ནུས་ཁུངས་དང་རྒྱུན་མཐུད་འཕེལ་རྒྱས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནུས་ཁུངས་དང་རྒྱུན་མཐུད་འཕེལ་རྒྱས།
རང་བྱུང་ཁམས་ཀྱི་འགྱུར་ལྡོག་ཡོད་ཚད་དང་། མིའི་རིགས་སྤྱི་ཚོགས་ཀྱི་བྱ་འགུལ་ཚང་མ་ནི་ནུས་ཚད་ཀྱི་སྤོ་འགུལ་དང་འཕོ་འགྱུར་ལས་བྱུང་བ་ཡིན་པས། ནུས་ཚད་ནི་དངོས་རྫས་ཡོད་ཚད་འགུལ་སྐྱོད་ཀྱི་འབྱུང་ཁུངས་དང་ཚེ་སྲོག་འགུལ་སྐྱོད་རྨང་གཞི་ཡིན། ནུས་ཚད་བརྟན་སྲུང་གཏན་སྲོལ་གྱིས་ནུས་ཚད་ཀྱི་བརྟན་སྲུང་རང་བཞིན་གསལ་བོར་བསྟན། ང་ཚོས་ནུས་ཚད་འཕོ་འགྱུར་དང་སྤོ་འགུལ་བརྒྱུད་རིམ་ཁྲོད་ནུས་ཚད་བེད་སྤྱོད་བྱས་ན་ནུས་ཚད་ཀྱི་སྤྱི་འགྲོས་ཇེ་ཉུང་དུ་མི་འགྲོ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
能源和可持续发展
1 ​ནུས་ཚད་ཟད་ཐོང་དང་སྤུས་ཀ་ཆག་པ།

རང་བྱུང་ཁམས་ཀྱི་འགྱུར་ལྡོག་ཡོད་ཚད་དང་། མིའི་རིགས་སྤྱི་ཚོགས་ཀྱི་བྱ་འགུལ་ཚང་མ་ནི་ནུས་ཚད་ཀྱི་སྤོ་འགུལ་དང་འཕོ་འགྱུར་ལས་བྱུང་བ་ཡིན་པས། ནུས་ཚད་ནི་དངོས་རྫས་ཡོད་ཚད་འགུལ་སྐྱོད་ཀྱི་འབྱུང་ཁུངས་དང་ཚེ་སྲོག་འགུལ་སྐྱོད་རྨང་གཞི་ཡིན།

ནུས་ཚད་བརྟན་སྲུང་གཏན་སྲོལ་གྱིས་ནུས་ཚད་ཀྱི་བརྟན་སྲུང་རང་བཞིན་གསལ་བོར་བསྟན། ང་ཚོས་ནུས་ཚད་འཕོ་འགྱུར་དང་སྤོ་འགུལ་བརྒྱུད་རིམ་ཁྲོད་ནུས་ཚད་བེད་སྤྱོད་བྱས་ན་ནུས་ཚད་ཀྱི་སྤྱི་འགྲོས་ཇེ་ཉུང་དུ་མི་འགྲོ། དེས་ན་ནུས་ཁོངས་གྲོན་ཆུང་བྱེད་དགོས་དོན་ཅི་ཡིན།

དྲི་གཞི་དེའི་དྲིས་ལན་དེ་ཚ་ཤུགས་རིག་པའི་གཏན་སྲོལ་གཉིས་པ་རུ་ཡོད། ནུས་ཚད་དེ་གྲངས་ཚད་སྟེང་བརྟན་སྲུང་ཡིན་ཡང་དེའི་སྤོ་འགུལ་དང་འཕོ་འགྱུར་ལ་ཁ་ཕྱོགས་རང་བཞིན་ལྡན།

