ཧྥ་ར་ཏས་དང་ར་བའི་དོན་སྤྱི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྥ་ར་ཏས་དང་ར་བའི་དོན་སྤྱི།
ཧྥ་ར་ཏས་ཀྱིས་ར་བའི་དོན་སྤྱི་བཏོན་པ་མ་ཟད། ཐད་མཐོང་གིས་ར་བའི་བརྙན་རིས་གསལ་བོར་བཀོལ། ཁོང་གིས་གློག་ཤུགས་ཐིག(གློག་རའི་ཐིག )དང་སྡུད་ཤུགས་ཐིག (སྡུད་ལྟོས་འབྱུང་ཐིག)གིས་གཟུགས་སྣང་ལྡན་པའི་གློག་ར་དང་སྡུད་ར་ཞིབ་བརྗོད་བྱས་པ་སྟེ། ཤུགས་ཐིག་སྟུག་པོའི་གནས་སུ་ར་བ་དྲག་པོ་ལྡན་པ་དང་། ཤུགས་ཐིག་སྲབ་པའི་གནས་སུ་ར་བ་ཞན་པ་ཡིན། ཤུགས་ཐིག་སྟེང་གི་ཚེག་རེ་རེའི་ཕྲད་ཐིག་ཁ་ཕྱོགས་ཀྱིས་ར་བའི་དྲག་ཚད་ཀྱི་ཁ་ཕྱོགས་མཚོན་པ་རེད། ཧྥ་ར་ཏས་ཀྱིས་རི་མོ་དེས་གློག་སྡུད་སྣང་ཚུལ་མང་པོ་གསལ་བཤད་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
法拉第和场的概念
1 མདོར་བསྟན་པ།

བར་ཐག་ངེས་ཅན་ལྡན་པའི་གློག་ཁུར་རམ་ཡང་ན་སྡུད་གཟུགས་བར་གྱི་ཕན་ཚུན་བྱེད་ནུས་ཇི་ལྟར་བྱུང་བ་ཡིན་ཞེ་ན། དེ་ནི་མི་རྣམས་སོམ་ཉིའི་དྲ་བར་ཚུད་དེ། ཚོད་དཔག་བྱེད་དུ་འཇུག་པའི་གནད་དོན་ཞིག་ཡིན་ལ། དུས་ཡུན་རིང་བོར་རྩོད་གླེང་བྱས་མྱོང་བའི་ཚན་རིག་དོགས་གནད་ཅིག་ཀྱང་ཡིན། དུས་རབས19པའི་ཡར་སྔོན་དུ་དངོས་ལུགས་རིག་པ་བ་མང་པོས་དེར་ཚད་བརྒལ་བར་ཐག་བྱེད་ནུས་ཀྱི་ལྟ་བ་བཟུང་ཡོད།

