ཨེར་སི་ཐེ་དང་གློག་ལས་སྡུད་འབྱུང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨེར་སི་ཐེ་དང་གློག་ལས་སྡུད་འབྱུང་།
གློག་རྒྱུན་གྱི་སྡུད་ནུས་སྣང་གི་སྟེང་ནས་ཐེག་རྒྱུག་འདྲེན་གཟུགས་ཀྱིས་སྡུད་ཁབ་ལ་བཏོན་པའི་བྱེད་ནུས་ཤུགས་མངོན་པ་དང་། གློག་སྣང་ཚུལ་དང་སྡུད་སྣང་ཚུལ་གྱི་བར་དུ་འབྲེལ་བ་ག་གེ་མོ་ཞིག་ཡོད་པ་གསལ་བོར་བསྟན། ཨེར་སི་ཐེ་ཡི་བསམ་བློ་དང་ལག་ལེན་གྱིས་མིའི་རིགས་ཀྱིས་གློག་སྡུད་ཀྱི་ཐད་ལ་ངོས་འཛིན་བྱེད་པ་དེ་རིམ་པ་གསར་བ་ཞིག་ཏུ་སླེབས་སུ་བཅུག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
奥斯特与电生磁
1 མདོར་བསྟན་པ།

གློག་སྡུད་ལྟོས་འབྱུང་སྣང་ཚུལ་གསར་དུ་ཤེས་པ་དེ་གློག་རྒྱུན་གྱི་སྡུད་ནུས་སྣང་གསར་རྟོགས་བྱུང་བ་དང་འབྲེལ་བ་དམ་པོ་ཡོད། དུས་རབས19པའི་ལོ་རབས20བའི་སྔོན་གྱི་དུས་ཡུན་རང་བོའི་ནང་དུ། གློག་དང་སྡུད་ཀྱི་ཞིབ་འཇུག་ཐོག་མཐའ་བར་གསུམ་དུ་རང་རང་ས་ནས་འཕེལ་རྒྱས་བྱུང་བ་རེད། དུས་རབས18པའི་དུས་དཀྱིལ་དུ་མི་རྣམས་ཀྱིས་འཁྱུག་གློག་གིས་གྲི་དང་ཁབ་སོགས་སྡུད་འགྱུར་བྱེད་ཐུབ་པ་དང་། ལེ་ཏེན་དམ་བེ (ཆེས་གདོད་མའི་གློག་སྣོད།) ལས་གློག་བཏང་ན་ཁབ་སྡུད་འགྱུར་བྱེད་ཐུབ་པ་སོགས་ཀྱི་སྣང་ཚུལ་ཤེས་མྱོང་མོད། འོན་ཀྱང་ཁོའུ་ལོམ་དང་བཅས་པའི་དངོས་ལུགས་རིག་པ་བ་མང་པོ་ཞིག་གིས་སྔར་བཞིན་གློག་དང་སྡུད་ནི་ཕན་ཚུན་འབྲེལ་བ་མེད་པར་འདོད།

.jpg

དཔེ་རིས་དང་པོ། སྡུད་ཁབ་ཆུང་བར་ཐེག་རྒྱུག་འདྲེན་སྐུད་ཀྱི་བྱེད་ནུས་ཤུགས་ཐེབས་ངེས་ཡིན།ཛ

དུས་རབས18པའི་དུས་མཇུག་ལ་སླེབས་རྗེས། མི་རྣམས་ཀྱིས་རང་བྱུང་སྣང་ཚུལ་མི་འདྲ་བའི་བར་གྱི་འབྲེལ་བར་བསམ་བློ་གཏོང་མགོ་བརྩམས། དཔེར་ན། གཙུབ་བརྡར་ལས་ཚ་བ་འབྱུང་བ་ཡིས་འཕྲུལ་ཆས་འགུལ་སྐྱོད་དེ་ཚ་བའི་འགུལ་སྐྱོད་ཀྱི་ཕྱོགས་སུ་བསྒྱུར་བ་མཚོན་ལ། རླངས་འགུལ་འཕྲུལ་འཁོར་གྱིས་ཚ་བའི་འགུལ་སྐྱོད་དེ་འཕྲུལ་ཆས་འགུལ་སྐྱོད་ཀྱི་ཕྱོགས་སུ་འགྱུར་བ་མངོན་འགྱུར་བྱས་པ་ལྟ་བུ་རེད། དེ་ནས་ཤེས་རབ་ཀྱི་མིག་ལྡན་པའི་མཚན་ཉིད་རིག་པ་བ་ཁན་ཏེ་སོགས་ཀྱིས་རང་བྱང་སྣང་ཚུལ་སྣ་ཚོགས་བར་དུ་ཕན་ཚུན་འབྲེལ་ཞིང་ཕན་ཚུན་འཕོ་འགྱུར་བྱུང་བའི་བསམ་བློ་བཏོན་ལ། དེའི་ཤུགས་རྐྱེན་གྱི་དབང་གིས་ཨེར་སི་ཐེ་ཡིས་གློག་དང་སྡུད་ཀྱི་བར་ན་འབྲེལ་བ་ག་གེ་མོ་ཞིག་ཡོད་སྲིད་པར་འདོད་ཅིང་། སྤྱི་ལོ1803ལོར་ཁོས་ད་ནས་བཟུང་དངོས་ལུགས་རིག་པ་ནི་འགུལ་སྐྱོད་དང་ཚ་བ། མཁའ་རླུང་། འོད། གློག སྡུད། དེ་མིན་ང་ཚོས་ཤེས་ཟིན་པའི་སྣང་ཚུལ་གཞན་དག་སིལ་བུ་འགོད་པ་ཙམ་མིན་ཏེ། ང་ཚོས་འཇིག་རྟེན་ཧྲིལ་བོ་མ་ལག་གཅིག་ཏུ་བསྡུ་རྒྱུ་ཡིན་ཞེས་བསྟན།

