བདར་གཟུགས་ཀྱི་ཕྲ་མཐོང་གྲུབ་ཚུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བདར་གཟུགས་ཀྱི་ཕྲ་མཐོང་གྲུབ་ཚུལ།
དུས་རབས20པའི་དུས་མགོར་སླེབས་པ་ན། བདར་གཟུགས་སྟེང་ལXའཕྲོ་ཐིག་སྐོར་འཕྲོ་ཡི་དངོས་བཤེར་བྱས་པ་བརྒྱུད་ནད་བློས་བཞག་སྨྲ་བ་འདི་ད་གཟོད་བདེན་དཔང་བྱས། དུས་རབས20པའི་ལོ་རབས70བར། མི་རྣམས་ཀྱིས་གློག་རྡུལ་ཕྲ་མཐོང་ཤེལ་སྤྱད་དེ་ཡུ་དང་ཐཱོ་མ་རྡུལ་གྱི་གཟུགས་ལ་ལྟ་ཞིབ་བྱས། སྤྱི་ལོ1982ལོར་སླེབས་ན། ཕྲ་མཐོང་བཤར་ཕབ་ཕུག་ལམ་ཤེལ་བྱུང་བ་དེས། མི་རྣམས་ལ་དངོས་རྫས་ཕྱི་ངོས་སུ་མ་རྡུལ་བསྟར་བསྒྲིག་བྱས་ཡོད་ཚུལ་ཐོག་དང་པོར་མཐོང་དུ་བཅུག བདར་གཟུགསསྣ་ཚོགས་ཀྱི་ཁྲོད། མ་རྡུལ ཡང་ན་ཆ་རྡུལ་ལམ་གྱེས་རྡུལ ཚང་མ་སྒྲིག་སྲོལ་ངེས་ཅན་གྱིས་བསྟར་སྒྲིག་བྱས་ཡོད་པ་དང་། དེ་དག་བར་སྟོང་ཁྲོད་ཀྱི་འཁོར་ཡུན་རང་བཞིན་ལྡན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
晶体的微观结构
1 ​མདོར་བསྟན་པ།

བདར་གཟུགས་ཀྱི་རྣམ་པ་དང་དངོས་ལུགས་རང་བཞིན་ནི་ཅིའི་ཕྱིར་བདར་མིན་གཟུགས་ལ་མི་མཐུན་པ་ཡིན། མི་རྣམས་ཀྱིས་ཧ་ལམ་དེ་དག་གི་ཕྲ་མཐོང་གྲུབ་ཚུལ་མི་གཅིག་པར་སྙམ། དུས་རབས17ནས19བར། བསྟུད་མར་བློས་བཞག་སྨྲ་བ་འགའ་བྱུང་ནས། བདར་གཟུགས་སོ་སོའི་ནང་ཁུལ་གྱི་རྡུལ་ཕྲན་ནི་རང་སོ་སོའི་སྒྲིག་སྲོལ་ལྟར་བསྟར་བསྒྲིག་བྱས་ཡོད་པར་འདོད་མོད། སྐབས་དེའི་བཤེར་འཇལ་ལག་རྩལ་ལ་ཚད་བཀག་ཡོད་པས། དངོས་བཤེར་གྱི་དཔང་རྟགས་མེད། དེའི་ཕྱིར་འདོད་ཚུལ་དེ་དག་བློས་གཞག་སྨྲ་བ་ཙམ་ལས་མ་འདས།

དུས་རབས20པའི་དུས་མགོར་སླེབས་པ་ན། བདར་གཟུགས་སྟེང་ལXའཕྲོ་ཐིག་སྐོར་འཕྲོ་ཡི་དངོས་བཤེར་བྱས་པ་བརྒྱུད་ནད་བློས་བཞག་སྨྲ་བ་འདི་ད་གཟོད་བདེན་དཔང་བྱས། དུས་རབས20པའི་ལོ་རབས70བར། མི་རྣམས་ཀྱིས་གློག་རྡུལ་ཕྲ་མཐོང་ཤེལ་སྤྱད་དེ་ཡུ་དང་ཐཱོ་མ་རྡུལ་གྱི་གཟུགས་ལ་ལྟ་ཞིབ་བྱས། སྤྱི་ལོ1982ལོར་སླེབས་ན། ཕྲ་མཐོང་བཤར་ཕབ་ཕུག་ལམ་ཤེལ་བྱུང་བ་དེས། མི་རྣམས་ལ་དངོས་རྫས་ཕྱི་ངོས་སུ་མ་རྡུལ་བསྟར་བསྒྲིག་བྱས་ཡོད་ཚུལ་ཐོག་དང་པོར་མཐོང་དུ་བཅུག

བདར་གཟུགསསྣ་ཚོགས་ཀྱི་ཁྲོད། མ་རྡུལ (ཡང་ན་ཆ་རྡུལ་ལམ་གྱེས་རྡུལ) ཚང་མ་སྒྲིག་སྲོལ་ངེས་ཅན་གྱིས་བསྟར་སྒྲིག་བྱས་ཡོད་པ་དང་། དེ་དག་བར་སྟོང་ཁྲོད་ཀྱི་འཁོར་ཡུན་རང་བཞིན་ལྡན། དཔེ་རིས་དང་པོ་ནི་བཟའ་ཚཱའི་བདར་གཟུགས་ཁྲོད་དུ་ཁིལ་གྱི་གྱེས་རྡུལ་དང་ནཱ་གྱེས་རྡུལ་ཁྱབ་པའི་མཚོན་རིས་ཡིན།

