གློག་སྡུད་ལྟོས་འབྱུང་གཏན་སྲོལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གློག་སྡུད་ལྟོས་འབྱུང་གཏན་སྲོལ།
ཁ་ཟུམ་འདྲེན་གཟུགས་སྐོར་ལམ་རྒྱུ་བའི་སྡུད་བརྒྱུད་ཚད་ལ་འགྱུར་ལྡོག་བྱུང་ཚེ། དེའི་ནང་དུ་ལྟོས་འབྱུང་གློག་རྒྱུན་ཡོད། ལྟོས་འབྱུང་གློག་རྒྱུན་ཡོད་ན། གློག་ལམ་དུ་གློག་སྒུལ་སྟོབས་ཡོད་ངེས་ཡིན། གལ་ཏེ་གློག་ལམ་གྱི་ཁ་ཟུམ་མེད་ན། སྐབས་འདིའི་ལྟོས་འབྱུང་གློག་རྒྱུན་མེད་ནའང་། གློག་སྒུལ་སྟོབས་སྔར་བཞིན་ཡོད། གློག་སྡུད་ལྟོས་འབྱུང་སྣང་ཚུལ་ཁྲོད་དུ་བྱུང་བའི་གློག་སྒུལ་སྟོབས་ཟེར། ལྟོས་འབྱུང་གློག་སྒུལ་སྟོབས་བྱུང་བའི་འདྲེན་གཟུགས་ཁག་དེ་གློག་ཁུངས་དང་འདྲ། ལྟོས་འབྱུང་གློག་སྒུལ་སྟོབས་ཀྱི་ཆེ་ཆུང་རྒྱུ་རྐྱེན་གང་དག་ལ་འབྲེལ་བ་ཡོད་ཅེ་ན། འདྲེན་སྐུད་ཀྱིས་སྡུད་ལྟོས་འབྱུང་ཐིག་འབྲེག་གཅོད་བྱས་ནས་ལྟོས་འབྱུང་གློག་རྒྱུན་འབྱུང་བའི་དངོས་བཤེར་ཁྲོད་དུ། འདྲེན་སྐུད་འགུལ་སྐྱོད་བྱས་པའི་འགྲོས་ཚད་ཇི་ལྟར་མགྱོགས་པ་དང་། སྡུད་གཟུགས་ཀྱི་སྡུད་ར་ཇི་ལྟར་དྲག་ན། བྱུང་བའི་ལྟོས་འབྱུང་གློག་རྒྱུན་དེ་ལྟར་ཆེ། དཀྲིས་སྐུད་དུ་ནར་དབྱིབས་སྡུད་ལྕགས་འཇོག་པའི་དངོས་བཤེར་ཁྲོད་དུ། སྡུད་ལྕགས་ཀྱི་སྡུད་ར་ཇི་ལྟར་དྲག་པ་དང་། སྡུད་ལྕགས་བཞག་པའི་ཇི་ལྟར་མགྱོགས་ན། བྱུང་བའི་ལྟོས་འབྱུང་གློག་རྒྱུན་དེ་ལྟར་ཆེ། ཉམས་མྱོང་འདི་དག་ལས་ང་ཚོས་ལྟོས་འབྱུང་གློག་སྒུལ་སྟོབས་ཕལ་ཆེར་སྡུད་བརྒྱུད་ཚད་འགྱུར་བའི་དལ་མགྱོགས་དང་འབྲེལ་བ་ཡོད་ལ། སྡུད་བརྒྱུད་ཚད་འགྱུར་བའི་དལ་མགྱོགས་དེའང་སྡུད་བརྒྱུད་ཚད་ཀྱི་འགྱུར་ཕྱོད་ཀྱིས་མཚོན་ཆོག་པ་གསལ་འདེབས་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
电磁感应定律
ཕྱི་ཡིག་གི་མིང་།
Faraday law of electromagnetic induction
1 ​གློག་སྡུད་ལྟོས་འབྱུང་གཏན་སྲོལ།

