འཕྲུལ་ཆས་མི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཕྲུལ་ཆས་མི།
འཕྲུལ་ཆས་མི་ལ་རིགས་ཤིན་ཏུ་མང་ཞིང་། བཀོལ་བ་ཆེས་མང་བ་ནི་བཟོ་ལས་འཕྲུལ་ཆས་མི་ཡིན། དེ་དག་ཕལ་ཆེ་བ་རིགས་དང་པོའི་འཕྲུལ་ཆས་མི་ཡིན། མིག་སྔར་འཛམ་གླིང་ཡོངས་སུ་ཧ་ལམ་བཟོ་ལས་འཕྲུལ་ཆས་མི་ཁྲི་ཚོ100ཙམ་བཀོལ་བཞིན་ཡོད། དེ་དག་གི་དྲིན་གྱིས་མི་རྣམས་དཀའ་ཚེགས་ཆེ་བའི་ལུས་པོའི་ངལ་རྩོལ་དང་ཉེན་ཁ་ཆེ་བའི་ཁོར་ཡུག་ནས་བཅིངས་འགྲོལ་བྱས་པ་མ་ཟད། ཐོན་སྐྱེད་ནུས་ཤུགས་ཀྱང་ཆེས་ཆེ་རུ་མཐོར་འདེགས་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
机器人
ཕྱི་ཡིག་གི་མིང་།
Robot
1 ​མདོར་བསྟན་པ། 

སྤྱི་ལོ1920ལོར་ཅེ་ཁེ་སི་ཝ་ཁེ་རྒྱལ་ཁབ་ཀྱི་རྩོམ་པ་པོ་ཁ་ཕེ་ཁེ་ཡིས་ཚན་རྟོག་སྒྲུང་གཏམ་ཞིག་གི་ནང་དུ་མིང་ལRobotཟེར་བའི་འཕྲུལ་ཆས་མི་ཞིག་བསམ་བཀོད་བྱས་ཤིང་། ཁོས་ཟ་མ་ཟ་མི་དགོས་ལ་ངལ་དུབ་མེད་པར་ལས་ཀ་ལས་ཐུབ། དེ་ལས་འགྲོ་བ་མིའི་སེམས་སུ་ལོ་མང་པོར་བཅངས་པའི་རེ་འདུན་ཞིག་མངོན་ཡོད།

སྤྱི་ལོ1947ལོར་འཛམ་གླིང་གི་འཕྲུལ་ཆས་མི་དང་པོ་ཨ་མེ་རི་ཁ་ནས་བཟོས་ཤིང་། དེ་ནི་འགྱུར་འབྱུང་ཕུང་བོ་ལ་ཉིང་འབར་རྫས་སྐྱེལ་འདྲེན་བྱེད་པའི་འཕྲུལ་ཆས་མི་སྟབས་བདེ་ཞིག་ཡིན། དེས་མིའི་ཚབ་བྱས་ནས་ཉེན་ཁ་ཆེ་བའི་བྱ་བ་བྱེད་པ་ཡིན། དེ་ནས་བཟུང་དེང་རབས་བཟོ་སྐྲུན་ལས་རིགས་ཁྲོད་དུ་དེའི་ཐད་ཀྱི་དགོས་མཁོར་ཆེ་རུ་ཕྱིས་པས། འཕྲུལ་ཆས་མི་ལ་ཞིབ་འཇུག་བྱེད་པའི་གོམ་ཁ་སྔར་ཞས་ཇེ་མགྱོགས་སུ་སོང་བ་རེད།

