རོ་མ་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རོ་མ་གྲོང་ཁྱེར།
རོ་མ་གྲོང་ཁྱེར་ནི་དབྱི་ཐ་ལི་རྒྱལ་ཁབ་ཀྱི་རྒྱལ་ས་སྟེ། དབྱི་ཐ་ལི་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། འགྲིམ་འགྲུལ་བཅས་ཀྱི་ལྟེ་བ་ཡིན་པར་མ་ཟད། འཛམ་གླིང་སྟེང་གི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དང་གནའ་བོའི་རོ་མ་བཙན་རྒྱལ་གྱི་འབྱུང་ཁུངས་ཡིན། རོ་མ་གྲོང་ཁྱེར་ནི་ལོ་རྒྱུས་ཀྱི་དུས་ཡུན་ཤིན་ཏུ་རིང་བའི་གནའ་བོའི་གྲོང་ཁྱེར་ཞིག་ཡིན་པས་ན། རྟག་བརྟན་མི་འགྱུར་གྲོང་ཁྱེར་ཡང་ཟེར་བ་རེད། རོ་མ་གྲོང་ཁྱེར་ནི་དབྱི་ཐ་ལི་ཕྱེད་གླིང་གི་ནུབ་དབུས་ཏེ་ཐེ་པོ་ཆུ་བོའི་སྨད་རྒྱུད་ཐང་ཆེན་གྱི་དེའུ་འབུར་བདུན་གྱི་སྟེང་ན་ཆགས་འདུག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
罗马
ཕྱི་ཡིག་གི་མིང་།
དབྱིན་སྐད། Rome དབྱི་ཐ་ལིའི་སྐད། Roma
མིང་གཞན།
དེའུ(འབུར)བདུན་གྱི་གྲོང་ཁྱེར།
སྲིད་འཛིན་ས་ཁུལ་རིགས་དབྱེ།
གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
དབྱི་ཐ་ལིའི་ལཱ་ཆི་ཨའོ།
​ས་ཁོངས་ཁ་པར་ཨང་རྟགས།
00396
​སྦྲག་སྲིད་ཨང་རྟགས།
00185
གནས་ཡུལ།
དབྱི་ཐ་ལིའི་གླིང་ཕྲན་ཕྱེད་མའི་དབུས་ནུབ་ཁུལ།
​རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1285.306
​མི་གྲངས།
ཁྲི་ཚོ2833.56 (སྤྱི་ལོ2013ལོ)
སྐད་རིགས།
དབྱི་ཐ་ལིའི་སྐད།
​གནམ་གཤིས།
ས་དབུས་རྒྱ་མཚོའི་གནམ་གཤིས།
​མཛེས་ལྗོངས་གྲགས་ཅན།
རྒན་ཚོགས་ཁང་དང་རྒྱལ་ཁ་བསུ་བའི་སྒོ་ཆེན། མཛད་རྗེས་རྡོ་རིང་། ལྷ་ཚོགས་ཁང་བཟང་། རྩལ་འགྲན་ར་བ་སོགས།
གནམ་གྲུ་ཐང་།
ལིའི་ཨའོ་ནཱ་ཏུའོ་ཏཱ་ཧྥུན་ཆི་རྒྱལ་སྤྱིའི་གནམ་གྲུ་ཐང་། ཆཱ་སྨི་ཕི་ནུའོ་གནམ་གྲུ་ཐང་།
མེ་འཁོར་ས་ཚིགས།
རོ་མ་དཀྱིལ་དབུས་ས་ཚིགས། རོ་མ་ཏི་པོ་ཏི་ནཱ་ས་ཚིགས།
རླངས་འཁོར་ཨང་རྟགས།
RM
གྲོང་ཁྱེར་གྱི་འགོ་འཛིན།
ཆོ་ཝ་ཉི •ཨ་ལའེ་མཱ་ནུའོ།
1 ​ངོ་སྤྲོད།

