དབྱང་ཞའོ་ཏུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབྱང་ཞའོ་ཏུའུ།
དབྱང་ཞའོ་ཏུའུ། ཕོ། རྒྱ་རིགས། སྤྱི་ལོ1953ལོའི་ཟླ10པར་ཧྲང་ཧའེ་གྲོང་ཁྱེར་དུ་སྐྱེས། སྤྱི་ལོ1970ལོའི་ཟླ5པར་བྱ་བར་ཞུགས་པ་དང་། སྤྱི་ལོ1973ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གནས་ཡིན། ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ལྟ་ཞིབ་པུའི་པུའུ་ཀྲང་། རྒྱལ་ཁབ་རུལ་སུངས་སྔོན་འགོག་ཅུས་ཀྱི་ཅུའུ་ཀྲང་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
杨晓渡
བོད་ཡིག་གི་མིང་།
དབྱང་ཞའོ་ཏུའུ།
རྒྱལ་ཁབ།
ཀྲུང་གོ
མི་རིགས།
རྒྱ་རིགས།
སྐྱེལ་ཡུལ།
ཧྲང་ཧའེ།
སྐྱེས་ལོ།
1953
མཐར་ཕྱིན་སློབ་གྲྭ།
ཀྲུང་དབྱང་ཏང་གི་སློབ་གྲྭ།

དབྱང་ཞའོ་ཏུའུ། ཕོ། རྒྱ་རིགས། སྤྱི་ལོ1953ལོའི་ཟླ10པར་ཧྲང་ཧའེ་གྲོང་ཁྱེར་དུ་སྐྱེས། སྤྱི་ལོ1970ལོའི་ཟླ5པར་བྱ་བར་ཞུགས་པ་དང་། སྤྱི་ལོ1973ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གནས་ཡིན།

ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ལྟ་ཞིབ་པུའི་པུའུ་ཀྲང་། རྒྱལ་ཁབ་རུལ་སུངས་སྔོན་འགོག་ཅུས་ཀྱི་ཅུའུ་ཀྲང་བཅས་ཀྱི་འགན་བཞེས་ཡོད།

1 མི་ཚེ་བརྒྱུད་རིམ།

སྤྱི་ལོ1970ལོ་ནས་སྤྱི་ལོ1973ལོའི་བར། ཨན་ཧུའེ་ཞིང་ཆེན་ཐའེ་ཧུ་རྫོང་སུང་ཅི་ཀུང་ཧྲུ་ཀའོ་མིའོ་རུ་ཆེན་གྱི་གཞོན་ནུ་ཤེས་ཡོན་ཅན་ཡིན།

སྤྱི་ལོ1973ལོ་ནས་སྤྱི་ལོ1976ལོའི་བར། ཧྲང་ཧའེ་ཀྲུང་ལུགས་གསོ་རིག་སློབ་གླིང་སྨན་རྫས་ཚན་ཁག་ཏུ་སྨན་རྫས་ཆེད་ལས་ཀྱི་སློབ་སྦྱོང་བྱས།

སྤྱི་ལོ1976ལོ་ནས་སྤྱི་ལོ1984ལོའི་བར། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་སྨན་རྫས་ཀུང་སིའི་ཀུའུ་ཀྲང་དང་། སྤྱི་གཉེར་གཞོན་པ། ཏང་ཀྲི་པུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ1984ལོ་ནས་སྤྱི་ལོ1986ལོའི་བར། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1986ལོ་ནས་སྤྱི་ལོ1992ལོའི་བར། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པའི་འགན་བཞེས། (དེའི་རིང་སྤྱི་ལོ1988ལོ་ནས་སྤྱི་ལོ་1989ལོའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭར་ལོ་གཅིག་ལམ་ལུགས་ཀྱི་གཞོན་ནུ་ལས་བྱེད་པའི་གསོ་སྐྱོང་འཛིན་གྲྭར་སློབ་སྦྱོང་བྱས་།)

སྤྱི་ལོ1992ལོ་ནས་སྤྱི་ལོ1995ལོའི་བར། བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཨུའི་ཧྲུའུ་ཅི་གཞོན་པ་དང་། སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པའི་འགན་བཞེས།

སྤྱི་ལོ1995ལོ་ནས་སྤྱི་ལོ1998ལོའི་བར། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཐིང་ཀྲང་དང་། ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ1998ལོ་ནས་སྤྱི་ལོ2001ལོའི་བར། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་དང་། ནོར་སྲིད་ཐིང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་བཞེས། 

སྤྱི་ལོ2001ལོ་ནས་སྤྱི་ལོ2006ལོའི་བར། ཧྲང་ཧའེ་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པའི་འགན་བཞེས། (སྤྱི་ལོ1998ལོ་ནས་སྤྱི་ལོ2001ལོའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་གླིང་གི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཁྲིམས་ལུགས་རིག་པའི་རིགས་གཞུང་ཆེད་ལས་སློབ་སྦྱོང་བྱས)

སྤྱི་ལོ2006ལོ་ནས་སྤྱི་ལོ2012ལོའི་བར། ཧྲང་ཧའེ་གྲོང་ཨུའི་རྒྱུན་ལས་ཨུ་ཡོན་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2012ལོ་ནས་སྤྱི་ལོ2014ལོའི་བར། ཧྲང་ཧའེ་གྲོང་ཨུའི་རྒྱུན་ལས་ཨུ་ཡོན་དང་། གྲོང་ཁྱེར་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས། (དེའི་རིང་། སྤྱི་ལོ2013ལོའི་ཟླ11ནས་སྤྱི་ལོ2014ལོའི་ཟླ1པོའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས།)

སྤྱི་ལོ2014ལོ་ནས་སྤྱི་ལོ2016ལོའི་བར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2016ལོ་ནས་སྤྱི་ལོ2017ལོའི་བར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་། ལྟ་ཞིབ་པུའི་པུའུ་ཀྲང་། རྒྱལ་ཁབ་རུལ་སུངས་སྔོན་འགོག་ཅུས་ཀྱི་ཅུས་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ2017ལོ་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ལྟ་ཞིབ་པུའི་པུའུ་ཀྲང་། རྒྱལ་ཁབ་རུལ་སུངས་སྔོན་འགོག་ཅུས་ཀྱི་ཅུས་ཀྲང་བཅས་གྱི་འགན་བཞེས།

2 ལས་འགན་ཁུར་བའི་སྐོར།

སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཡིན། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། སྤྱི་ལོ་སྤྱི་ལོ2014ལོའི་ཟླ1པོར་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་། ཧྲུའུ་ཅི་གཞོན་པར་གསབ་འདེམས་གནང་བ་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྒྱུན་ལས་ཨུ་ཡོན། ཧྲུའུ་ཅི་གཞོན་པ་བཅས་ཡིན། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-31

གསར་སྤེལ་མཁན། :ཀླུ་འབུམ་ཚེ་རིང་།༷

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།