དབྱི་སི་ཐན་པུར་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབྱི་སི་ཐན་པུར་གྲོང་ཁྱེར།
ཐུར་ཁེ་རྒྱལ་ཁབ་ཀྱི་དབྱི་སི་ཐན་པུར་གྲོང་ཁྱེར་ནི་ཡོ་རོབ་གླིང་དང་ཨེ་ཤ་ཡ་གླིང་ཆེན་གཉིས་ཀྱི་སྟེང་ན་ཆགས་ཡོད་པའི་གྲོང་ཁྱེར་ཆེན་པོ་ཞིག་ཡིན་པ་དང་། གྲོང་ཁྱེར་དེའི་ཤར་རྒྱུད་ཨེ་ཤ་ཡ་དང་ནུབ་རྒྱུད་ཡོ་རོབ་གླིང་གི་ས་ཐོག་ན་ཆགས་ཤིང་། མི་གྲངས་ཁྲི་ཚོ1400ལྷག་ཡོད་པ་དང་། སྡོད་དམངས་བརྒྱ་ཆའི་གོ་བརྒྱད་ཡན་གྱིས་དབྱི་སི་ལན་ཆོས་ལུགས་ལ་དད་པ་བྱེད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
伊斯坦布尔
ཕྱི་ཡིག་གི་མིང་།
İstanbul(ཐུར་ཁེའི་སྐད) Istanbul(དབྱིན་སྐད) イスタンブール(འཇར་པན་གྱི་སྐད)
མིང་གཞན།
ཅུན་ཧྲི་ཐན་ཏིང་པའོ། ཁང་སི་ཐན་ཏིང་པའོ། པའེ་ཀྲན་ཐིང་།
​ སྲིད་འཛིན་ས་ཁུལ་རིགས་དབྱེ།
ཞིང་ཆེན་སྲིད་གཞུང(སྤྱི་ལོ1923ལོའི་ཡར་སྔོན་ཐུར་ཁེ་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན)
ཁོངས་གཏོགས་ས་ཁུལ།
ཐུར་ཁེ་དབྱི་སི་ཐན་པུར་ཞིང་ཆེན།
ས་ཁོངས་ཁ་པར་ཨང་རྟགས།
(+90)212 (+90)216
སྦྲག་སྲིད་ཨང་རྟགས།
34000 34850
​གནས་ཡུལ།
ཡོ་རོབ་གླིང་གི་ཤར་ལྷོའི་ས་ཁུལ།
​རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ5343
མི་གྲངས།
ཁྲི་ཚོ1385(སྤྱི་ལོ2013ལོ)
སྐད་རིགས།
ཐུར་ཁེའི་སྐད།
​གནམ་གཤིས།
ས་དབུས་རྒྱ་མཚོའི་གནམ་གཤིས།
མཛེས་ལྗོངས་གྲགས་ཅན།
ཐོ་ཕུ་ཁ་ཕིས་ཕོ་བྲང་དང་སུའུ་ལེ་མན་ཉི་ཡ་དགོན་པ། ཧྲིན་སོ་ཧྥེ་ཡ་ཆོས་ཁང་ཆེན་མོ། དབྱི་སི་ལན་ཆོས་ལུགས་ཀྱི་དགོན་པ་སྔོན་པོ་སོགས།
​གནམ་གྲུ་ཐང་།
དབྱི་སི་ཐན་པུར་ཨ་ཐཱ་ཐུའུ་ཨེར་ཁུ་རྒྱལ་སྤྱིའི་གནམ་གྲུ་ཐང་།
​ མེ་འཁོར་ས་ཚིགས།
ཧའེ་ཏཱ་ཨེར་ཕཱ་ཞཱ་ས་ཚིགས།
མཐོ་རིམ་སློབ་ཆེན།
དབྱི་སི་ཐན་པུར་སློབ་ཆེན། ཐུར་ཁེ་མཚོ་འགག་སློབ་ཆེན།
​འཛུགས་སྐྲུན་དུས་ཚོད།
སྤྱི་ལོ་སྔོན་གྱི660ལོ།
གྲོང་ཁྱེར་གྱི་འགོ་འཛིན།
ཁཱ་ཏི་ཨེར • ཐུའོ་ཕུའུ་པཱ་ཧྲེན།
​ཁོངས་གཏོགས་གླིང་།
ཡོ་རོབ་གླིང་།
1 ​ངོ་སྤྲོད།