རོ་མ་གྲོང་ཁྱེར་ནི་དབྱི་ཐ་ལི་རྒྱལ་ཁབ་ཀྱི་རྒྱལ་ས་སྟེ། དབྱི་ཐ་ལི་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། འགྲིམ་འགྲུལ་བཅས་ཀྱི་ལྟེ་བ་ཡིན་པར་མ་ཟད། འཛམ་གླིང་སྟེང་གི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དང་གནའ་བོའི་རོ་མ་བཙན་རྒྱལ་གྱི་འབྱུང་ཁུངས་ཡིན། རོ་མ་གྲོང་ཁྱེར་ནི་ལོ་རྒྱུས་ཀྱི་དུས་ཡུན་ཤིན་ཏུ་རིང་བའི་གནའ་བོའི་གྲོང་ཁྱེར་ཞིག་ཡིན་པས་ན། རྟག་བརྟན་མི་འགྱུར་གྲོང་ཁྱེར་ཡང་ཟེར་བ་རེད། རོ་མ་གྲོང་ཁྱེར་ནི་དབྱི་ཐ་ལི་ཕྱེད་གླིང་གི་ནུབ་དབུས་ཏེ་ཐེ་པོ་ཆུ་བོའི་སྨད་རྒྱུད་ཐང་ཆེན་གྱི་དེའུ་འབུར་བདུན་གྱི་སྟེང་ན་ཆགས་འདུག 

རོ་མ་གྲོང་ཁྱེར་ནི་འཛམ་གླིང་སྟེང་གི་ཆེས་ཆེ་བའི་གནམ་བདག་ཆོས་ལུགས་ཀྱི་ལྟེ་གནས་ཡིན་ལ། ཆོས་ཁང་དང་སྒྲུབ་ཁང700ལྷག་དང་གནམ་བདག་ཆོས་ལུགས་ཀྱི་སློབ་གྲྭ་ཆེན་མོ7བཅས་ཡོད། གྲོང་ཁྱེར་ནང་གི་གྲོང་ཁྱེར་ཏེ་ཧྥ་ཐིས་ཀང་ནི་གནམ་བདག་ཆོས་ལུགས་ཀྱི་ཆོས་དཔོན་དང་ཆོས་དཔོན་འཁོར་གཡོག་བཞུགས་གནས་ཡིན།

རོ་མ་གྲོང་ཁྱེར་ཆགས་པར་ངག་རྒྱུན་ཞིག་ཀྱང་ཡོད་དེ། སྤྱི་ལོ་སྔོན་གྱི་དུས་རབས4པ་ནས་དུས་རབས8པའི་བར་དུ་རོ་མ་རྒྱལ་པོ་ནུའུ་མུས་ཐོ་ལེ་ཞེས་པ་དེ་རང་གི་ནུ་བོ་ཨ་མུའུ་ལིས་ཨོ་ཞེས་པ་དེས་དབང་ཆ་བརྩད་དེ་ཐག་རིང་དུ་སྤྱུགས་ཤིང་། རྒྱལ་སྲས་ཀྱང་དམར་གསོད་བྱས་པ་རེད། ཡིན་ནའང་ཁོང་གི་སྲས་མོ་ཞི་ཨེར་ཝེ་ཡ་ནི་དགྲ་ལྷ་མར་སི་དང་དགའ་མགུ་སྤྱད་དེ་ལོ་མུའུ་ལོ་དང་ལེ་མོ་ཞེས་པའི་མཚེ་མ་གཉིས་སྐྱེས་ཀྱང་ཨ་མུའུ་ལིས་ཨོས་ཤེས་ཏེ་མཚེ་མ་གཉིས་ཀ་ཐེ་པོ་ཆུ་བོར་བསྐུར་བ་རེད། འོན་ཀྱང་མཚེ་མ་གཉིས་ཀ་མ་བསམས་ས་ནས་སྤྱང་མ་ཞིག་གིས་བསྐྱབས་ཏེ་ནུ་མ་བསྣུན་པ་དང་། རྗེས་ནས་རྔོན་པ་ཞིག་གིས་བསྙོར་ནས་ལག་ཆགས་སུ་བཅུག་པ་རེད། མཚེ་མ་དེ་གཉིས་ཀ་ནར་སོན་རྗེས་ཨ་མུའུ་ལིས་ཨོ་བསྒྲལ་ཏེ་དགྲ་ཤ་བླངས་པ་དང་། རང་གི་ཨ་མེས་ཏེ་ནུའུ་མུས་ཐོ་ལེ་སྲིད་ཁྲིར་མངའ་གསོལ་བ་རེད། ནུའུ་མུས་ཐོ་ལེས་ཐེ་པོ་ཆུ་བོའི་འགྲམ་རྒྱུད་ཀྱི་དེའུ་འབུར་བདུན་མཚེ་མ་སྤུན་མཆེད་གཉིས་ལ་གནང་སྟེ་རྒྱལ་ས་སོ་མ་ཞིག་བསྐྲུན་ཏུ་བཅུག རྒྱལ་ས་འགྲུབ་ལ་ཉེ་སྐབས་ལོ་མུའུ་ལོ་ཡིས་རང་གི་ནུ་བོ་ལེ་མོ་བཀུམ་སྟེ་རང་གི་མིང་དེ་མཁར་གྲོང་སོ་མ་དེར་བཏགས་པ་རེད། ཉིན་དེ་ནི་ཏན་ཏན་སྤྱི་ལོ་སྔོན་གྱི753ལོའི་ཟླ4པའི་ཚེས21ཡིན་པས། ཉིན་མོ་དེ་ནི་རོ་མ་མཁར་གྲོང་འགྲུབ་པའི་ཉིན་མོར་གཏན་འཁེལ་བྱས་པ་རེད། སྤྱང་མས་ཁྱེའུར་ནུ་མ་བསྣུན་པ་ཞེས་པའི་རི་མོ་དེ་ནི་རོ་མ་གྲོང་ཁྱེར་གྱི་མཚོན་རྟགས་སུ་གཏན་འཁེལ་བྱས་འདུག

