ཀྲིང་ཧོ་ནུབ་ཀྱི་རྒྱ་མཚོར་སྐྱོད་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲིང་ཧོ་ནུབ་ཀྱི་རྒྱ་མཚོར་སྐྱོད་པ།
སྤྱི་ལོ1405ལོ་ནས་སྤྱི་ལོ1433ལོས་བར། ཀྲིང་ཧོ་སྔ་ཕྱི་ཐེངས7ལ་ནུབ་ཀྱི་རྒྱ་མཚོར་བསྐྱོད། ལྷོ་ཕྱོགས་སུ་ཇ་ཝ་རུ་སླེབས་པ་དང་། ནུབ་ཕྱོགས་སུ་ཏ་ཟིག་མཚོ་འགག་དང་མཚོ་དམར་གྱི་མེ་ཁ་རུ་ཐོན། ཆེས་ཐག་རིང་ས་ཐིག་དམར་ལྷོ་ཕྱོགས་ཀྱི་གླིང་ཆེན་ཨ་ཧྥེ་རི་ཁའི་ཤར་རྒྱུད་མཚོ་ཁ་རུ་ཐོན། ཀྲིང་ཧོ་རྒྱ་མཚོར་ནུབ་མར་སྐྱོད་པ་ནི་འཛམ་གླིང་མཚོ་སྐྱིད་ལོ་རྒྱུས་སྟེང་གི་རླབས་ཆེ་བའི་མཛད་འཕྲིན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
郑和下西洋
1 མདོར་བསྟན་པ།

མིང་རྒྱལ་རབས་ཀྱི་ཡུལ་ལེ་ཁྲི་ལོ་གསུམ་པའི(1405)ཉིན་ཞིག་ལ། ཅང་སུའུ་ས་ཆའི་ཐེ་ཚང་མཁར་གྱི་ཕྱི་རོལ་གྱི་ལིའུ་ཅ་ཀང་གྲུ་ཁ་ན་གྲུ་སྟར་ཆེན་པོ་ཞིག་གིས་གཏིང་རྡོ་འཐེན་ནས་རྒྱང་རིང་དུ་སྐྱོད་རྩིས་བྱེད་བཞིན་ཡོད།“ རིན་ཆེན་གྲུ་གཟིངས་རི་ལྟར་འགྱིངས་ཉམས་ལྡན། །འདི་འདྲའི་གྲུ་ཆེན་གཞན་ན་ཡོད་རེ་སྐན།། སྐྱེ་བོ་ཉིས་བརྒྱ་སུམ་བརྒྱ་མེད་གྱུར་ན།། གྲུ་ཡོལ་གཏིང་རྡོ་འགྱོག་པའི་རེ་བ་ཟད། ”ཅེས་པ་ལྟར། གྲུ་རུ་ཡི་ནང་ན་དཔོན་དམག་དང་ཆུ་བ། བཟོ་པ། སྨན་པ། ལོ་ཙཱ་པ་སོགས་མི་ཁྲི2ལྷག་ཡོད། འདི་རུ་བརྗོད་པ་ནི་ཀྲུང་གོའི་གནའ་རབས་ལོ་རྒྱུས་སྟེང་གཞི་རྒྱ་ཆེས་ཆེ་བའི་མཚོ་སྐྱོད་ལས་འགུལ་ཆེན་པོ་ཞིག་རེད། གྲུ་རུའི་བཀོད་འདོན་མཁན་ནི་ཀྲིང་ཧོ1371-1433རེད།

                                 .jpg                    .jpg

དཔེ་རིས་དང་པོ། མཚོ་སྐྱོད་དུ་བཀོལ་བའི་ཕྱོགས་སྟོན་འཁོར་ལོ་དང་མདའ་ལམ་ས་ཁྲ།


རང་རྒྱལ་ནི་མཚོ་སྐྱོད་ཀྱི་སྐབས་སུ་ཕྱོགས་སྟོན་འཁོར་ལོ་བཀོལ་བ་ཆེས་སྔ་བའི་རྒྱལ་ཁབ་ཡིན། ཀྲིང་ཧོ་ནུབ་ཀྱི་རྒྱ་མཚོར་མཚོར་སྐྱོད་སྐབས་ཕྱོགས་སྟོན་འཁོར་ལོ་བཀོལ་ཡོད། ཁ་ཕྱོགས་སྟོན་དུས་ཕྱོགས་སྟོན་འཁོར་ལོ་དང་སྐར་མ་གཉིས་ཀར་བལྟས་ནས། ཕན་ཚུན་ཁ་གསབ་དང་ཕན་ཚུན་དག་བཅོས་བྱེད་པ་རེད། ཁོས་མཚོ་སྐྱོད་ས་ཁྲ་ལ་མདའ་རིས་ཟེར་ཞིང་། ས་ཁྲའི་སྟེང་གི་ཆུ་ལམ་ལ་མདའ་ལམ་ཟེར། མིང་དང་ཆིང་རྒྱལ་རབས་ཀྱི་སྐབས་སུ། རང་རྒྱལ་དུ་རྒྱ་མཚོ་ཆེན་པོའི་ལམ་ཡིག་སྐོར་གྱི་དཔེ་ཆ་ཤིན་ཏུ་མང་།  དུས་རབས15པའི་མགོར་བྲིས་པའི《བདེ་འབྱོར་ལམ་སྐྱེལ》དང《ལྷོ་སྟོན་དག་ཐབས། 》ཞེས་པ་ད་ལྟ་དབྱིན་ཇིའི་ཉིའུ་ཅིན་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད།