ཐུར་ཁེ་རྒྱལ་ཁབ་ཀྱི་དབྱི་སི་ཐན་པུར་གྲོང་ཁྱེར་ནི་ཡོ་རོབ་གླིང་དང་ཨེ་ཤ་ཡ་གླིང་ཆེན་གཉིས་ཀྱི་སྟེང་ན་ཆགས་ཡོད་པའི་གྲོང་ཁྱེར་ཆེན་པོ་ཞིག་ཡིན་པ་དང་། གྲོང་ཁྱེར་དེའི་ཤར་རྒྱུད་ཨེ་ཤ་ཡ་དང་ནུབ་རྒྱུད་ཡོ་རོབ་གླིང་གི་ས་ཐོག་ན་ཆགས་ཤིང་། མི་གྲངས་ཁྲི་ཚོ1400ལྷག་ཡོད་པ་དང་། སྡོད་དམངས་བརྒྱ་ཆའི་གོ་བརྒྱད་ཡན་གྱིས་དབྱི་སི་ལན་ཆོས་ལུགས་ལ་དད་པ་བྱེད་པ་ཡིན།

དབྱི་སི་ཐན་པུར་གྲོང་ཁྱེར་ནི་ཐུར་ཁེ་རྒྱལ་ཁབ་ཀྱི་རིག་གནས་དང་དཔལ་འབྱོར། དངུལ་རྩ་བཅས་ཀྱི་ལྟེ་བ་ཡིན་པར་མ་ཟད། ཐུར་ཁེ་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་དང་གྲུ་ཁ། ཡོ་རོབ་གླིང་གི་གྲོང་ཁྱེར་ཆེན་པོ་བཅས་ཡིན། ལོ་རྒྱུས་ཀྱི་དུས་ཡུན་རིང་བའི་གྲོང་ཁྱེར་དེར་གནའ་ཤུལ་གྲགས་ཅན་མང་པོ་ཡོད་པ་དང་། སྐད་གྲགས་ཅན་གྱི་ཏི་ཨོ་ཏའོ་ཞི་མཁར་གྱང་ནི་རོ་མ་བཙན་རྒྱལ་གྱིས་ཕྱི་དགྲ་འགོག་པའི་ཆེད་དུ་བརྩིགས་པའི་མཁར་གྱང་མཐོན་པོ་ཞིག་ཡིན་ལ། མཁར་གྱང་དེའི་རིང་ཚད་ལ་སྤྱི་ལེ7ཙམ་ཡོད་འདུག

ཨའོ་སི་མན་བཙན་རྒྱལ་གྱི་དུས་སུ་དབྱི་སི་ཐན་པུར་གྲོང་ཁྱེར་ནི་དབྱི་སི་ལན་ཆོས་ལུགས་ཀྱི་ལྟེ་གནས་སུ་གྱུར་ཅིང་། གྲོང་ཁྱེར་ཡོངས་སུ་དབྱི་སི་ལན་ཆོས་ལུགས་ཀྱི་དགོན་པ་ཆེན་པོ་བརྒྱ་ཕྲག་འགའ་བཞེངས་འདུག དགོན་པ་དེ་དག་ལས་ཆེས་ཆེ་བའི་དགོན་པ་ནི་དབྱི་སི་ལན་དགོན་པ་སྔོན་པོ་ཞེས་པ་དེ་ཡིན་ཞིང་། དགོན་པ་དེའི་ཚོགས་ཁང་དུ་མི་ཉིས་སྟོང་ལྷག་ཤོང་བ་རེད།

དབྱི་སི་ཐན་པུར་གྲོང་ཁྱེར་ལ་ལྟ་སྐོར་དུ་ཕྱིན་ན་མཇལ་ས་བལྟ་ས་ཤིན་ཏུ་མང་སྟེ། དཔེར་ན། འཛམ་གླིང་ན་སྐད་གྲགས་ཆེ་བའི་ཐོ་ཕུ་ཁ་ཕིས་ཕོ་བྲང་དང་དབྱི་སི་ལན་ཆོས་ལུགས་ཀྱི་སུའུ་ལེ་མན་ཉི་ཡ་དགོན་པ། ཧྲིན་སོ་ཧྥེ་ཡ་ཆོས་ཁང་ཆེན་མོ། དབྱི་སི་ལན་ཆོས་ལུགས་ཀྱི་དགོན་པ་སྔོན་པོ། གནའ་རྫས་རྟོག་དཔྱོད་བཤམས་སྟོན་ཁང་། ཁ་ལི་ཡེ་བཤམས་སྟོན་ཁང་། ཏོ་མ་པ་ཧི་ཆེ་ཕོ་བྲང་། ས་འོག་ཕོ་བྲང་། པའོ་སི་ཕུའུ་ལུའུ་སི་མཚོ་འགག་ཟམ་ཆེན། དབྱི་སི་ལན་ཆོས་ལུགས་ཀྱི་སུའུ་ཏན་ཨ་ཧ་མད་ཏི་དགོན་པ། ཐོ་ཕུའུ་ཁ་པོ་བཤམས་སྟོན་ཁང་། པེ་ལེ་པེ་ཡེ་ཕོ་བྲང་བཅས་མཆིས།

