རྒྱུན་མཐོང་སྡུད་ར་རིགས་འགའ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱུན་མཐོང་སྡུད་ར་རིགས་འགའ།
གལ་ཏེ་སྡུད་ར་ནང་དུ་འཁྱོག་ཐིག་དུ་མ་བྲིས་ནས། འཁྱོག་ཐིག་སྟེང་གི་ཚེག་རེ་རེའི་ཕྲད་ཐིག་གི་ཁ་ཕྱོགས་ཚང་མ་ཚེག་དེའི་སྡུད་ལྟོས་འབྱུང་དྲག་ཚད་ཀྱི་ཁ་ཕྱོགས་དང་གཅིག་འདྲ་ཡིན་དུ་བཅུག་ན། འདི་ལྟ་བུའི་འཁྱོག་ཐིག་ལ་སྡུད་ལྟོས་འབྱུང་ཐིག་ཟེར། སྡུད་ལྟོས་འབྱུང་ཐིག་གིས་སྡུད་ར་གཟུགས་སྣང་ལྡན་པར་ཞིག་བརྗོད་བྱེད་ཐུབ། དྲང་ཐིག་གློག་རྒྱུན་གྱི་སྡུད་རའི་ཁ་ཕྱོགས་ནི་ཨམ་ཕེར་ངེས་ལུགས་ཀྱིས་མཚོན་སླ་སྟེ། གདུབ་དབྱིབས་གློག་རྒྱུན་གྱི་སྡུད་ཁབ་ཆུང་བར་བརྟེན་ནས་ཞིབ་འཇུག་བྱས་ཆོག་ལ། རྣམ་པ་གཞན་ཞིག་གི་ཨམ་ཕེར་ངེས་ལུགས་ཀྱིས་མཚོན་ཡང་ཆོག་སྟེ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
几种常见的磁场
1 སྡུད་ལྟོས་འབྱུང་ཐིག

སྡུད་རའི་ནང་གི་གནས་རེ་རེའི་སྡུད་ལྟོས་འབྱུང་དྲག་ཚད་ལ་ཁ་ཕྱོགས་ངེས་ཅན་ཞིག་ཡོད་པ་ང་ཚོས་ཤེས་ཟིན། གལ་ཏེ་སྡུད་ར་ནང་དུ་འཁྱོག་ཐིག་དུ་མ་བྲིས་ནས།འཁྱོག་ཐིག་སྟེང་གི་ཚེག་རེ་རེའི་ཕྲད་ཐིག་གི་ཁ་ཕྱོགས་ཚང་མ་ཚེག་དེའི་སྡུད་ལྟོས་འབྱུང་དྲག་ཚད་ཀྱི་ཁ་ཕྱོགས་དང་གཅིག་འདྲ་ཡིན་དུ་བཅུག་ན། འདི་ལྟ་བུའི་འཁྱོག་ཐིག་ལ་སྡུད་ལྟོས་འབྱུང་ཐིག་ཟེར།  སྡུད་ལྟོས་འབྱུང་ཐིག་གིས་སྡུད་ར་གཟུགས་སྣང་ལྡན་པར་ཞིག་བརྗོད་བྱེད་ཐུབ།

2 དྲང་ཐིག་གློག་རྒྱུན་གྱི་སྡུད་ར། 

སྡུད་ཁབ་ཆུང་བ་གློག་རྒྱུན་འདྲེན་སྐུད་དྲང་མོའི་ཉེ་འདབས་སུ་བཞག་སྟེ། སྡུད་ཁབ་ཀྱི་ཁ་ཕྱོགས་ལྟར་དེའི་མཐའ་སྐོར་གྱི་སྡུད་ར་ཁྱབ་ཚུལ་ལ་ཞིབ་འཇུག་བྱས་ཆོག   དྲང་ཐིག་གློག་རྒྱུན་གྱི་སྡུད་རའི་ཁ་ཕྱོགས་ནི་ཨམ་ཕེར་ངེས་ལུགས་ཀྱིས་མཚོན་སླ་སྟེ། གཡས་ལག་གིས་འདྲེན་སྐུད་འཆིང་བ་དང་། མཐེབ་མོ་བསྲིངས་པའི་ཁ་ཕྱོགས་དང་གློག་རྒྱུན་གྱི་ཁ་ཕྱོགས་མཐུན་པར་བྱས་ན། བཀུག་པའི་མཛུབ་མོ་བཞིའི་འཁོར་ཕྱོགས་ནི་སྡུད་ལྟོས་འབྱུང་ཐིག་གི་གདུབ་སྐོར་ཁ་ཕྱོགས་ཡིན། ཆོས་ཉིད་འདི་ལ་གཡས་ལག་དུང་འཁྱིལ་ངེས་ལུགས་ཀྱང་ཟེར།

.jpg

དཔེ་རིས་དང་པོ། དྲང་ཐིག་གློག་རྒྱུན་གྱི་སྡུད་ར།

3 གདུབ་དབྱིབས་གློག་རྒྱུན་གྱི་སྡུད་ར།

གདུབ་དབྱིབས་གློག་རྒྱུན་གྱི་སྡུད་ཁབ་ཆུང་བར་བརྟེན་ནས་ཞིབ་འཇུག་བྱས་ཆོག་ལ། རྣམ་པ་གཞན་ཞིག་གི་ཨམ་ཕེར་ངེས་ལུགས་ཀྱིས་མཚོན་ཡང་ཆོག་སྟེ། གཡས་ལག་གི་གུག་པའི་མཛུབ་མོ་བཞི་དང་གདུབ་དབྱིབས་གློག་རྒྱུན་གྱི་ཁ་ཕྱོགས་མཐུན་པར་བྱས་ན། མཐེབ་མོའི་བསྲིངས་པའི་ཁ་ཕྱོགས་ནི་གདུབ་དབྱིབས་འདྲེན་སྐུད་ཀྱི་མདའ་ཐིག་སྟེང་གི་སྡུད་ལྟོས་འབྱུང་ཐིག་གི་ཁ་ཕྱོགས་ཡིན།