དྲོད་ལེན་འོད་འགྱེད་དང་། ཞིང་རྨོ་ཕྲུ་སློག འཁོར་གཟོང་གཙུབ་རྡུང་། རླངས་འཁོར་དང་གྲུ་གཟིངས་ལ་ཁ་ལོ་བསྒྱུར་བ་སོགས་བྱ་འགུལ་རྣམ་པ་སྣ་ཚོགས་ཁྲོད་འཕྲུལ་ཆས་ནུས་དང་། གློག་ནུས། འོད་ནུས། སྒྲ་ནུས། རྫས་འགྱུར་ནུས། ཉིང་ནུས། སྐྱེ་ལྡན་ནུས་ཚང་མ་མཇུག་མཐར་ནང་ནུས་སུ་འཕོ་འགྱུར་བྱུང་ནས་མཐའ་འཁོར་གྱི་ཁོར་ཡུག་ཁྲོད་མཆེད་པར་ཕྱིར། འཕྲུལ་ཆས་ནུས་དང་། གློག་ནུས། རྫས་འགྱུར་ནུས་ཚང་མ་གཅིག་བསྡུས་ཚད་ཅུང་མཐོ་རིམ་མེད་ཚད་ཆེས་ཆེ་བའི་ནུས་ཚད་ཡིན། དེ་དག་ཁོར་ཡུག་གི་ནང་ནུས་སུ་གྱུར་རྗེས་ཤིན་ཏུ་ཐར་ཐོར་དུ་གྱུར་པས་རིམ་མེད་ཚད་ཆེས་ཆེ་བའི་ནུས་ཚད་ཡིན། ཁོར་ཡུག་ཁྲོད་འཐོར་བའི་ནང་ནུས་ཀྱི་གྲངས་ཚད་ཇི་ལྟར་ཆེ་ཡང་། དེས་སའི་གོ་ལ་དང་རླུང་ཁམས་ཆེན་མོ་ཅུང་ཙམ་ཇེ་དྲོར་གཏོང་བ་ལས། འཕྲུས་ཆས་ལ་སྐུལ་སྒུལ་བྱས་ཏེ་རྩོལ་བ་འདོན་མི་ཐུབ། འདི་འདྲའི་འཕོ་འགྱུར་གྱི་བརྒྱུད་རིམ་ལ་ནུས་ཚད་ཟད་ཐོར་ཟེར། རྣམ་པ་མི་འདྲ་བའི་ནུས་ཚད་དེ་ནང་ནུས་སུ་འཕོ་འགྱུར་བྱེད་པ་ནི། རིམ་མེད་ཚད་ཅུང་ཆུང་བའི་རྣམ་པ་ནས་རིམ་མེད་ཚད་ཅུང་ཆེ་བའི་རྣམ་པ་རུ་འཕོ་འགྱུར་བྱུང་བ་ཡིན། དེ་རང་འགུལ་གྱིས་འབྱུང་བ་དང་། ཚང་མ་འབྱུང་དུ་འཇུག་ཐུབ། འོན་ཀྱང་། དེ་ལས་ལྡོག་པའི་འཕོ་འགྱུར་ནི་ཇི་འདྲ་ཡིན་ཞེ་ན།