ཡིན་ནའང་། ཨེར་སི་ཐེ་ཡིས་གློག་དང་སྡུད་ཀྱི་འབྲེལ་བ་འཚོལ་བའི་དངོས་བཤེར་ཞིབ་འཇུག་དེ་མ་ཐག་ལེགས་འགྲུབ་མ་བྱུང་།

གོ་སྐབས་ནི་ནམ་ཡང་གྲ་སྒྲིག་ཡོད་པའི་མི་ལ་དབང་བ་ཆོས་ཉིད་དུ་གྱུར་ཡོད། སྤྱི་ལོ1820ལོའི་ཟླ4པའི་གཏམ་བཤད་ཐེངས་ཤིག་གི་ཁྲོད་དུ། ཨེར་སི་ཐེ་ཡིས་སྟེས་དབང་གིས་ལྷོ་བྱང་ཕྱོགས་སུ་འཁོར་བའི་འདྲེན་སྐུད་ཅིག་གི་འོག་ཏུ་སྡུད་ཁབ་ཆུང་ཆུང་ཞིག་བཞག་སྟེ། གློག་ཁུངས་མཐུད་པ་དང་། སྡུད་ཁབ་ཆུང་ཆུང་དེ་འཁོར་བ་རེད། ཉན་མཁན་གྱི་ཁྲོད་དུ་སྣང་ཚུལ་འདིར་མཉམ་འཇོག་མཁན་ཕལ་ཆེར་མ་བྱུང་། ཡིན་ནའང་ཨེར་སི་ཐེ་ཡིས་ཐོག་མཐའ་བར་གསུམ་དུ་གློག་དང་སྡུད་ཀྱི་འབྲེལ་བར་བསམ་བློ་གཏོང་བཞིན་ཡོད་པས། ཁོས་སྣང་ཚུལ་འདི་མཐོང་བས་ཡིད་ལ་དགའ་སྤྲོ་ཆེན་པོ་སྐྱེ།

དེའི་རྗེས་ཀྱི་དངོས་བཤེར་ལས་ཁོས་གློག་རྒྱུན་གྱིས་སྡུད་ཁབ་དངོས་གནས་བསྐོར་ཐུབ་པ་ར་སྤྲོད་བྱས་ཤིང་། ནུས་པ་འདིར་གློག་རྒྱུན་གྱི་སྡུད་ནུས་སྣང་ཟེར།

གློག་རྒྱུན་གྱི་སྡུད་ནུས་སྣང་གི་སྟེང་ནས་ཐེག་རྒྱུག་འདྲེན་གཟུགས་ཀྱིས་སྡུད་ཁབ་ལ་བཏོན་པའི་བྱེད་ནུས་ཤུགས་མངོན་པ་དང་། གློག་སྣང་ཚུལ་དང་སྡུད་སྣང་ཚུལ་གྱི་བར་དུ་འབྲེལ་བ་ག་གེ་མོ་ཞིག་ཡོད་པ་གསལ་བོར་བསྟན། ཨེར་སི་ཐེ་ཡི་བསམ་བློ་དང་ལག་ལེན་གྱིས་མིའི་རིགས་ཀྱིས་གློག་སྡུད་ཀྱི་ཐད་ལ་ངོས་འཛིན་བྱེད་པ་དེ་རིམ་པ་གསར་བ་ཞིག་ཏུ་སླེབས་སུ་བཅུག

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-25

གསར་སྤེལ་མཁན། :ཀླུ་འབུམ་ཚེ་རིང་།༷

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།