རྣམ་པའི་ཞུགས་ཚད་དང་དོ་མཉམ་རྣམ་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྣམ་པའི་ཞུགས་ཚད་དང་དོ་མཉམ་རྣམ་པ།
ཤུགས་རིག་པ་རུ་དངོས་གཟུགས (སྤུས་ཚེག)འཕྲུལ་ཆས་འགུལ་སྐྱོད་ཀྱི་རྣམ་པ་གཏན་འཁེལ་བྱེད་ཆེད། ང་ཚོས་དངོས་གཟུགས་ཀྱི་གནས་ཚད་དང་འགྲོས་ཚད་ཀྱི་དངོས་ལུགས་ཚད་འདི་གཉིས་བཀོལ་སྤྱོད་བྱས་པ་ཡིན། ཚ་རིག་ཁྲོད་རྒྱུད་ཁོངས་ཀྱི་རྣམ་པ་གཏན་འཁེལ་བྱེད་པ་ལའང་དངོས་ལུགས་ཚད་འགའ་བཀོལ་སྤྱོད་བྱེད་དགོས་ལ། དངོས་ལུགས་ཚད་འདི་དག་ལ་རྒྱུད་ཁོངས་ཀྱི་རྣམ་པའི་ཞུགས་ཚད་ཟེར། དཔེར་ན། རྒྱུད་ཁོངས་ཀྱི་བར་སྟོང་ཁྱབ་ཁོངས་གཏན་འཁེལ་བྱེད་ཆེད། བོངས་ཚད། སྤྱོད་དགོས། འདི་ནི་དབྱིབས་རྩིས་ཞུགས་ཚད་ཅིག་ཡིན། གལ་ཏེ་སྣོད་ཆས་དང་ཕྱི་མཚམས་ལ་ནུས་ཚད་བརྗེ་རེས་མེད་ཚེ། ཅུང་ཙམ་འགོར་རྗེས། སྣོད་ཆས་ནང་གི་ཚེག་སོ་སོའི་གནོན་དྲག་དང་དྲོད་ཚད་ཚང་མར་འགྱུར་ལྡོག་མི་འབྱུང་། འདི་འདྲའི་གནས་ཚུལ་འོག་ང་ཚོས་སྣོད་ཆས་ནང་གི་རླུག་གཟུགས་དོ་མཉམ་རྣམ་པ་ལ་ཐོན་ཡོད་ཅེས་བཤད་ཆོག དེ་ལས་ལྡོག་ན་དོ་མཉམ་རྣམ་པ་མིན། རྒྱུད་ཁོངས་དོ་མཉམ་རྣམ་པར་གནས་སྐབས། རྒྱུད་ཁོངས་ཀྱི་རང་བཞིན་ཚང་མ་དུས་ཚོད་དང་བསྟུན་ནས་འགྱུར་ལྡོག་མི་འབྱུང་བའི་རྐྱེན་གྱིས། ང་ཚོས་ཅུང་སྟབས་བདེའི་སྒོ་ནས་རང་བཞིན་འདི་དག་ཞིབ་བརྗོད་བྱེད་ཐུབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
平衡态与状态参量
1 རྣམ་པའི་ཞུགས་ཚད།

གལ་ཏེ་ང་ཚོས་དབུགས་གཟུགས་སྒམ་གང་གི་ཚ་རིག་རང་བཞིན་ལ་ཞིབ་འཇུག་བྱེད་ན། དབུགས་གཟུགས་སྒམ་འདི་ནི་ཆ་རྡུལ་འབོན་ཆེན་གྱིས་གྲུབ་པའི་ཞིབ་འཇུག་བྱ་ཡུལ་ཞིག་ཡིན། དེ་ལ་ཚ་རིག་ཁྲོད་ཚ་ཤུགས་རིག་པའི་རྒྱུད་ཁོངས་གཅིག་ཟེར། བསྡུས་ན་རྒྱུད་ཁོངས་ཀྱང་ཟེར།རྒྱུད་ཁོངས་ཕྱི་རོལ་ཏུ་རྒྱུད་ཁོངས་དང་ཕན་ཚུན་བྱེད་ནུས་འདོན་པའི་དངོས་གཟུགས་གཞན་གྱི་སྤྱི་མིང་ལ་ཕྱི་མཚམས་ཟེར། དཔེར་ན། ཆང་བཅུད་སྒྲོན་མེ་བཀོལ་ནས་ཤོང་སྣོན་ནང་གི་དབུགས་གཟུགས་ལ་ཚ་སྣོན་བྱས་ཏེ། དབུགས་གཟུགས་ཞིབ་འཇུག་བྱ་ཡུལ་བྱས་ན། དེ་ནི་ཚ་ཤུགས་རིག་པའི་རྒྱུད་ཁོངས་གཅིག་ཡིན་ལ། ཤོང་སྣོན་དང་ཆང་བཅུད་སྒྲོན་མེ་ནི་ཕྱི་མཚམས་ཡིན། 

