ཨམ་ཕེར་ཆ་རྡུལ་གློག་རྒྱུན་རྟོག་བཟོ་སྨྲ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨམ་ཕེར་ཆ་རྡུལ་གློག་རྒྱུན་རྟོག་བཟོ་སྨྲ་བ།
སྡུད་ལྕགས་དང་གློག་རྒྱུན་ཚང་མ་ལས་སྡུད་ར་འབྱུང་ཐུབ། དེ་དག་གི་སྡུད་རར་འབྲེལ་བ་ཡོད་དམ། གློག་རྒྱུན་དུང་འཁྱིལ་སྦུ་གུའི་ཕྱིའི་སྡུད་ར་དང་སྡུད་ལྕགས་ནར་དབྱིབས་ཀྱི་སྡུད་ར་ཧ་ཅང་མཚུངས་པ་ང་ཚོས་ཤེས་ཟིན། ཧྥ་རན་སེའི་མཁས་པ་ཨམ་ཕེར་ལ་འདིས་བློ་སྒོ་ཕྱེ་སྟེ། མིང་གྲངས་ཆེ་བའི་ཆ་རྡུལ་གློག་རྒྱུན་རྟོག་བཟོ་སྨྲ་བ་བཏོན། ཁོས་མ་རྡུལ་དང་ཆ་རྡུལ་སོགས་དངོས་རྫས་ཀྱི་རྡུལ་ཕྲན་ནང་ཁུལ་དུ་གདུབ་དབྱིབས་གློག་རྒྱུན་ཞིག་སྟེ་ཆ་རྡུལ་གློག་རྒྱུན་ཡོད་པར་འདོད། ཆ་རྡུལ་གློག་རྒྱུན་གྱིས་དངོས་རྫས་ཀྱི་རྡུལ་འཕྲིན་ཚང་མ་སྡུད་གཟུགས་ཕྲ་མོ་རུ་བསྒྱུར་བ་དང་། དེའི་གཞོགས་གཉིས་ནི་སྡུད་སྣེ་གཉིས་དང་འདྲ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安培分子电流假说
ཞིབ་འཇུག་བྱ་ཡུལ།
ཆ་རྡུལ་གློག་རྒྱུན་རྟོག་བཟོ་སྨྲ་བ།
ཞིབ་འཇུག་པ།
ཨམ་ཕེར།
ཁྱབ་ཁོངས།
དངོས་ལུགས་རིག་པ།
1 མདོར་བསྟན་པ།

སྡུད་ལྕགས་དང་གློག་རྒྱུན་ཚང་མ་ལས་སྡུད་ར་འབྱུང་ཐུབ། དེ་དག་གི་སྡུད་རར་འབྲེལ་བ་ཡོད་དམ། གློག་རྒྱུན་དུང་འཁྱིལ་སྦུ་གུའི་ཕྱིའི་སྡུད་ར་དང་སྡུད་ལྕགས་ནར་དབྱིབས་ཀྱི་སྡུད་ར་ཧ་ཅང་མཚུངས་པ་ང་ཚོས་ཤེས་ཟིན། ཧྥ་རན་སེའི་མཁས་པ་ཨམ་ཕེར་ལ་འདིས་བློ་སྒོ་ཕྱེ་སྟེ། མིང་གྲངས་ཆེ་བའི་ཆ་རྡུལ་གློག་རྒྱུན་རྟོག་བཟོ་སྨྲ་བ་བཏོན། ཁོས་མ་རྡུལ་དང་ཆ་རྡུལ་སོགས་དངོས་རྫས་ཀྱི་རྡུལ་ཕྲན་ནང་ཁུལ་དུ་གདུབ་དབྱིབས་གློག་རྒྱུན་ཞིག་སྟེ་ཆ་རྡུལ་གློག་རྒྱུན་ཡོད་པར་འདོད། ཆ་རྡུལ་གློག་རྒྱུན་གྱིས་དངོས་རྫས་ཀྱི་རྡུལ་འཕྲིན་ཚང་མ་སྡུད་གཟུགས་ཕྲ་མོ་རུ་བསྒྱུར་བ་དང་། དེའི་གཞོགས་གཉིས་ནི་སྡུད་སྣེ་གཉིས་དང་འདྲ།

