Ⅱ253
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

Ⅱ253
ཤིང་ཁྲམ་ཨངⅡ253ནི་འོ་ཚོ་པག་གི་སྡེའི་ཁོངས་མི་འོ་རུ་པྱི་ཚབ་ཞེས་པ་སོ་པ་བྱེད་དུ་འགྲོ་ཁར་ལུས་ལ་ན་ཚ་བྱུང་བའི་རྐྱེན་གྱིས་སོ་པ་ལ་འགྲོ་མ་ཐུབ་པས་སྟོང་སྡེ་ནང་དུ་ཁོངས་མི་སྙ་ཤུར་སློག་ཏ་ཞེས་པ་དང་སོ་རེས་སྔ་རྟིང་བརྗེས་ནས་འགྲོ་བ་ཐག་གཅོད་བྱས་པའི་ཤིང་ཁྲམ་ཡི་གེ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ལོ་རྒྱུས།
རིགས་དབྱེ།
ཤིང་ཁྲམ།
ནང་དོན།
སོ་པར་རེས་འཁོར་བ།
ཤིང་ཁྲམ་མིང་།
Ⅱ253
1 མ་ཡིག

ཀ    1.༄། །འོ་ཚོ་པགི་སྡེ་འོ་རུ་པྱི་ཚབ།  སོ་ལ་བཏུས1པ་ལས་བྲོ2འཚལ་ནས།  སོ་ལ་མཆི་བའི་རྔོ་མི་ཏོག3ནས་ཀོ

ཁ    1.ན4སྟོང་སྡེ་ནང་དུ་སྙ་ཤུར་སློག་ཏ་དང་སོ་སྔ་ཕྱིར་སྡེ་

2.བརྗེས་ཏེ།  སློག་ཏ་རེས་ལ་པྱི་ཚབ་མཆྀ་བར་བགྱྀས།

2 མ་ཡིག་གི་འབྲུ་འགྲེལ།

འོ་ཚོ་པག་གི་སྡེའི་ཁོངས་མི་མིང་དུ་འོ་རུ་པྱི་ཚབ་ཞེས་པ་སོ་པ་བྱེད་དུ་འགྲོ་ཁར་ལུས་ལ་ན་ཚ་བྱུང་བའི་རྐྱེན་གྱིས་སོ་ལ་འགྲོ་མི་ཐུབ་པར་ཕྱིར་འཐེན་བྱེད་དགོས་བྱུང་བས།  སྟོང་སྡེ་ནང་དུ་ཁོངས་མི་སྙ་ཤུར་སློག་ཏ་ཞེས་པ་དང་སོ་རེས་སྔ་རྟིང་བརྗེས་ནས་སྙ་ཤུར་སློག་ཏ་སོ་རེས་འཁེལ་བའི་དུས་སུ་དེའི་ཚབ་དུ་འོ་རུ་པྱི་ཚབ་འགྲོ་རྒྱུ་བྱས་པ་ཡིན།

3 མཆན་འགྲེལ།

①བཏུས།  བསྡུས།

②བྲོ་འཚལ་བ།  ནད་ཕོག་པའམ།  ན་བ།

③རྔོ་མི་ཏོག    རྔོ་མི་ཐོགས་པ།  མི་ནུས་པ།

④ཀོན།  ཕྱིར་འཐེན།  ཁྲམ་ལ་བྲིས་པའི་ཡི་གེ་དེ་དག་ཡིག་ཕྲེང་དང་པོའི་ནང་རྗེས་འཇུག་སོགས་མ་ཤོང་ན་ཁ་ཕྲལ་ནས་ཡིག་ཕྲེང་གཉིས་པར་བྲིས་པ་འདུག


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-13

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།