དྲག་སྙོམས་སྡུད་རའི་ནང་གི་གློག་ལྡན་རིལ་རྡུལ་གྱི་འགུལ་སྐྱོད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲག་སྙོམས་སྡུད་རའི་ནང་གི་གློག་ལྡན་རིལ་རྡུལ་གྱི་འགུལ་སྐྱོད།
གློག་ལྡན་རིལ་རྡུལ་སྡུད་རའི་ནང་དུ་འགུལ་སྐྱོད་བྱེད་དུས། དེར་ཐེབས་པའི་ལོ་རེན་ཚི་ཤུགས་ནམ་ཡིན་ཡང་འགྲོས་ཚད་ཀྱི་ཁ་ཕྱོགས་དང་དྲང་འཕྱང་ཡིན། འགྲོས་ཚད་ཀྱི་ཁ་ཕྱོགས་སུ་ལོ་རེན་ཚི་ཤུགས་ལ་གསེས་ཚད་མེད་པས། ལོ་རེན་ཚི་ཤུགས་ཀྱིས་གློག་ལྡན་རིལ་རྡུལ་གྱི་འགྲོས་ཚད་ཀྱི་ཆེ་ཆུང་མི་བསྒྱུར། ཡང་ན། ལོ་རེན་ཚི་ཤུགས་ཀྱིས་གློག་ལྡན་རིལ་རྡུལ་ལ་རྩོལ་བ་མི་འདོན་པ་དང་། རིལ་རྡུལ་གྱི་ནུས་ཚད་མི་འགྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
带电粒子在匀强磁场中的运动
1 ​མདོར་བསྟན་པ། 

གློག་ལྡན་རིལ་རྡུལ་སྡུད་རའི་ནང་དུ་འགུལ་སྐྱོད་བྱེད་དུས། དེར་ཐེབས་པའི་ལོ་རེན་ཚི་ཤུགས་ནམ་ཡིན་ཡང་འགྲོས་ཚད་ཀྱི་ཁ་ཕྱོགས་དང་དྲང་འཕྱང་ཡིན། འགྲོས་ཚད་ཀྱི་ཁ་ཕྱོགས་སུ་ལོ་རེན་ཚི་ཤུགས་ལ་གསེས་ཚད་མེད་པས། ལོ་རེན་ཚི་ཤུགས་ཀྱིས་གློག་ལྡན་རིལ་རྡུལ་གྱི་འགྲོས་ཚད་ཀྱི་ཆེ་ཆུང་མི་བསྒྱུར། ཡང་ན། ལོ་རེན་ཚི་ཤུགས་ཀྱིས་གློག་ལྡན་རིལ་རྡུལ་ལ་རྩོལ་བ་མི་འདོན་པ་དང་། རིལ་རྡུལ་གྱི་ནུས་ཚད་མི་འགྱུར།

རིལ་རྡུལ་གྱི་འགྲོས་ཚད་ཀྱི་ཆེ་ཆུང་མི་འགྱུར་བས། དྲག་སྙོམས་སྡུད་རའི་ནང་དུ་རིལ་རྡུལ་ལ་ཐེབས་པའི་ལི་རེན་ཚི་ཤུགས་ཀྱི་ཆེ་ཆུང་ཡང་མི་འགྱུར། དེ་མ་ཟད་ལོ་རེན་ཚི་ཤུགས་ནམ་ཡིན་ཡང་འགྲོས་ཚད་ཀྱི་ཁ་ཕྱོགས་དང་དྲང་འཕྱང་ཡིན་པས། ཏག་ཏག་ལྟེ་ཕྱོགས་ཤུགས་ཀྱི་ནུས་པ་ཐོན་པ་རེད། དེའི་ཕྱིར། སྡུད་ར་དང་དྲང་འཕྱང་ཡིན་པའི་ཁ་ཕྱོགས་བརྒྱུད་དེ་སྡུད་རའི་ནང་དུ་འཕྲོ་བའི་གློག་ལྡན་རིལ་རྡུལ་གྱིས་དྲག་སྙོམས་སྡུད་རའི་ནང་དུ་འགྲོས་སྙོམས་སྒོར་མཐའི་འགུལ་སྐྱོད་བྱེད།