ཚ་སྒུལ་འཕྲུལ་འཁོར་ཁྲོད་དུ་ནང་ནུས་དེ་འཕྲུལ་ཆས་ནུས་སུ་འཕོ་འགྱུར་འབྱུང་བ་བདེན་མོད། འོན་ཀྱང་ང་ཚོས་ཚ་ཤུགས་རིག་པའི་གཏན་སྲོལ་གཉིས་པ་ལས་ཤེས་ཐུབ་པ་ནི། འདི་འདྲི་འཕོ་འགྱུར་ནི་ཆ་རྐྱེན་ཡོད་དེ། ཁོར་ཡུག་ཁྲོད་ངེས་པར་དུ་དྲོད་ཚད་ཀྱི་བར་ཁྱད་ཡོད་ལ། ད་དུང་ནང་ནུས་དེ་འཕྲུལ་ཆས་ནུས་ལ་ཡོངས་སུ་འཕོ་འགྱུར་བྱེད་མི་ཐུབ། དེའི་རྐྱེན་གྱིས། བེད་སྤྱོད་བྱས་ཆོག་པའི་རིན་ཐང་ཐད་ནས་བལྟས་ན། ནང་ནུས་དེ་འཕྲུལ་ཆས་ནུས་དང་གློག་ནུས་སོགས་ལ་འགྱུར་བ་ནི་སྤུས་ཀ་དམའ་བའི་ནུས་ཚད་ཅིག་ཡིན། དེ་ལས་ཤེས་ཐུབ་པ་ནི་ནུས་ཚད་ཟད་ཐོར་གྱིས་ནུས་ཚད་ཀྱི་སྤྱི་གྲངས་ཇེ་ཉུང་དུ་གཏོང་མི་ཐུབ་ན་ཡང་། ནུས་ཚད་ཀྱི་སྤུས་ཀ་ཇེ་དམའ་རུ་གཏོང་ཐུབ། དོན་དངོས་སུ་དེ་ནི་ནུས་ཚད་དེ་ཚད་མཐོའི་བཀོལ་སྤྱོད་ཀྱི་རྣམ་པ་ནས་བཀོལ་སྤྱོད་མེད་པའི་རྣམ་པ་རུ་རིམ་གྱིས་མར་ཆག་པ་ཡིན། རྡོ་སོལ་དང་། རྡོ་སྣུམ། རང་བྱུང་སོལ་རླངས་སོགས་ཀྱི་ནུས་ཁུངས་ནང་སྤུས་ཀ་མཐོ་བའི་ནུས་ཚད་གསོག་འཇོག་བྱས་ཡོད། དེ་དག་བཀོལ་སྤྱོད་བྱེད་སྐབས། སྤུས་ཀ་མཐོ་བའི་ནུས་ཚད་བཏང་བ་མ་ཟད་མཇུག་མཐར་སྤུས་ཀ་དམའ་བའི་ནང་ནུས་སུ་འཕོ་འགྱུར་བྱེད་པ་ཡིན། ནུས་ཚད་ཇེ་ཉུང་དུ་མི་འགྲོ་ནའང་ནུས་ཁུངས་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བས་ནུས་ཁུངས་ལ་གྲོན་ཆུང་བྱེད་དགོས།

2 ནུས་ཁུངས་དང་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས།

ནུས་ཁུངས་ནི་སྤྱི་ཚོགས་གནས་པ་དང་འཕེལ་རྒྱས་འགྲོ་བར་མེད་མི་རུང་བའི་ཉེར་སྤྱོད་རྫས་ཡིན་ལ། རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་བྱེད་པའི་དངོས་རྫས་ཀྱི་རྨང་གཞིའང་ཡིན། དེ་དང་རྒྱུ་ཆ། ཆ་འཕྲེིན་བཅས་ཀྱི་དེང་རབས་སྤྱི་ཚོགས་ཀྱི་སྲོག་ཤིང་ཆེན་པོ་གསུམ་གྲུབ་ཡོད། ནུས་ཁུངས་ཚན་རྩལ་གྱི་ཐེངས་རེ་རེའི་ཐོད་བརྒལ་གྱིས་ཐོན་སྐྱེད་ནུས་ཤུགས་ཀྱི་འཕུར་སྐྱོད་ཆེན་པོ་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་བསུས་ཡོད།