ཉིའུ་མན་དང་ཝེ་པའེ་ཡིས་གཞུང་ལུགས་དངོས་བཤེར་དཔྱད་གཞིར་དབྱེ་ཞིབ་ནན་མོ་བྱས་རྗེས། སྤྱི་ལོ1845ལོ་དང་སྤྱི་ལོ1846ལོར་སྔ་ཕྱིར་། ཁ་ཟུམ་གློག་ལམ་ནང་གི་ལྟོས་འབྱུང་གློག་སྒུལ་སྟོབས་ཀྱི་ཆེ་ཆུང་ནི་གློག་ལམ་དེར་བརྒྱུད་ཚད་ཀྱི་འགྱུར་ཕྱོད་དང་མཐུན་སྡུར་དུ་གྲུབ། ཅེས་བསྟན་པ་དང་། མི་རབས་རྗེས་མ་རྣམས་ཀྱིས་དེ་ལ་ཧྥ་ར་ཏས་གློག་སྡུད་ལྟོས་འབྱུང་གཏན་སྲོལ་ཞེས་འབོད།

གལ་ཏེ་དུས་ཚོདt1དུས་སུ་ཁ་ཟུམ་གློག་ལམ་དེར་རྒྱུ་བའི་སྡུད་བརྒྱུད་ཚད་ནིΦ1ཡིན་པ་དང་། དུས་ཚོདt2ནང་དུ། སྡུད་བརྒྱུད་ཚད་ཀྱི་འགྱུར་ཚད་ནིΦ2ཡིན་ན། དུས་ཚོདΔt=t2-t1ནང་དུ།  སྡུད་བརྒྱུད་ཚད་ཀྱི་འགྱུར་ཚད་ནིΔΦ=Φ21སྡུད་བརྒྱུད་ཚད་ཀྱི་འགྱུར་ཕྱོད་ནིཡིན། Eཡིས་ཁ་ཟུམ་གློག་ལམ་ནང་གི་ལྟོས་འབྱུང་གློག་སྒུལ་སྟོབས་མཚོན། གློག་སྡུད་ལྟོས་འབྱུང་གཏན་སྲོལ་གཤམ་ལྟར་མཚོན་ཆོག་སྟེ།

ཚུལ་ནང་གིkནི་སྡུར་བའི་རྒྱུན་གྲངས་ཡིན། རྒྱལ་སྤྱིའི་འཇལ་བྱེད་ལུགས་ཀྱི་ནང་དུ། གློག་སྒུལ་སྟོབས་ཀྱིས་འཇལ་བྱེད་ནིཝོལ(    V)དང་། སྡུད་བརྒྱུད་ཚད་ཀྱི་འཇལ་བྱེད་ནི་ཝེ་པེར(Wb)ཡིན། དུས་ཚོད་ཀྱི་འཇལ་བྱེད་ནི་སྐར་ཆ(s)ཡིན་ན། སྐབས་འདིརk=1ཡིན། དེ་བས།

ཁ་ཟུམ་གློག་ལམ་ནི་རྒྱུན་དུ་དཀྲི་གྲངསnཡིན་པའི་དཀྲིས་སྐུད་ཅིག་ཡིན་པར་མ་ཟད། དཀྲིས་སྐུད་རེ་རེར་རྒྱུ་བའི་སྡུད་བརྒྱུད་ཚད་ནམ་ཡིན་ཡང་གཅིག་འདྲ་ཡིན། འདི་འདྲའི་དཀྲིས་སྐུད་ནི་དཀྲི་རྐྱང་དཀྲིས་སྐུདnཕྲེང་སྦྲེལ་བྱས་པར་བལྟས་ཆོག་པས། དཀྲིས་སྐུད་ཧྲིལ་བོའི་ཁྲོད་ཀྱི་ལྟོས་འབྱུང་གློག་སྒུལ་སྟོབས་ནི་དཀྲི་རྐྱང་དཀྲིས་སྐུད་ཀྱི་ལྡབnཡིན་ཏེ།

2 འདྲེན་སྐུད་ཀྱི་སྡུད་ལྟོས་འབྱུང་ཐིག་འབྲེག་གཅོད་བྱེད་དུས་ཀྱི་ལྟོས་འབྱུང་གློག་སྒུལ་སྟོབས།

ཧྥ་ར་ཏས་གློག་སྡུད་ལྟོས་འབྱུང་གཏན་སྲོལ་ལྟར་ན། སྡུད་བརྒྱུད་ཚད་ཀྱི་འགྱུར་ཕྱོད་ཤེས་ན། ལྟོས་འབྱུང་གློག་སྒུལ་སྟོབས་བརྩི་ཐུབ། རྒྱུན་དུ་མཐོང་བའི་གནས་ཚུལ་ཞིག་ནི། འདྲེན་སྐུད་ཀྱིས་སྡུད་ལྟོས་འབྱུང་ཐིག་འབྲེག་གཅོད་བྱས་ནས་སྡུད་བརྒྱུད་ཚད་བསྒྱུར་སྐབས། ཧྥ་ར་ཏས་གློག་སྡུད་ལྟོས་འབྱུང་གཏན་སྲོལ་དེ་སྔར་ལས་སྟབས་བདེ་ཞིང་བཀོལ་བདེ་བའི་རྣམ་པ་ཞིག་ཏུ་བཏང་ཆོག