ང་ཚོས་རྟག་པར་འཕྲུལ་ཆས་མིའི་གྲུབ་ཚུལ་དང་བྱེད་ལས་གཞིགས་ནས་དེ་དག་རགས་ཙམ་གྱིས་རབས་དུ་མར་དབྱེ་བ་སྟེ། རིགས་དང་པོའི་འཕྲུལ་ཆས་མི་ནི་རྩིས་འཁོར་དུ་སྔོན་ནས་བཀོད་ཟིན་པའི་བྱ་རིམ་ལྟར་འགུལ་བ་ལས། ཕྱི་རོལ་ལ་ཚོར་སྣང་གང་ཡང་མེད། དཔེར་ན་རླངས་འཁོར་ཐོན་སྐྱེད་བྱེད་རིམ་དུ་ཐིག་འབྲེལ་ཚ་ལ་གཏོང་བའི་འཕྲུལ་ཆས་མི་ལྟ་བུ། རབས་གཉིས་པའི་འཕྲུལ་ཆས་མི་ལ་ཚོར་འདྲེན་ཆས་སྤྲད་ཡོད་པས། མིའི་ཚོར་བྱེད་དབང་བོ་ལྟར་ཚོར་བ་ལྡན། དཔེར་ན་འོད་ཚོར་འདྲེན་ཆས་ཀྱིས་འཕྲུལ་ཆས་མི་ས་ངོས་སུ་བྲིས་པའི་ཤུལ་ཐིག་དཀར་པོ་ལྟར་འགུལ་སྐྱོད་བྱེད་ཐུབ་པ་དང་། བརྙན་རིས་ཚོར་འདྲེན་ཆས་ཀྱིས་འཕྲུལ་ཆས་མི་ལ་མཐོང་ཚོར་འབྱུང་དུ་བཅུག་སྟེ་སྲོག་ཕོར་དང་ལྕགས་དུམ་གྱི་དབྱེ་བ་འབྱེད་དུ་འཇུག་ཐུབ་སྟེ། དེའི་ལག་པས་སྲེག་ཕོར་བཟུང་ཚེ་ཤུགས་ཚོར་འདྲེན་ཆས་ཀྱིས་དེའི་མཛུ་གུ་ལ་གནོན་ཤུགས་དང་འདྲེད་འགུལ་ཚོར་དུ་འཇུག་ཐུབ་པས། ལག་པས་བཟུང་ཐུབ་ལ་ཧྲུག་ཆག་ཏུ་གཏོང་མི་སྲིད། རབས་གསུམ་པ་ནི་མི་རྣམས་ཀྱི་རྨི་ལམ་དུའང་ཐོབ་རེ་བྱེད་པའི་ཤེས་རིག་ཅན་གྱི་འཕྲུལ་ཆས་མི་ཡིན་ཞིང་། དེང་སྐབས་ཧུར་ཐག་གིས་འཕེལ་རྒྱས་སུ་གཏོང་བཞིན་ཡོད། དེས་མིའི་ཤུགས་ཤེས་རིག་གཞུང་ལུགས་དང་དེང་རབས་ཆ་འཕྲིན་ལག་རྩལ་རྨང་གཞི་བྱས་ཐོག རང་ཚུགས་ཀྱིས་ཉམས་མྱོང་ནས་ཤེས་རྟོགས་བྱུང་སྟེ། རང་ཉིད་ཀྱི་སྒྲིག་རིམ་མུ་མཐུད་དུ་འཐུས་ཚང་དུ་བཏང་ནས་རྩོལ་ནུས་ཇེ་ཆེར་གཏོང་བ་ཞིག་ཡིན།

འཕྲུལ་ཆས་མི་ལ་རིགས་ཤིན་ཏུ་མང་ཞིང་། བཀོལ་བ་ཆེས་མང་བ་ནི་བཟོ་ལས་འཕྲུལ་ཆས་མི་ཡིན། དེ་དག་ཕལ་ཆེ་བ་རགས་དང་པོའི་འཕྲུལ་ཆས་མི་ཡིན། མིག་སྔར་འཛམ་གླིང་ཡོངས་སུ་ཧ་ལམ་བཟོ་ལས་འཕྲུལ་ཆས་མི་ཁྲི་ཚོ100ཙམ་བཀོལ་བཞིན་ཡོད། དེ་དག་གི་དྲིན་གྱིས་མི་རྣམས་དཀའ་ཚེགས་ཆེ་བའི་ལུས་པོའི་ངལ་རྩོལ་དང་ཉེན་ཁ་ཆེ་བའི་ཁོར་ཡུག་ནས་བཅིངས་འགྲོལ་བྱས་པ་མ་ཟད། ཐོན་སྐྱེད་ནུས་ཤུགས་ཀྱང་ཆེས་ཆེ་རུ་མཐོར་འདེགས་བྱས།