ཨམ་ཕེར་གྱི་རྟོག་བཟོ་སྨྲ་བས་སྡུད་སྣང་ཚུལ་འགའ་རེར་འགྲེལ་རྒྱག་ཐུབ། ལྕགས་དབྱུག་ཅིག་སྡུད་འགྱུར་མ་བྱས་སྔོན་ལ་ནང་ཁུལ་གྱི་ཆ་རྡུལ་གློག་རྒྱུན་གྱི་ཁ་ཕྱོགས་རྙོག་འཛིང་ཡིན་ཞིང་ངེས་གཏན་མེད། དེ་དག་གི་སྡུད་རས་ཕན་ཚུན་མེད་པར་བཏང་ནས། ཕྱི་ཕྱོགས་སུ་སྡུད་གཤིས་མི་མངོན། ལྕགས་དབྱུག་ལ་ཕྱིའི་སྡུད་རའི་བྱེད་ནུས་ཐེབས་དུས། ཆ་རྡུལ་སོ་སོའི་གློག་རྒྱུན་གྱི་ཁ་ཕྱོགས་ཕལ་ཆེར་གཅིག་འདྲ་རུ་གྱུར་ཏེ། ལྕགས་དབྱུག་སྡུད་འགྱུར་བྱས་ཤིང་། སྣེ་གཉིས་ལས་ཕྱི་རོལ་དུ་སྡུད་ནུས་ཅུང་དྲག་པོ་མངོན་ནས་སྡུད་སྣེ་རུ་གྲུབ། སྡུད་གཟུགས་ལ་དྲོད་ཚད་མཐོན་པོའམ་ཡང་ན་རྡེབ་རྡེག་དྲག་པོ་ཐེབས་དུས་སྡུད་གཤིས་མེད་པར་འགྱུར། འདི་ནི་ཚ་བའི་འགུལ་སྐྱོད་དམ་ཡང་ན་གཡོ་འགུལ་དྲག་པོས་ཆ་རྡུལ་གློག་རྒྱུན་གྱི་ཁ་ཕྱོགས་ཀྱང་ངེས་མེད་དུ་བསྒྱུར་བའི་རྐྱེན་རེད།

                                     .jpg                        

དཔེ་རིས་དང་པོ། ཨམ་ཕེར་གྱིས་དངོས་རྫས་ཕྲན་རྡུལ་ནང་གི་ཆ་རྡུལ་གློག་རྒྱུན་གྱི་དབང་གིས། དེ་དག་སྡུད་གཟུགས་ཆུང་ཆུང་རེ་རེ་དང་འདྲ་བར་སྙམ།   

           .jpg

དཔེ་རིས་གཉིས་པ། དངོས་གཟུགས་ཀྱིས་ཕྱིས་ཕྱོགས་ལ་སྡུད་གཤིས་མངོན་མིན་དེ་ཆ་རྡུལ་གློག་རྒྱུན་གྱི་ཁ་ཕྱོགས་ལ་ཆོས་ཉིད་ཡོད་མེད་ལ་རག་ལས་ཡོད།

ཨམ་ཕེར་གྱི་དུས་སུ། མི་རྣམས་ཀྱིས་དངོས་རྫས་ཀྱི་ནང་ཁུལ་ན་ཆ་རྡུལ་གློག་རྒྱུན་ཡོད་པའི་རྒྱུ་མཚན་ཤེས་མེད། དུས་རབས20པའི་རྗེས་སུ། མི་རྣམས་ཀྱིས་མ་རྡུལ་ནང་ཁུལ་གྱི་གློག་ལྡན་རྡུལ་ཕྲན་མཚམས་མི་ཆད་པར་འགུལ་སྐྱོད་བྱེད་བཞིན་ཡོད་པ་ཤེས། འགུལ་སྐྱོད་འདི་ཨམ་ཕེར་གྱིས་བཤད་པའི་ཆ་རྡུལ་གློག་རྒྱུན་དང་ལྟོས་ཟླ་ཡིན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-20

གསར་སྤེལ་མཁན། :ཀླུ་འབུམ་ཚེ་རིང་།༷

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།