འགུག་ཤུགས་བྱེད་ནུས་ཇི་ལྟར་བྱུང་བའི་གནད་དོན་དེའི་སྐོར་ལ། ཉིའུ་ཏུན་ནི་ཚད་བརྒལ་བར་ཐག་བྱེད་ནུས་ཀྱི་ལྟ་བ་ལ་མི་འཐད་ཀྱང་རང་གི་ལྟ་བ་འདོན་མ་ཐུབ་པ་མ་ཟད། “བློས་བཞག་སྨྲ་བ་མི་བྱེད”ཅེས་གསུངས། ཉིའུ་ཏུན་དང་མི་འདྲ་བར་ཧྥ་ར་ཏས་ཀྱི་གློག་སྡུད་བྱེད་ནུས་ཀྱི་གནད་དོན་སྐོར་ལ་རང་གི་ལྟ་བ་གསལ་བོར་བཏོན་ཡོད། ཁོང་གིས་དངོས་བཤེར་བྱས་ཏེ། གློག་གི་བྱེད་ནུས་དང་སྡུད་ཀྱི་བྱེད་ནུས་ནི་གློག་ཁུར་བར་རམ་སྡུད་གཟུགས་བར་གྱི་བར་རྫས་དང་འབྲེལ་བ་ཡོད་ཅིང་། བར་རྫས་མི་མཐུན་པར་དངོས་བཤེར་གཅིག་མཐུན་བྱས་ན་བྱེད་ནུས་ཀྱི་མཐའ་འབྲས་མི་མཐུན་པ་རྟོགས། དེའི་རྐྱེན་གྱིས་ཧྥ་ར་ཏས་ཀྱིས་གློག་སྡུད་བྱེད་ནུས་ཀྱི་ངོ་བོ་ལ་བསམ་བློ་ཞིབ་མོ་བཏང་། གློག་ཤུགས་དང་སྡུད་ཤུགས་བར་སྟོང་ལས་བརྒལ་ཞིང་། བར་རྫས་དང་འབྲེལ་བ་མེད་པའི་ཚད་བརྒལ་བར་ཐག་བྱེད་ནུས་ཡིན་མི་སྲིད་སྙམ། དེས་མི་ཚད་བར་སྟོང་དུ་གློག་ཁུར་རམ་སྡུད་གཟུགས་ལས་གློག་རའམ་སྡུད་ར་བྱུང་བ་དང་། ར་བ་ལ་བརྟེན་ནས་གློག་གི་བྱེད་ནུས་གློག་ཁུར་རམ་སྡུད་གཟུགས་གཞན་པར་བརྒྱུད་སྤྲོད་བྱེད་པའི་ལྟ་བ་བཏོན།

ཧྥ་ར་ཏས་ཀྱིས་ར་བའི་དོན་སྤྱི་བཏོན་པ་མ་ཟད། ཐད་མཐོང་གིས་ར་བའི་བརྙན་རིས་གསལ་བོར་བཀོལ། ཁོང་གིས་གློག་ཤུགས་ཐིག(གློག་རའི་ཐིག )དང་སྡུད་ཤུགས་ཐིག (སྡུད་ལྟོས་འབྱུང་ཐིག)གིས་གཟུགས་སྣང་ལྡན་པའི་གློག་ར་དང་སྡུད་ར་ཞིབ་བརྗོད་བྱས་པ་སྟེ། ཤུགས་ཐིག་སྟུག་པོའི་གནས་སུ་ར་བ་དྲག་པོ་ལྡན་པ་དང་།  ཤུགས་ཐིག་སྲབ་པའི་གནས་སུ་ར་བ་ཞན་པ་ཡིན། ཤུགས་ཐིག་སྟེང་གི་ཚེག་རེ་རེའི་ཕྲད་ཐིག་ཁ་ཕྱོགས་ཀྱིས་ར་བའི་དྲག་ཚད་ཀྱི་ཁ་ཕྱོགས་མཚོན་པ་རེད། ཧྥ་ར་ཏས་ཀྱིས་རི་མོ་དེས་གློག་སྡུད་སྣང་ཚུལ་མང་པོ་གསལ་བཤད་བྱས། དཔེར་ན། སྤྱི་ལོ1831ལོར་ཁོས་གློག་སྡུད་ལྟོས་འབྱུང་སྣང་ཚུལ་ཤེས་རྟོགས་བྱུང་རྗེས་སྡུད་ཤུགས་ཐིག་ལ་བརྟེན་ནས་མྱུར་དུ་སྣང་ཚུལ་དེ་གསལ་བོར་བསྟན་པ་སྟེ། ཁ་ཟུམ་གློག་ལམ་དུ་རྒྱུ་བའི་སྡུད་ཤུགས་ཐིག་གི་གྲངས་ཚད་ལ་འགྱུར་ལྡོག་བྱུང་ན་གློག་ལམ་ནང་དུ་གློག་རྒྱུན་འབྱུང་ངེས།