དབྱི་སི་ཐན་པུར་གྲོང་ཁྱེར་ནི་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་རིག་གནས་གཉིས་ཆབས་ཅིག་ཏུ་འདྲེ་སའི་འདུས་མདོ་ཡིན་པས། རིག་གནས་དེ་གཉིས་འདྲེས་པ་ལས་བྱུང་བའི་གནའ་ཤུལ་གྲགས་ཅན་ནི་ཧྲིན་སོ་ཧྥེ་ཡ་ཆོས་ཁང་ཆེན་མོ་དང་སུའུ་ཏན་ཨ་ཧ་མད་ཏི་དགོན་པ། ཐོ་ཕུའུ་ཁ་པོ་བཤམས་སྟོན་ཁང་བཅས་ཡིན། ཧྲིན་སོ་ཧྥེ་ཡ་ཆོས་ཁང་ཆེན་མོ་ནི་རོ་མ་བཙན་རྒྱལ་གྱི་སྐབས་སུ་བཞེངས་པའི་ཡེ་ཤུའི་ཆོས་ཁང་ཆེན་མོ་ཞིག་ཡིན་པ་དང་། ཆོས་ཁང་དེ་ནི་རྔམ་བརྗིད་ལྡན་པའི་རྡོ་གྲུབ་ཁང་ཆེན་ཞིག་ཡིན་ལ། ཁང་ཀླད་གོར་གོར་ཡིན་པ་དང་ཚངས་ཐིག་ལ་སྨི31མཆིས་ཤིང་མཐོ་ཚད་ལ་སྨི55ཡོད། སུའུ་ཏན་ཨ་ཧ་མད་ཏི་དགོན་པ་ནི་སྤྱི་ལོ1616ལོར་བཞེངས་པ་ཞིག་ཡིན་ལ། ཆོས་སྒྲོག་མཆོད་རྟེན6མཆིས། ཐོ་ཕུའུ་ཁ་པོ་བཤམས་སྟོན་ཁང་ནི་སྤྱི་ལོ1478ལོར་བཞེངས་པ་ཞིག་ཡིན། ཐུར་ཁེ་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་དངོས་མང་བོ་ཉར་ཚགས་བྱས་ཡོད། ཏོ་མ་པ་ཧི་ཆེ་ཕོ་བྲང་ནི་དུས་རབས19པའི་དུས་དཀྱིལ་དུ་བཞེངས་པ་ཡིན་ལ། བརྗིད་ཆགས་ཤིང་བཟོ་བཀོད་མཛེས་པར་མ་ཟད། ཞིབ་ཚགས་ལྡན་པའི་བརྐོས་དཀྲོལ་དང་མིག་ལ་མཛེས་པའི་ལྡེབས་རིས། མཛེས་རྒྱན་སོགས་ཀྱིས་ཡོངས་སུ་སྤུད་འདུག

དབྱི་སི་ཐན་པུར་གྲོང་ཁྱེར་གྱི་མཐོ་ས་ནས་ནུབ་ཕྱོགས་སུ་བལྟས་ན་ཡོ་རོབ་གླིང་མིག་ལམ་ན་ཡོད་པ་དང་། དབྱི་སི་ཐན་པུར་གྲོང་ཁྱེར་ནས་ཤར་ཕྱོགས་སུ་བལྟས་ན་ཡ་གླིང་གི་ཕ་མེས་ཨར་མཐོ་སྒང་མིག་ལམ་དུ་བཤམས་འདུག དབྱི་སི་ཐན་པུར་གྲོང་ཁྱེར་ནི་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ཡོད་པའི་དར་གོས་ཚོང་ལམ་གྱི་འདུས་མདོར་ཆགས་ཡོད་པས། ཀྲུང་གོའི་རྫ་ཆས་བསྲེག་པའི་ལག་རྩལ་ཧ་ཅང་དར་འདུག

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-12-29

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།