སྤྱི་ལོ1405ལོ་ནས་སྤྱི་ལོ1433ལོས་བར། ཀྲིང་ཧོ་སྔ་ཕྱི་ཐེངས7ལ་ནུབ་ཀྱི་རྒྱ་མཚོར་བསྐྱོད། ལྷོ་ཕྱོགས་སུ་ཇ་ཝ་རུ་སླེབས་པ་དང་། ནུབ་ཕྱོགས་སུ་ཏ་ཟིག་མཚོ་འགག་དང་མཚོ་དམར་གྱི་མེ་ཁ་རུ་ཐོན། ཆེས་ཐག་རིང་ས་ཐིག་དམར་ལྷོ་ཕྱོགས་ཀྱི་གླིང་ཆེན་ཨ་ཧྥེ་རི་ཁའི་ཤར་རྒྱུད་མཚོ་ཁ་རུ་ཐོན། ཀྲིང་ཧོ་རྒྱ་མཚོར་ནུབ་མར་སྐྱོད་པ་ནི་འཛམ་གླིང་མཚོ་སྐྱིད་ལོ་རྒྱུས་སྟེང་གི་རླབས་ཆེ་བའི་མཛད་འཕྲིན་ཞིག་ཡིན།

ཀྲིང་ཧོ་ནུབ་ཀྱི་རྒྱ་མཚོར་བསྐྱོད་པ་ནས་ཕྱོགས་མང་པོར་ཤུགས་རྐྱེན་ཐེབས། ཐེངས་དེའི་མཚོ་སྐྱོད་ཀྱིས་རང་རྒྱལ་མ་ལེ་གླིང་ཚོམ་དང་ཧིན་རྡུ་རྒྱ་མཚོའི་འགྲམ་རྒྱུད་ཀྱི་རྒྱལ་ཁབ་སོ་སོར་འགྲོ་བའི་ཚོང་ལམ་ཕྱེ་ཞིང་། རང་རྒྱལ་གྱི་ཚོང་རྫས་ཐོན་སྐྱེད་ལ་སྐུལ་འདེད་ཐོབ་པ་དང་། སྐབས་དེའི་རང་རྒྱལ་གྱི་མ་རྩ་རིང་ལུགས་ཀྱི་རྒྱུ་རྐྱེན་འཕེལ་བར་སྐུལ་སྤེལ་ནུས་པ་ངེས་ཅན་ཞིག་ཐོན་པ་མ་ཟད། ད་དུང་ཀྲུང་གོ་ནས་མཚོ་དམར་དང་གླིང་ཆེན་ཨ་ཧྥེ་རུ་ཁའི་ཤར་རྒྱུད་མཚོ་ཁའི་བར་གྱི་ཆུ་ལམ་ཕྱེ་བ་དང་། མཚོ་སྐྱོད་ས་ཁྲ་བྲིས་ཏེ། སྐབས་དེའི་མཚོ་སྐྱོད་ལག་རྩལ་དང་མཚོ་སྐྱོད་ས་ཁམས་ཀྱི་ཤེས་བྱ་སྤྱི་སྡོམ་བྱས་པ་དང་། ཤར་ནུབ་ཕྱོགས་གཉིས་ཀྱི་ཆུ་ལམ་འགྲིམ་འགྲུལ་འབྱེད་པར་བྱས་རྗེས་གལ་ཆེན་བཞག ཀྲིང་ཧོའི་མཚོ་སྐྱོད་ས་ཁྲ་དང་གྲུ་རུའུ་དཔོན་རིགས་གཞན་པའི་བརྩམས་ཆོས་ཀྱི་ནང་དུ་ཁོ་ཚོ་བརྒྱུད་པའི་རྒྱལ་ཁབ་ཀྱི་རི་ཀླུང་གི་ཁྱད་ཆོས་དང་ཡུལ་སྲོལ་གོམས་གཤིས་མཚམས་སྦྱོར་བྱས་ཡོད་པས། ཀྲུང་གོ་པའི་ས་ཁམས་མཐོང་རྒྱ་ཇེ་ཆེར་བསྐྱེད། ཀྲིང་ཧོའི་མཚོ་སྐྱོད་ལས་འགུལ་ནི་ཀྲུང་གོའི་རྒྱ་མཚོ་མྱུལ་དཔྱད་ལས་དོན་གྱི་གྲུབ་འབྲས་ཆེན་པོ་ཡིན་པ་མ་ཟད།

འཛམ་གླིང་གི་ས་ཁམས་འཕེལ་རྒྱས་ལི་རྒྱུས་སྟེང་གི་འོད་སྟོང་འབར་བའི་བྱས་རྗེས་ཤིག་ཀྱང་ཡིན། ཡིད་སྐྱོ་བ་ཞིག་ལ་ལོ་རྒྱུས་ཀྱི་བཀག་རྒྱའི་དབང་གིས། མཚོ་སྐྱོད་ལས་འགུལ་དེའི་རྒྱུན་སྐྱོང་མ་ཐུབ། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-20

གསར་སྤེལ་མཁན། :ཀླུ་འབུམ་ཚེ་རིང་།༷

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།