རིལ་རྡུལ་དངོས་ལུགས་རིག་པར་ཞིབ་འཇུག་ཁྲོད་དུ། རིལ་རྡུལ་དེ་སྤྲིན་ཁང་དང་རླུང་ལྦུ་ཁང་ལ་སོགས་པའི་སྒྲིག་ཆས་བརྒྱུད་དེ། དེ་དག་གི་ཤུལ་ལམ་མངོན་པར་བྱེད། གལ་ཏེ་སྤྲིན་ཁང་དང་རླུང་ལྦུ་ཁང་གི་ནང་དུ་དྲག་སྙོམས་སྡུད་ར་བསྣན་ན། གློག་ལྡན་རིལ་རྡུལ་འགུལ་སྐྱོད་བྱས་པའི་སྒོར་དབྱིབས་ཤུལ་ལམ་མཐོང་ཐུབ། རིལ་རྡུལ་གྱི་སྤུས་ཚད་དང་འགྲོས་ཚད། གློག་གི་མང་ཉུང་བཅས་མ་འདྲ་ན། ཤུལ་ལམ་གྱི་ཚངས་ཕྱེད་ཀྱང་མི་འདྲ།

2 དྲག་སྙོམས་སྡུད་རའི་ནང་གི་གློག་ལྡན་རིལ་རྡུལ་གྱི་འགུལ་སྐྱོད་རྣམ་པ་འགའ།

དང་པོ། གལ་སྲིད་གློག་ལྡན་རིལ་རྡུལ་གྱི་ཐོག་མའི་འགྲོས་ཚད་དང་སྡུད་རའི་ཁ་ཕྱོགས་གཉིས་མཉམ་ཐིག་ཡིན་ཚེ། རིལ་རྡུལ་གྱིས་འགྲོས་སྙོམས་དྲང་ཐིག་འགུལ་སྐྱོད་བྱེད།

གཉིས་པ། གལ་སྲིད་གློག་ལྡན་རིལ་རྡུལ་འགུལ་སྐྱོད་ཀྱི་ཁ་ཕྱོགས་ནི་དྲག་སྙོམས་སྡུད་ར་དང་དྲང་འཕྱང་ཡིན་ཚེ། རིལ་རྡུལ་གྱིས་འགྲོས་སྙོམས་སྒོར་མཐའི་འགུལ་སྐྱོད་བྱེད།

1.ལྟེ་ཕྱོགས་ཤུགས་ནི་ལོ་རེན་ཚི་ཤུགས་ཀྱིས་འདོན།

2.སྡུད་རའི་ནང་དུ་རིལ་རྡུལ་འགྲོས་སྙོམས་སྒོར་མཐའི་འགུལ་སྐྱོད་བྱས་པའི་འཁོལ་ལམ་གྱི་ཚངས་ཕྱེད་ནི།

3.སྡུད་རའི་ནང་དུ་རིལ་རྡུལ་འགྲོས་སྙོམས་སྒོར་མཐའི་འགུལ་སྐྱོད་བྱས་པའི་འཁོར་ཡུན་ནི།

4.སྡུད་རའི་ནང་དུ་རིལ་རྡུལ་འགྲོས་སྙོམས་སྒོར་མཐའི་འགུལ་སྐྱོད་བྱས་པའི་ཟློས་ཕྱོད་ནི།

5.སྡུད་རའི་ནང་དུ་རིལ་རྡུལ་འགྲོས་སྙོམས་སྒོར་མཐའི་འགུལ་སྐྱོད་བྱས་པའི་ཟུར་འགྲོས་ཚད་ནི།

གསུམ་པ།གལ་སྲིད་གློག་ལྡན་རིལ་རྡུལ་དྲག་སྙོམས་སྡུད་རའི་ནང་དུ་འགུལ་སྐྱོད་བྱེད་པ་དང་། འགྲོས་ཚདདང་སྡུད་ལྟོས་འབྱུང་དྲག་ཚད་གཉིས་བར་གྱི་ཟུར་ནིཡོད་སྐབས། གློག་ལྡན་རིལ་རྡུལ་འགུལ་སྐྱོད་ཀྱི་འཁོར་ཤུལ་ནི་གཡས་འཁྱིལ་ཐིག་ཅིག་ཡིན། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-20

གསར་སྤེལ་མཁན། :ཀླུ་འབུམ་ཚེ་རིང་།༷

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།