཐང་། ཐའེ་ཀུ་ཨེར་གནམ་གྲུ་ཐང་། ཨའོ་ཐུའོ་ལི་ལིན་ཐཱ་ཨེར་གནམ་གྲུ་ཐང་།
​མེ་འཁོར་ས་ཚིགས།
པེར་ལིན་མི་དམངས་གནམ་གྲུ་ཐང་།
​རླངས་འཁོར་ཨང་རྟགས།
BR
གྲོང་ཁྱེར་གྱི་འགོ་འཛིན།
ཁུ་ལའོ་སི•ཝོ་ཝེ་ལའེ་ཐི།
1 ངོ་སྤྲོད།

པེར་ལིན་གྲོང་ཁྱེར་ནི་འཇར་མན་རྒྱལ་ཁབ་ཀྱི་རྒྱལ་ས་དང་འཇར་མན་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་ཡིན་ལ། མི་གྲངས་ཁྲི་ཚོ340འདུས་སྡོད་བྱས་ཡོད། པེར་ལིན་གྲོང་ཁྱེར་ནི་འཇར་མན་གྱི་བྱང་ཤར་ཐང་གཞུང་སྟེ་ཧྲི་ཕུ་ལེ་ཆུ་བོ་ཧ་ཝེ་ཨར་ཆུ་བོར་འདྲེས་སའི་མཚམས་ན་ཆགས་འདུག རིག་གནས་དང་ཆབ་སྲིད། སྨྱན་བྱེད། ཚན་རིག་བཅས་ཀྱི་ཐད་ནས་བཤད་ནའང་པེར་ལིན་གྲོང་ཁྱེར་ནི་འཛམ་གླིང་རིམ་པའི་གྲོང་ཁྱེར་ཆེན་མོ་ཞིག་ཡིན། པེར་ལིན་གྲོང་ཁྱེར་ནི་ཡོ་རོབ་གླིང་གི་མཁའ་སྐྱོད་དང་ལྕགས་ལམ་འགྲིམ་འགྲུལ་གྱི་ལྟེ་གནས་ཤིག་ཡིན་པར་མ་ཟད། ཡོ་རོབ་གླིང་གི་ལྗོངས་རྒྱུ་པ་ཆེས་མང་བོ་འདུ་བའི་གྲོང་ཁྱེར་གྱི་གྲས་ཡིན། པེར་ལིན་ནི་དེང་སང་འཛམ་བུ་གླིང་གི་ཁ་མིག་ཡར་ལྟ་བྱ་སའི་གྲོང་ཁྱེར་ཆེན་པོ་ཞིག་སྟེ། རང་དབང་གི་འཚོ་བར་སྙེག་པ་དང་དེང་རབས་ཀྱི་བསམ་བློ་ལྡན་པའི་ན་གཞོན་སྒྱུ་རྩལ་པ་བཅས་ཀྱིས་དད་མོས་བྱ་སའི་གྲོང་ཁྱེར་ཞིག་རེད། ཧ་ཝེ་ཨར་ཆུ་བོའི་རྒྱུད་དུ་མཚེའུ་མང་བོ་ཆགས་ཡོད། ཆུ་དེས་པེར་ལིན་གྲོང་ཁྱེར་ལ་འཚོ་བའི་སྤྱོད་ཆུ་མཁོ་སྤྲོད་བྱེད་བཞིན་ཡོད་པར་མ་ཟད། པེར་ལིན་གྲོང་ཁྱེར་གྱི་མཐའ་སྐོར་ནགས་ཚལ་མང་བོ་ཚང་ཚིང་དུ་རྒྱས་སུ་བཅུག་ཡོད་པས། པེར་ལིན་གྲོང་ཁྱེར་ལ་མཚེའུ་དང་ནགས་ཚལ་གྱི་གྲོང་ཁྱེར་ཞེས་པའི་མཚན་སྙན་ཡོད།