རིགས་གཉིས་པ་ནི་ཞབ་འདེགས་སུ་བཀོལ་བའི་འཕྲུལ་ཆས་མི་ཡིན། གཙང་སྦྲ་བྱེད་པ་དང་རླངས་སྣུམ་སྣོན་པ། ལོང་བར་ལམ་འཁྲིད་པ། ཉེན་ཁ་མྱུར་སེལ་སོགས་ཀྱི་ཕྱོགས་སུ་བེད་སྤྱོད་པ་རེད། དེ་དག་ཕལ་ཆེར་རབས་གཉིས་པའི་འཕྲུལ་ཆས་མི་ཡིན། དེར་སྤོར་འགུལ་ལས་སྟེགས་གཅིག་ཡོད་ཅིང་། དེའི་སྟེང་དུ་བཀོལ་སྤྱོད་ལག་དཔུང་སྤྲད་པ་མ་ཟད། ད་དུང་རེག་ཚོར་དང་མཐོང་ཚོར། ཐོས་ཚོར། ཚད་བརྒལ་སྒྲ་རླབས་ཀྱི་བར་ཐག་འཇལ་བ་སོགས་ཀྱི་ཚོར་འདྲེན་ཆས་སྤྲད་ཡོད་པས། མཐའ་འཁོར་གྱི་ཁོར་ཡུག་ལ་དབྱེ་འབྱེད་དང་རང་ཉིད་ཀྱི་འགུལ་སྐྱོད་ལ་བརྡར་ཤ་གཅོད་ཐུབ། སྨན་བཅོས་འཕྲུལ་ཆས་མི་ནི་ཉེ་བའི་ལོ་འགའི་རིང་ལ་འཕེལ་རྒྱས་མགྱོགས་པའི་མངའ་ཁོངས་ཤིག་ཡིན་ལ། དེས་སྨན་པ་ལ་རོགས་བྱས་ནས་གཤགས་བཅོས་རྙོག་འཛིང་བྱེད་ཐུབ་པས། སྨན་པའི་ངལ་དུབ་ཇེ་ཡང་དུ་གཏོང་བ་དང་། སྨན་བཅོས་ཞིབ་གཙིགས་དང་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་ཐུབ་པ་བྱུང་། བར་སྟོང་འཕྲུལ་ཆས་མི་ནི་ཆེས་རྙོག་འཛིང་ཆེ་བ་དང་རིན་གོང་ཆེས་ཆེ་བའི་འཕྲུལ་ཆས་མི་ཡིན་ཞིང་། དེ་མཁའ་དབྱིངས་འཚོལ་ཞིབ་བྱེད་པར་བཀོལ་བ་རེད། དེ་དག་གི་དཔེ་མཚོན་ནི་དཔའ་སྟོབས་ཅན་གྱི་སྐར་མ་མིག་དམར་འཚོལ་ཞིབ་ཆས་དེ་ཡིན།

དགོས་མཁོ་ཆེ་བ་དེས་འཕྲུལ་ཆས་མི་བཟོ་བའི་ལག་རྩལ་དང་ཐོན་ལས་གོང་འཕེལ་དུ་འགྲོ་བར་སྐུལ་སྤེལ་བྱས། མ་འོངས་པའི་དུས་རབས21ལ་སྔོན་དཔག་བྱས་ན། འཕྲུལ་ཆས་མི་ནི་དུས་རབས20པའི་རྩིས་འཁོར་ཡོངས་ཁྱབ་ཏུ་བཏང་བ་དང་འདྲ་བར་ལས་རིགས་སོ་སོར་དར་ཁྱབ་ཏུ་འགྲོ་སྲིད། དུས་རབས21པའི་སྔ་མའི་ལོ20ནི་འཕྲུལ་ཆས་མིའི་ཉེར་སྤྱོད་དེ་བཟོ་སྐྲུན་ལས་རིགས་ཀྱི་མངའ་ཁོངས་ནས་བཟོ་སྐྲུན་ལས་རིགས་མིན་པའི་མངའ་ཁོངས་སུ་འཕེལ་བའི་དུས་སྐབས་གལ་ཆེན་ཞིག་ཡིན་ལ། ཤེས་རིག་ཅན་གྱི་འཕྲུལ་ཆས་མི་འཕེལ་རྒྱས་འབྱུང་བའི་གནད་འགག་དུས་སྐབས་ཤིག་ཀྱང་ཡིན། སྤྱི་ལོ1986ལོར་རང་རྒྱལ་གྱིས863ཞེས་པའི་ལག་རྩལ་མཐོན་པོ་གོང་འཕེལ་འེར་གཞི་སྤེལ་མགོ་བརྩམས་ལ། འཕྲུལ་ཆས་མིའི་ལག་རྩལ་ནི་དེའི་ནང་གི་གཙོ་གནད་གལ་ཆེན་ཞིག་ཡིན། ཆུ་འོག་དང་བར་སྟོང་། ཉིང་བཟོ་ལས་སོགས་སུ་བཀོལ་བའི་དམིགས་བསལ་འཕྲུལ་ཆས་མི་བཟོ་སྐྲུན་ཐད་དུ་རང་རྒྱལ་ལ་ཁྱད་ཆོས་ལྡན་པའི་ཞིབ་འཇུག་གྲུབ་འབྲས་མང་པོ་ཐོབ་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-25

གསར་སྤེལ་མཁན། :ཀླུ་འབུམ་ཚེ་རིང་།༷

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།