.jpg

དཔེ་རིས་གཉིས་པ། གདུབ་དབྱིབས་གློག་རྒྱུན་གྱི་སྡུད་ར།

གདུབ་དབྱིབས་གློག་རྒྱུན་ནི་དོན་དངོས་སུ་དཀྲིས་གཅིག་མ་གཏོགས་མེད་པའི་གློག་རྒྱུ་དང་འཁྱིལ་སྦུ་གུ་ཡིན་པ་དང་། གློག་རྒྱུན་དུང་འཁྱིལ་སྦུ་གུ་ནི་གདུབ་དབྱིབས་གློག་རྒྱུན་དཀྲིས་མང་པོ་ཕྲེང་སྦྲེལ་བྱས་ནས་གྲུབ་པ་ཡིན་པས། གློག་རྒྱུན་དུང་འཁྱིལ་སྦུ་གུའི་སྡུད་རའང་གདུབ་དབྱིབས་གློག་རྒྱུན་འདི་དག་གི་སྡུད་ར་རྩེག་སྣོན་བྱས་པ་ཡིན།  དེའི་རྐྱེན་གྱིས་གདུབ་དབྱིབས་གློག་རྒྱུན་གྱི་ཨམ་ཕེར་ངེས་ལུགས་ཀྱིས་གློག་རྒྱུན་དུང་འཁྱིལ་སྦུ་གའི་སྡུད་ར་ཐག་བཅད་ནའང་ཆོག སྐབས་འདིར་མཐེབ་མོས་བསྟན་པའི་ཁ་ཕྱོགས་ནི་དུང་འཁྱིལ་སྦུ་གུའི་ནང་ཁུལ་གྱི་སྡུད་རའི་ཁ་ཕྱོགས་ཡིན། ཕྱི་ནས་བལྟས་ན། གློག་རྒྱུ་དུང་འཁྱིལ་སྦུ་གུའི་སྡུད་ར་དེ་སྡུད་ལྕགས་ནང་དབྱིབས་ཤིག་གི་སྡུད་ར་དང་འདྲ་བས། ཨམ་ཕེར་ངེས་ལུགས་བཀོལ་དུས། མཐེབ་མོས་བསྟན་པ་ནི་དེའི་བྱང་སྣེའི་ཁ་ཕྱོགས་ཡིན།

.jpg

དཔེ་རིས་གསུམ་པ། གློག་རྒྱུ་དུང་འཁྱིལ་སྦུ་གུའི་སྡུད་ར།

རང་བྱུང་སྡུད་གཟུགས་ཀྱི་སྡུད་ར་དང་བསྡུར་ན། གློག་རྒྱུན་སྡུད་རའི་དྲག་ཞན་ཚོད་འཛིན་བྱེད་སླ། དེའི་ཕྱིར་འཚོ་བ་དངོས་ཀྱི་ཁྲོད་དུ་བཀོལ་ས་ཤིན་ཏུ་མང་། གློག་སྡུད་ལྗིད་འདེགས་འཕྲུལ་འཁོར་དང་། ཁ་པར། གློག་སྒུལ་འཕྲུལ་འཁོར། གློག་འདོན་འཕྲུལ་འཁོར། དེ་མིན་རང་འགུལ་ཚོད་འཛིན་གྱི་ལག་རྩལ་ཁྲོད་ཡོངས་ཁྱབ་ཏུ་བཀོལ་བཞིན་པའི་གློག་སྡུད་ཀྱི་གློག་མཐུད་ཆས་སོགས་ཚང་མ་གློག་རྒྱུན་གྱི་སྡུད་ར་དང་འབྲལ་ཐབས་མེད།

4 དྲག་སྙོམས་སྡུད་ར།

ང་ཚོས་སྔོན་གྱི་དངོས་བཤེར་ཁྲོད་དུ་དྲག་སྙོམས་སྡུད་ར་དང་ཕྲད་མྱོང་། དེ་ནི་གནས་སོ་སོའི་དྲག་ཞན་དང་ཁ་ཕྱོགས་གཅིག་འདྲ་ཡིན་པའི་སྡུད་ར་རེད། ཐག་ཧ་ཅང་ཉེ་ཞིང་མིང་ཐ་དད་ཅིང་མཉམ་འགྲོ་ཡིན་པའི་སྡུད་སྣེ་གཉིས་བར་གྱི་སྡུད་རའི་མུ་ཁྱུད་མ་གཏོགས། དྲག་སྙོམས་སྡུད་ར་ཡིན་པར་བལྟས་ཆོག

དྲག་སྙོམས་སྡུད་རའི་སྡུད་ལྟོས་འབྱུང་ཐིག་ནི་བར་ཐག་འདྲ་བའི་མཉམ་འགྲོ་དྲང་ཐིག་དུ་མི་ཡིན།

བར་ཐག་འོས་འཚམ་གྱི་མཉམ་འགྲོ་དཀྲིས་སྐུད་གཉིས་སུ་གློག་རྒྱུན་རྒྱུ་དུས། དེའི་བར་གྱི་སྡུད་རའང་དྲག་སྙོམས་སྡུད་ར་ཡིན། སྒྲིག་ཆས་འདིའི་རིགས་གློག་རྡུལ་དཔྱད་ཆས་སུ་རྒྱུན་དུ་བཀོལ་བཞིན་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-20

གསར་སྤེལ་མཁན། :ཀླུ་འབུམ་ཚེ་རིང་།༷

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།