པེར་ལིན་གྲོང་ཁྱེར་ནི་སྔ་ཕྱིར་ཕུའུ་ལུའུ་ཧྲི་རྒྱལ་ཁབ་ཀྱི་རྒྱལ་ས(སྤྱི་ལོ1701ནས་སྤྱི་ལོ1870ལོའི་བར)དང་། འཇར་མན་བཙན་རྒྱལ་གྱི་རྒྱལ་ས(སྤྱི་ལོ1871ནས་སྤྱི་ལོ1918ལོའི་བར) ཝེ་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས(སྤྱི་ལོ1919ནས་སྤྱི་ལོ1933ལོའི་བར) ན་ཙི་འཇར་མན་རྒྱལ་ཁབ་ཀྱི་རྒྱལ་ས(སྤྱི་ལོ1933ནས་སྤྱི་ལོ1945ལོའི་བར)བཅས་བྱས་མྱོང་བ་རེད། དུས་རབས་བཅུ་དགུའི་ལོ་རབས་ཉི་ཤུའི་སྐབས་སུ་པེར་ལིན་འཛམ་གླིང་གི་རང་སྐྱོང་གྲོང་ཁྱེར་ཨང་གསུམ་པར་གྱུར་འདུག འཛམ་གླིང་འཁྲུག་ཆེན་ཨང་གཉིས་པའི་སྐབས་སུ་པེར་ལིན་གྲོང་ཁྱེར་གས་མ་གཉིས་སུ་བཅད་པ་རེད། ཤར་པེར་ལིན་ནི་ཤར་ཕྱོགས་འཇར་མན་གྱི་རྒྱལ་སར་གྱུར་པ་དང་། ནུབ་པེར་ལིན་ནི་ཤར་ཕྱོགས་པེ་ལིན་གྱི་ས་ཐོག་ནས་ཆགས་འདུག་པས། མཐའ་སྐོར་དུ་པེར་ལིན་གྱང་ར་ཞེས་པའི་མཁར་གྱང་གིས་བསྐོར་འདུག སྤྱི་ལོ1990ལོར་འཇར་མན་ཤར་ནུབ་གཉིས་གཅིག་གྱུར་བྱུང་རྗེས། པེར་ལིན་གྲོང་ཁྱེར་དེ་སླར་ཡང་འཇར་མན་རྒྱལ་སར་གྱུར་ཅིང་། རྒྱལ་ཁབ147གྱིས་གཞུང་ཚབ་ཁང་བཙུགས་ཡོད།

པེར་ལིན་གྲོང་ཁྱེར་གྱི་མཐའ་སྐོར་ཐམས་ཅད་དེང་རབས་ཅན་གྱི་མགྲོན་ཁང་དང་ཚོང་ཁང་། ཚོམས་ཆེན། དགེ་རྒན་ཚོགས་ཁང་བཅས་ཀྱིས་བསྐོར་ཡོད། ཡ་ཏི་ཧན་ཏའི་ཐང་ཆེན་གྱི་ཐང་དཀྱིལ་ན་བསླངས་ཡོད་པའི་བརྙན་འཕྲིན་ཀ་རིང་ནི་བཟོ་བཀོད་མཛེས་ཤིང་བརྗིད་ཉམས་ལྡན་པ་ཞིག་རེད། ཁུའུ་ཨར་ཧྥེ་སི་ཐིན་ཏ་མུའུ་སྲང་ལམ་གྱི་རིང་ཚད་ལ་སྤྱི་ལེ་གསུམ་ཡོད་པ་དང་། དེར་བཟོ་ཁང་དང་ཚོང་ཁང་སོགས་གཅིག་འཕྲོར་གཅིག་བསྟར་འདུག སྐད་གྲགས་ཆེ་བའི་བྱང་ཆུབ་ཤིང་དྲུང་སྲང་ལམ་ནི་ཡོ་རོབ་གླིང་གི་ཆེས་ཆེ་བའི་གྲིབ་བསིལ་སྲང་ལམ་ཡིན་ནོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-12-08

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།