གློག་སྡུད་གཞུང་ལུགས་ལ་ཆ་མཚོན་ནས་བཤད་ན། ཧྥ་ར་ཏས་ཀྱི་ར་བའི་དོན་སྤྱི་དེ་ད་དུང་གསར་སྐྱེས་ལྗང་མྱུག་ལྟ་བུ་ཞིག་ཡིན། ཁོང་ནི་གྲངས་རིག་པར་བྱང་ཆ་མེད་པས། ཁོང་གིས་བཏོན་པ་ནི་ཞིག་གཙིགས་ཅན་གྱི་གྲངས་རིག་ཡོ་བྱད་དང་འབྲེལ་བ་ཆེར་མེད་པའི་ཞིབ་བརྗོད་བྱེད་ཐབས་ཙམ་ཡིན། ལོ་ཉི་ཤུ་ནས་སུམ་ཅུ་ཙམ་འགོར་རྗེས་མཱ་ཁི་སི་ཝེན་གྱིས་ཧྥ་ས་ཏས་ཀྱི་གློག་སྡུད་ར་བ་སྐོར་གྱི་བརྙན་རིས་བབ་ཆགས་ཤིང་སྟབས་བདེ་བ་དེ་ཞིབ་ཚགས་དང་ངེས་ཚད་ལྟར་རྒྱས་བཤད་བྱས་པ་དང་། དེ་ནས་གློག་སྡུད་རླབས་གནས་པའི་ལུང་བསྟན་པ་མ་ཟད། འོད་སྣང་ཚུལ་དང་གློག་སྡུད་སྣང་ཚུལ་གཅིག་གྱུར་བྱས་པ་རེད། དེར་བརྟེན་ར་བའི་དོན་སྤྱི་གྲུབ་པ་མ་ཟད། རིམ་གྱིས་གོང་འཕེལ་དུ་སོང་བ་རེད།

འདིར་བརྗོད་དགོས་པ་ཞིག་ནི། ཧྥ་ར་ཏས་ཀྱིས་སྐབས་དེར་བར་སྟོང་གི་གནས་གང་དང་གང་དུ་གཟུགས་ཅན་གྱི་ཤུགས་ཐིག་ཡོད་པར་ཡིད་ཆེས་བརྟན་པོ་བྱས་ཡོད་ཀྱང་། ད་བར་གྱི་མི་ཚང་མས་ལྟ་བ་དེ་ཁས་མི་ལེན། དེས་ན་མི་རྣམས་ཀྱིས་ཧྥ་ར་ཏས་ཀྱི་བརྙན་རིས་ནམ་ཡང་མི་བརྗེད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན།

གློག་སྡུད་རིག་པ་གོང་འཕེལ་བྱུང་བའི་དུས་ཐོག་མར་ཧྥ་ར་ཏས་ཀྱི་ཤུགས་ཐིག་ལྟ་བ་དེས་མི་རྣམས་ལ་དངོས་ལུགས་བསམ་བློ་ཞིག་བསྟན་པ་རེད། དེ་ནི་ཐོག་ཁང་ཆེན་པོ་ཞིག་སྐྲུན་སྐབས་ཀྱི་ལས་སྒྲོམ་དང་འདྲ་བར་ཐོག་ཁང་ལས་ཚར་རྗེས་ལས་སྒྲོམ་བཤིག་སྲིད། ཡིན་ནའང་ལས་སྒྲོམ་གལ་མི་ཆེ་བ་མིན། དེང་སྐབས་མི་རྣམས་ཀྱི་ངེས་རྟོགས་ཁ་ཤས་ནི་མ་འོངས་པའི་ཚན་རིག་ཁང་ཆེན་གྱི་ལས་སྒྲོམ་ཞིག་ཏུ་འགྱུར་ཀྱང་སྲིད། 


བརྡ་འགྲེལ་གདོང་འཛར།

གློག་ར། གློག་སྡུད་གཞུང་ལུགས། ར་བ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-20

གསར་སྤེལ་མཁན། :ཀླུ་འབུམ་ཚེ་རིང་།༷

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།