མེ་ཡི་བཀོལ་སྤྱོད་ནི་མིའི་རིགས་ཀྱི་ནུས་ཁུངས་བཀོལ་སྤྱོད་ཐད་ཀྱི་ལོ་རྒྱུས་ཀྱི་རྡོ་རིང་ཐོག་མ་ཡིན། དེས་གདོད་མའི་དུས་རབས་དང་ཁ་བྲལ་བར་བྱས། དུས་རབས18པའི་དུས་མཇུག་ཏུ་གསར་གཏོད་དང་། རིམ་གྱིས་འཐུས་ཚང་དུ་བཏང་བའི་རླངས་སྒུལ་འཕྲུལ་འཁོར་གྱིས་འགྱུར་རྡོའི་ནུས་ཁུངས་གཞི་ཁྱོན་ཆེ་བའི་ངང་བེད་སྤྱོད་བྱེད་པ་ཁྱད་རྟགས་སུ་བཟུང་ནས། མིའི་རིགས་ཀྱི་དཔལ་ཡོན་ལྡན་པའི་དུས་རབས་གསར་བའི་མགོ་ཚུགས། ཐོན་ལས་གསར་བརྗེ་དང་པོ་དང་མ་རྩ་རིང་ལུགས་སྤྱོ་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ནང་འབར་འཕྲུལ་འཁོར་གྱི་འཕེལ་རྒྱས་ཀྱིས་ནུས་ཤུགས་ལྡན་པའི་སྒོ་ནས། དུས་རབས19པའི་དུས་མཇུག་ནས་དུས་རབས20པའི་དུས་མགོར་འགོ་བརྩམས་པའི་འཕྲུལ་ཆས་ཅན་དང་གློག་ཤུགས་ཅན་གྱི་འཕེལ་རིམ་ལ་སྐུད་འདེད་བཏང་། དུས་རབས20པའི་དུས་དཀྱིལ་དུ་རླངས་སྒུལ་འཕྲུལ་འཁོར་དང་འབར་དབུགས་འཁོར་ལོའི་འཕེལ་རྒྱས་ཀྱིས་གཞི་རྒྱ་ཆེན་པོས་གློག་འདོན་པ་དང་། མཁའ་སྐྱོད་ལས་དོན་ལ་རྨང་གཞི་བཏིངས།

3 ནུས་ཁུངས་དང་ཁོར་ཡུག

འགྱུར་རྡོའི་ནུས་ཁུངས་ཀྱི་ཐོན་ཁུངས་ལ་ཚད་ཡོད་པ་མ་ཟད། དེས་ཁོར་ཡུག་ལའང་གཏོར་བརླག་ཚབས་ཆེན་ཐེབས་ཡོད། རྡོ་སྣུམ་དང་རྡོ་སོལ་སྦར་བ་ལས་མཁའ་རླུང་ཁྲོད་དུ་དབྱང་གཉིས་ཐཱན་རྫས་འདུས་ཚད་ཇེ་མང་དུ་སོང་ཞིང་། དེར་བརྟེན་ནས་དྲོད་ཁང་གི་ནུས་སྣང་ཇེ་དྲག་ཏུ་བཏང་སྟེ། སའི་གོ་ལའི་གླིང་སྣེ་གཉིས་ཀྱི་ཆབ་རིམ་ཞུ་ནས་མཚོ་ངོས་ཇེ་མཐོར་འཕགས་ཤིང་། སའི་གོ་ལ་ཧྲིལ་བོའི་གནམ་གཤིས་རྒྱུན་ལྡན་མིན་པར་གྱུར།

རྡོ་སོལ་དང་རྡོ་སྣུམ་དང་མུ་ཟི་འདུས་པས། དེ་འབར་སྐབས་བྱུང་བའི་དབྱང་གཉིས་མུ་ཟི་སོགས་དངོས་རྫས་ཀྱིས་ཆར་ཆུའི་སྐྱུར་ཚད་ཇེ་མཐོར་བཏང་ནས། སྐྱུར་ཆར་གྲུབ་པ་དང་། དེས་བཟོ་སྐྲུན་དངོས་པོ་སོགས་རུལ་ཟད་དང་ས་གཤིས་སྐྱུར་ཅན་དུ་བསྒྱུར།