རོ་མ་གྲོང་ཁྱེར་ནི་འཛམ་གླིང་རིག་གནས་ཀྱི་འབྱུང་ཁུངས་གཅིག་ཡིན་པས། ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་དང་ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་ཡོད་པ་རེད། རོ་མ་གྲོང་ཁྱེར་ལ་མཁར་གྲོང་ཁྲི་འདུ་གྲོང་ཁྱེར་ཞེས་པའི་མཚན་སྙན་ཡོད། རོ་མ་གྲོང་ཁྱེར་ལ་མི་གྲངས་ཁྲི་ཚོ280ལྷག་མཆིས་ཤིང་། སྤྱི་ལོ756ནས་སྤྱི་ལོ1870ཡི་བར་དུ་རོ་མ་གྲོང་ཁྱེར་ནི་གནམ་བདག་ཆོས་རྒྱལ་གྱི་རྒྱལ་ས་ཡིན་པ་དང་། སྤྱི་ལོ1870ལོ་སྟེ་དབྱི་ཐ་ལི་རྒྱལ་ཁབ་གཅིག་གྱུར་བྱས་རྗེས་དབྱི་ཐ་ལི་རྒྱལ་ཁབ་ཀྱི་རྒྱལ་སར་གཏན་འཁེལ་བྱས་པ་རེད།

རོ་མ་གྲོང་ཁྱེར་ལ་གྲོང་ཁྱེར་གསར་རྙིང་གཉིས་ཡོད་དེ། གྲོང་ཁྱེར་རྙིང་བ་བྱང་ཕྱོགས་དང་གྲོང་ཁྱེར་སོ་མ་ལྷོ་ཕྱོགས་སུ་མཆིས། གྲོང་ཁྱེར་སོ་མ་ནི་དུས་རབས20ཡི་ལོ་རབས20ནས་ལོ་རབས50ཡི་བར་དུ་བསྐྲུན་པ་ཡིན་ལ། དེ་ནི་ཁང་བརྩེགས་མཐོན་པོ་ཀྲོང་ངེར་འགྱིང་བའི་དེང་རབས་ཀྱི་གྲོང་ཁྱེར་ཞིག་ཡིན། གྲོང་ཁྱེར་རྙིང་བ་ནི་གབ་སྦས་བྱས་མེད་པའི་ལོ་རྒྱུས་ཀྱི་བཤམས་སྟོན་ཁང་ཆེན་པོ་ཞིག་དང་མཚུངས། གནས་དེ་རུ་རོ་མ་དུས་སྐབས་ཀྱི་རྒན་ཚོགས་ཁང་དང་རྒྱལ་ཁ་བསུ་བའི་སྒོ་ཆེན། མཛད་རྗེས་རྡོ་རིང་། ལྷ་ཚོགས་ཁང་བཟང་། རྩལ་འགྲན་ར་བ་སོགས་འཛམ་གླིང་ན་སྐད་གྲགས་ཆེ་བའི་གནའ་ཤུལ་མང་བོ་ཡོད་པར་མ་ཟད། རིག་གནས་བསྐྱར་དར་དུས་སྐབས་ཀྱི་ལྟ་ན་སྡུག་པའི་བཟོ་བཀོད་དང་བཟོ་རྩལ་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་ཤུལ་བཞག་དངོས་རྫས་མང་བོ་ཡོད་པ་རེད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-12-08

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།