དངོས་རྫས་ལ་ལས་ཆ་རྐྱེན་མི་འདྲ་བའི་འོག་ཏུ་བདར་གཟུགས་མི་འདྲ་བ་འགྲུབ་ཐུབ་པའི་པ་དེ་ནི་དེ་དག་འགྲུབ་བྱེད་ཀྱི་ཕྲན་རྡུལ་དག་སྒྲིག་སྲོལ་མི་མཐུན་པའི་སྒོ་ནས་བར་སྟོང་དུ་ཁྱབ་ཐུབ་པའི་ཕྱིར་ཡིན། དཔེར་ན། གལ་ཏེ་ཐཱན་མ་རྡུལ་དཔེ་རིས་གཉིས་པའི་ཀ་དང་འདྲ་བར་བསྟན་སྒྲིག་བྱས་ན་རྡོ་སྣག་འགྲུབ་པ་དང་། ཡང་དཔེ་རིས་གཉིས་པའི་ཁ་དང་འདྲ་བར་བསྟར་སྒྲིག་བྱས་ན་རྡོ་རྗེ་ཕ་ལམ་འགྲུབ་ཐུབ། རྡོ་སྣག་ནི་རིམ་རྣམ་ཆགས་ཚུལ་ཡིན་ལ། རིམ་པ་རེ་རེའི་བར་ཐག་ཅུང་ཆེ་ཞིང་མ་རྡུལ་བར་གྱི་བྱེད་ནུས་ཤུགས་ཅུང་ཞན་པས་རྡོ་སྣག་གི་སྤུས་ཀ་སོབ་སྟེ། ཕྱེ་རྣམ་འཇམ་འདྲེད་རྫས་བཟོ་བར་བཀོལ་ཆོག རྡོ་རྗེ་ཕ་ལམ་ནང་གི་ཐཱན་མ་རྡུལ་བར་གྱི་བྱེད་ནུས་ཤུགས་ཧ་ཅང་དྲག་པས་རྡོ་རྗེ་ཕ་ལམ་ཧ་ཅང་མཁྲེགས་པོ་ཡིན་ཏེ། ཤེལ་སྒོ་འདྲ་བར་བཀོལ་ཆོག

.jpg

དཔེ་རིས་དང་པོ། བཟའ་ཚྭའི་བདར་གཟུགས་ཁྲོད་ཀྱི་ཁིལ་གྱེས་རྡུལ་དང་ནཱ་གྱེས་རྡུལ་ཁྱབ་ཚུལ་གྱི་མཚོན་རིས།

མ་རྡུལ་ནི (ཡང་ན་ཆ་རྡུལ་དང་གྱེས་རྡུལ )དཔེ་རིས་དང་པོ་དང་དཔེ་རིས་གཉིས་པ་ལས་མཚོན་པའི་གནས་དེ་དག་ཏུ་མི་འགུལ་བར་གནས་པ་ཞིག་མིན་ཏེ། དེ་དག་རྒྱུ་མི་ཆད་པར་འདར་འགུལ་བྱེད་བཞིན་ཡོད།  དཔེ་རིས་ནང་བྲིས་ཡོད་པའི་གནས་དེ་དག་ནི་ཁོ་ཚོ་འདར་འགུལ་བྱེད་པའི་དོ་མཉམ་གནས་ས་ཡིན།

.jpg

ཀ རྡོ་སྣུམ།                                                               ཁ  རྡོ་རྗེ་ཕ་ལམ།

དཔེ་རིས་གཉིས་པ། རྡོ་སྣག་དང་རྡོ་རྗེ་ཕ་ལམ་གྱི་ཕྲ་མཐོང་གྲུབ་ཚུལ།

རིགས་མཐུན་དངོས་རྫས་ལ་ཡང་བདར་གཟུགས་དང་བདར་མིན་གཟུགས་ཏེ་རྣམ་པ་མི་འདྲ་བ་གཉིས་ཡོད། ཡང་གཅིག་བཤད་ན། དངོས་རྫས་ཤིག་བདར་གཟུགས་སམ་བདར་མིན་གཟུགས་ལས་གང་ཞིག་ཡིན་པ་ལྟོས་མེད་ཅིག་མིན། དཔེར་ན། རང་བྱུང་ཆུ་ཤེལ་ནི་བདར་གཟུགས་ཡིན་མོད། དེ་ཞུ་རྗེས་ཡང་བསྐྱར་དཀག་པའི་ཆུ་ཤེལ (དཀར་གོང་ཤེལ )ནི་བདར་མིན་གཟུགས་ཡིན། བདར་མིན་གཟུགས་ཁ་ཤས་ཤིག་ཆ་རྐྱེན་ངེས་ཅན་འོག་ཏུ་བདར་གཟུགས་སུ་ཡང་འགྱུར་ཐུབ་པ་རེད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-25

གསར་སྤེལ་མཁན། :ཀླུ་འབུམ་ཚེ་རིང་།༷

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།