ནང་འབར་འཕྲུལ་འཁོར་གྱིས་བྱ་བ་བྱེད་སྐབས་བྱུང་བའི་དྲོན་མཐོན་པོས་མཁའ་རླུང་ཁྲོད་དང་། འབར་རྫས་ཁྲོད་ཀྱི་དངོས་རྫས་མང་པོ་རྫས་འགྱུར་འབྱུང་བྱུང་དུ་བཅུག་སྟེ། ཏན་དབྱང་འགྱུར་རྫས་དང་ཐཱན་ཆིང་འདྲེས་འགྱུར་རྫས་སོགས་བྱུང་། འདྲེས་འགྱུར་རྫས་འདི་དག་ལ་མཁའ་རླུང་ཁྲོད་དུ་སྨུག་ཕྱིའི་འོད་ཕོག་པས། ཐེངས་གཉིས་པའི་རྫད་པའི་དངོས་རྫས་ཏེ་འོད་འགྱུར་དུ་སྨུག་བྱུང་། དངོས་པོ་འདི་དག་ལ་དུག་ལྡན་པས་མི་ལ་ནད་མང་པོ་ཕོག་ཡོང་ལ། འབར་བཞིན་པའི་སྐབས་ཀྱི་ཐལ་རྡུལ་ཡང་རྫད་པའི་དངོས་པོ་གཙོ་བོ་ཞིག་རེད།

རྒྱུན་མཐུད་འཕེལ་རྒྱས་ཀྱི་སྙིང་པོ་ནི་འཕེལ་རྒྱས་དང་ཐོན་ཁུངས། ཁོར་ཡུག་བཅས་དོ་མཉམ་ཡོད་བར་རེ་སྙེག་བྱེད་པ་དེ་ཡིན་ལ། དེས་དེང་རབས་ཀྱི་མིའི་དགོས་མཁོ་སྐོང་ཐུབ་པ་མ་ཟད། མི་རབས་རྗེས་མའི་དགོས་མཁོ་ལའང་གཏོར་བརླག་མི་བྱེད། དེའི་ཁྲོད་དུ་ཆེས་གལ་ཆེ་བའི་ཕྱོགས་གཉིས་ནི་ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོབ་ཡིན་ལ། འདི་དག་ཚང་མ་ནུས་ཁུངས་ཀྱི་སྔོག་འདོན་དང་བཀོལ་སྤྱོད་ལ་འབྲེལ་བ་ཡོད།

4 ནུས་ཁུངས་གསར་བ་སྔོག་འདོན།

ཉི་མའི་ནུས་པ་ནི་སྔོག་འདོན་གྱི་མདུན་ལྗོངས་ཡག་པོ་ཡོད་པའི་ནུས་ཁུངས་རིགས་གསར་བ་ཞིག་ཡིན། ཉི་མར་སའི་གོ་ལའི་སྟེང་རྩིབས་འཕྲོ་བྱས་པའི་ནུས་ཚད་ཧ་ཅང་ཆེ་སྟེ། ལོ་རེར1024Jལ་སླེབས་ཐུབ། མིའི་རིགས་ཀྱི་ལོ་རྒྱུས་ལ་བལྟས་ན། ཉི་མའི་ནུས་པ་ནི་བླངས་ན་རྫོགས་མཐའ་མེད་པ་དང་སྤྱད་ན་ཟད་མཐའ་མེད་པའི་དྭངས་གཙང་གི་ནུས་ཁུངས་ཤིག་ཡིན་ལ། དེ་བེད་སྤྱད་ན་ཁོར་ཡུག་ལ་གནོད་པ་ཐེབས་ཚད་ཤིན་ཏུ་ཆུང་།