.jpg

དཔེ་རིས་དང་པོ། འདྲེན་སྐུད་ཀྱིས་སྡུད་ལྟོས་འབྱུང་ཐིག་འབྲེག་གཅོད་བྱེད་དུས་ཀྱི་ལྟོས་འབྱུང་གློག་སྒུལ་སྟོབས་བརྩི་བ།

དཔེ་རིས་དང་པོས་མཚོན་པ་ལྟར། སྐུད་སྒྲོམ་གྲུ་བཞིCDMNདེ་སྡུད་ལྟོས་འབྱུང་དྲག་ཚདBཡིན་པའི་དྲག་སྙོམས་སྡུད་རའི་ནང་དུ་བཞག་སྟེ། སྐུད་སྒྲོམ་གྱི་སྙོམས་ངོས་སྡུད་ལྟོས་འབྱུང་ཐིག་དང་དྲང་འཕྱང་ཡིན་དགོས། སྐུད་སྒྲོམ་གྱི་འགུལ་རུང་ཁགMNགྱི་རིང་ཚད་ནིLཡིན་པ་དང་། དེ་འགྲོས་ཚདυལྟར་གཡས་སུ་འགུལ་སྐྱོད་བྱེད། དུས་ཚོདΔtཡི་ནང་དུ། སྔར་གྱི་གནསMNནསM1N1ལ་སྤོར་བའི་དབང་དུ་བཏང་ན། གོ་རིམ་འདིའི་ཁྲོད་དུ་སྐུད་སྒྲོམ་གྱི་རྒྱ་ཁྱོན་འགྱུར་ཚད་ནི་གཤམ་ལྟར་ཡིན།

ཁ་ཟུམ་གློག་ལམ་དུ་རྒྱུ་བའི་སྡུད་བརྒྱུད་ཚད་ཀྱི་འགྱུར་ཚད་ནི་གཤམ་ལྟར་ཡིན།

ཧྥ་ར་ཏས་གློག་སྡུད་ལྟོས་འབྱུང་གཏན་སྲོལ་ལྟར་ན། ཡིན། འདི་ལས་ཁ་ཟུམ་གློག་ལམ་གྱི་ལྟོས་འབྱུང་གློག་སྒུལ་སྟོབས་བརྩིས་ན་གཤམ་གསལ་ལྟར།

རྒྱལ་སྤྱིའ་འཇལ་བྱེད་ལུགས་ཀྱི་ཁྲོད་དུB、L、υབཅས་ཀྱི་འཇལ་བྱེད་ནི་སོ་སོར་ཐི་སི་ལ(T)དང་། སྨི(m)དང་། སྐར་ཆ་རེར་སྨི(m/s)ཡིན། Eཡི་འཇལ་བྱེད་ནིཝོལ(V)ཡིན།

གལ་ཏེ་འདྲེན་སྐུད་ཀྱི་འགུལ་སྐྱོད་ཁ་ཕྱོགས་ནི་འདྲེན་སྐུད་དང་དྲང་འཕྱང་ཡིན་མོད། འོན་ཀྱང་སྡུད་ལྟོས་འབྱུང་ཐིག་གི་ཁ་ཕྱོགས་དང་བཙིར་ཟུརθཞིག་གྲུབ་ཡོད་ན། འགྲོས་ཚད་ནི་གསེས་ཚད་གཉིས་སུ་དབྱེ་ཆོག་སྟེ། སྡུད་ལྟོས་འབྱུང་ཐིག་དང་དྲང་འཕྱ་ཡིན་པའི་གསེས་ཚདདང་། སྡུད་ལྟོས་འབྱུང་ཐིག་དང་མཉམ་འགྲོ་ཡིན་པའི་གསེས་ཚདཡིན། ཕྱི་མས་སྡུད་ལྟོས་འབྱུང་ཐིག་འབྲེག་གཅོད་མི་བྱེད་པས། ལྟོས་འབྱུང་གློག་སྒུལ་སྟོབས་མི་འབྱུང་ཞིང་། སྔ་མས་སྡུད་ལྟོས་འབྱུང་ཐིག་འབྲེག་གཅོད་བྱེད་པས། ལྟོས་འབྱུང་གློག་སྒུལ་བྱུང་བ་ནི་གཤམ་ལྟར།