ཤུགས་རིག་པ་རུ་དངོས་གཟུགས (སྤུས་ཚེག )འཕྲུལ་ཆས་འགུལ་སྐྱོད་ཀྱི་རྣམ་པ་གཏན་འཁེལ་བྱེད་ཆེད། ང་ཚོས་དངོས་གཟུགས་ཀྱི་གནས་ཚད་དང་འགྲོས་ཚད་ཀྱི་དངོས་ལུགས་ཚད་འདི་གཉིས་བཀོལ་སྤྱོད་བྱས་པ་ཡིན། ཚ་རིག་ཁྲོད་རྒྱུད་ཁོངས་ཀྱི་རྣམ་པ་གཏན་འཁེལ་བྱེད་པ་ལའང་དངོས་ལུགས་ཚད་འགའ་བཀོལ་སྤྱོད་བྱེད་དགོས་ལ། དངོས་ལུགས་ཚད་འདི་དག་ལ་རྒྱུད་ཁོངས་ཀྱི་རྣམ་པའི་ཞུགས་ཚད་ཟེར། དཔེར་ན། རྒྱུད་ཁོངས་ཀྱི་བར་སྟོང་ཁྱབ་ཁོངས་གཏན་འཁེལ་བྱེད་ཆེད། བོངས་ཚདVསྤྱོད་དགོས། འདི་ནི་དབྱིབས་རྩིས་ཞུགས་ཚད་ཅིག་ཡིན། ཕྱི་མཚམས་དང་རྒྱུད་ཁོངས་ཀྱི་བར་རམ་ཡང་ན་རྒྱུད་ཁོངས་ནང་གི་ཁག་སོ་སོའི་བར་གྱི་ཤུགས་ཀྱི་བྱེད་ནུས་གཏན་འཁེལ་བྱེད་ཆེད། གནོན་དྲགPསྤྱོད་དགོས།  འདི་ནི་ཤུགས་རིག་ཞུགས་ཚད་ཅིག་ཡིན།  ད་དུང་རྒྱུད་ཁོངས་ཀྱི་ཚ་གྲང་རིམ་ཚད་གཏན་འཁེལ་བྱ་ཆེད། དམའ་འབྲིང་དུ་བསླབས་ཟིན་པའི་ཚ་རིག་ཞུགས་ཚད་དེ་དྲོད་ཚདYསྤྱོད་དགོས། 

2 དོ་མཉམ་རྣམ་པ།

ངེས་ཚད་ལྟར་རྒྱུད་ཁོངས་ཀྱི་རྣམ་པ་ཞིབ་བརྗོད་བྱེད་དཀའ། རྒྱུ་མཚན་ནི་སྐབས་འགར་རྒྱུད་ཁོངས་ཀྱི་ཞུགས་ཚད་དུས་ཚོད་དང་བསྟུན་ནས་འགྱུར་ལྡོག་འབྱུང་བའི་རྐྱེན་ཡིན། ཕྱི་མཚམས་ཀྱི་ཤུགས་རྐྱེན་མི་ཐེབས་པའི་གནས་ཚུལ་འོག དུས་ཚོད་རིང་བོ་ཞིག་བརྒྱུད་ན། རྒྱུད་ཁོངས་ནང་ཁག་སོ་སོའི་རྣམ་པའི་ཞུགས་ཚད་གཏན་འཇགས་སུ་ཐོན་ཐུབ། དཔེར་ན། གནོན་དྲག་དང་དྲོད་ཚད་མི་འདྲ་བའི་དབུགས་གཟུགས་སྒམ་གཉིས་སྣོད་ཆས་གཅིག་ནི་ནང་དུ་བླུགས། གནོན་དྲག་ཆེ་བའི་དབུགས་གཟུགས་དེ་གནོན་དྲག་ཆུང་བའི་དབུགས་གཟུགས་ཀྱི་ཕྱོགས་ལ་བཞུར་བ་དང་། དྲོན་ཚད་མཐོ་བའི་དབུགས་གཟུགས་དེ་དྲོད་ཚད་དམའ་བའི་དབུགས་གཟུགས་ཀྱི་ཕྱོགས་ལ་ཚ་བའི་བརྒྱུད་སྤྲོད་བྱེད། འོན་ཀྱང། གལ་ཏེ་སྣོད་ཆས་དང་ཕྱི་མཚམས་ལ་ནུས་ཚད་བརྗེ་རེས་མེད་ཚེ། ཅུང་ཙམ་འགོར་རྗེས། སྣོད་ཆས་ནང་གི་ཚེག་སོ་སོའི་གནོན་དྲག་དང་དྲོད་ཚད་ཚང་མར་འགྱུར་ལྡོག་མི་འབྱུང་། འདི་འདྲའི་གནས་ཚུལ་འོག་ང་ཚོས་སྣོད་ཆས་ནང་གི་རླུག་གཟུགས་དོ་མཉམ་རྣམ་པ་ལ་ཐོན་ཡོད་ཅེས་བཤད་ཆོག དེ་ལས་ལྡོག་ན་དོ་མཉམ་རྣམ་པ་མིན། རྒྱུད་ཁོངས་དོ་མཉམ་རྣམ་པར་གནས་སྐབས། རྒྱུད་ཁོངས་ཀྱི་རང་བཞིན་ཚང་མ་དུས་ཚོད་དང་བསྟུན་ནས་འགྱུར་ལྡོག་མི་འབྱུང་བའི་རྐྱེན་གྱིས། ང་ཚོས་ཅུང་སྟབས་བདེའི་སྒོ་ནས་རང་བཞིན་འདི་དག་ཞིབ་བརྗོད་བྱེད་ཐུབ། སློབ་འབྲིང་སྐབས་སུ་ང་ཚོས་གཙོ་བོར་དོ་མཉམ་རྣམ་པའི་གནད་དོན་ཐག་གཅོད་བྱ་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-25

གསར་སྤེལ་མཁན། :ཀླུ་འབུམ་ཚེ་རིང་།༷

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།