ཉི་མའི་ནུས་པ་བཀོལ་སྤྱོད་བྱས་ན་་མདུན་ལམ་ཆེས་ཆེ་བའི་ཁྱབ་ཁོངས་ནི་ཉི་མའི་གློག་སྨན་བརྒྱུད་ནས་ཉི་མའི་ནུས་པ་དེ་གློག་ནུས་སུ་ཐད་ཀར་བསྒྱུར་རྒྱུ་དེ་ཡིན། རང་རྒྱལ་གྱི་མཚོ་སྔོན་ཞིང་ཆེན་གྱིས་ཉི་མའི་ནུས་པའི་གློག་འདོན་རྒྱུད་ཁོངས་ཁྲི་ཕྲག་མང་པོ་ཁྱབ་གདལ་དུ་བཏང་ནས། གྲོང་སྡེ་མང་པོ་ཞིག་ཏུ་ཉི་གློག་ས་ཚུགས་འཛུགས་སྐྲུན་བྱས་ཡོད། བོད་རང་སྐྱོང་ལྗོངས་ཀྱི་ཨ་མདོའི་ཉི་གློག་ས་ཚུགས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་སྤྱིའི་གློག་འདོན་ཚད་ནི100KWཡིན། རང་རྒྱལ་གྱིས2020ལོའི་ཡར་སྔོན་ལ་ཀྲའོ་ཝ་རིམ་པའི་ཉི་འོད་ས་ཚིགས་ལྔ་འཛུགས་རྒྱུའི་འཆར་གཞི་ཡོད།

ནུས་ཁུངས་གསར་བ་གཞན་ཞིག་ནི་སྐྱེ་དངོས་ཀྱ་སྟེང་ལ་ཉར་ཚགས་བྱས་པའི་ཉི་མའི་ནུས་པ་ལ་ཟེར། དེའི་ཉར་ཚགས་ཀྱི་རྣམ་པ་ནི་སྐྱེ་དངོས་ཆ་རྡུལ་གྱི་རྫས་འགྱུར་ནུས་ཡིན། ལོ་ཏོག་གི་གཞུང་རྟ་སྐྱུར་བསྙལ་བྱས་ཏེ་བྱུང་བའི་རྫབ་རླངས་ཏེ་འཚོ་བའི་འབར་རྫས་བྱས་ཆོག་ལ། དེ་ནི་སྐྱེ་དངོས་རྫས་ནུས་བཀོལ་སྤྱོད་ཀྱི་བྱེད་སྟངས་རིགས་ཤིག་ཡིན།

རླུང་ཤུགས་ལ་བརྟེན་ནས་གློག་འདོན་པ་དང་། རླུང་ཤུགས་གློག་འདོན་གྱི་རྩོལ་ཕྱོད་ཇེ་ཆེར་གཏོང་ཆེད། དུས་རྒྱུན་དུ་རླུང་འཁོར་མང་པོ་མཉམ་དུ་བཙུགས་ཏེ་རླུང་འཁོར་ཞིང་ས་གྲུབ། རང་རྒྱལ་གྱི་ཞིན་ཅང་། ནང་སོག་སོགས་ས་ཁུལ་དུ་རླུང་ཤུགས་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པས། གཞི་ཁྱོན་ཆེ་བའི་སྒོ་ནས་རླུང་ཤུགས་སྤྱད་དེ་གློག་འདོན་བཞིན་ཡོད།

ཆུ་གློག་ས་ཚིགས་ནི་ཆུ་ནུས་བཀོལ་སྤྱོད་བྱེད་པའི་རྣམ་པ་གཙོ་བོ་ཞིག་ཡིན། ཆུ་ནི་བསྐྱར་འབྱུང་རུང་བའི་ནུས་ཁུངས་ཡིན་ལ། ཆུ་གློག་གིས་ཁོར་ཡུག་ལ་ཐེབས་པའི་ཤན་ཤུགས་ཏེ་མེ་གློག་ལམ་ལས་ཆུང་ཞིང་གློག་འདོན་གྱི་མ་རྩ་ཡང་ཆུང་། རང་རྒྱལ་འབྲི་ཆུའི་འགག་གསུམ་གྱི་ཆུ་བེད་འགག་རྩའི་བཟོ་སྐྲུན་གྱིས་ལོ་རེར་གློག་ནུསKW.hམཁོ་སྤྲོད་བྱེད་ཐུབ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-25

གསར་སྤེལ་མཁན། :ཀླུ་འབུམ་ཚེ་རིང་།༷

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།