ཡིན་པས།

3 གློག་སྒུལ་སྟོབས་ལྡོག་མ།

ང་ཚོས་དམའ་འབྲིང་དུ་དྲང་རྒྱུག་གློག་སྒུལ་འཕྲུལ་འཁོར་གྱི་རིགས་པ་བསླབས་ཟིན། དེ་ནི་སྡུད་རའི་ནང་དུ་གློག་རྒྱུ་འདྲེན་སྐུད་ལ་ཨམ་ཕེར་ཤུགས་ཐེབས་ཏེ་འགུལ་སྐྱོད་བྱས་པ་ལས་བྱུང་བ་རེད། གློག་སྡུད་ལྟོས་འབྱུང་སྣང་ཚུལ་བསླབས་རྗེས། ང་ཚོས་ཕྱོགས་གཞན་ཞིག་ནས་གནད་དོན་འདིར་བསམ་བློ་བཏང་ཆོག

.jpg

དཔེ་རིས་གཉིས་པ། འདྲེན་སྐུད་ཀྱི་འགུལ་སྐྱོད་ཁ་ཕྱོགས་དེ་སྡུད་ལྟོས་འབྱུང་ཐིག་དང་དྲང་འཕྱང་མིན་དུས་ཀྱི་གནས་ཚུལ།

གློག་སྒུལ་འཕྲུལ་འཁོར་འཁོར་དུས་དཀྲིས་སྐུད་དུའང་ལྟོས་འབྱུང་གློག་སྒུལ་སྟོབས་འབྱུང་སྲིད་ཅིང་། ལྟོས་འབྱུང་གློག་སྒུལ་སྟོབས་འདིས་ནམ་ཡིན་ཡང་གློག་ཁུངས་གློག་སྒུལ་སྟོབས་ཀྱི་བྱེད་ནུས་ཉམས་དམས་སུ་གཏོང་། ང་ཚོས་གློག་སྒུལ་སྟོབས་འདིར་གློག་སྒུལ་སྟོབས་ལྡོག་མ་ཟེར། དེའི་བྱེད་ནུས་ནི་དཀྲིས་སྐུད་འཁོར་བར་བཀག་འགོག་བྱེད་པ་དེ་ཡིན། གལ་ཏེ་དཀྲིས་སྐུད་སྔར་བཞིན་འཁོར་འགུལ་བྱེད་དགོས་ན། གློག་ཁུངས་ཀྱིས་གློག་སྒུལ་འཕྲུལ་འཁོར་ལ་ནུས་ཚད་མཁོ་སྤྲོད་བྱེད་དགོས། འདི་ནི་གློག་ནུས་དེ་རྣམ་པ་གཞན་གྱི་ནུས་པར་འགྱུར་བའི་གོ་རིམ་ཡིན།

གལ་ཏེ་གློག་སྒུལ་འཕྲུལ་འཁོར་འཁོར་བའི་གོ་རིམ་ཁྲོད་དུ། འཕྲུལ་ཆས་ཀྱི་འགོག་ཤུགས་ཆེ་དྲགས་ནས་འཁོར་མཚམས་བཞག་པའི་སྐབས་སུ་གློག་སྒུལ་སྟོབས་ལྡོག་མ(反电动势)མེད་པར་འགྱུར་བས། གློག་གེགས་ཤིན་ཏུ་ཆུང་བའི་དཀྲིས་སྐུད་ཐད་ཀར་གློག་ཁུངས་ཀྱི་སྣེ་གཉིས་སུ་མཐུད་ན། གློག་རྒྱུན་ཧ་ཅང་ཆེ་ཞིང་། དུས་ཡུན་རིང་ན་གློག་སྒུལ་འཕྲུལ་འཁོར་འཚིག་པའི་ཉེན་ཁ་ཡོད། དེའི་སྟབས་ཀྱིས་གལ་ཏེ་གློག་སྒུལ་འཕྲུལ་འཁོར་ལ་ཆག་སྐྱོན་བྱུང་ནས་འཁོར་མཚམས་བཞག་ན་མྱུར་དུ་གློག་ཁུངས་བཅད་ནས་ཞིབ་བཤེར་བྱེད་དགོས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-27

གསར་སྤེལ་མཁན། :ཀླུ་འབུམ་ཚེ་རིང་།༷

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།