འཇམ་དབྱངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོང་ནི་ཀན་ལྷོ་ཁུལ་རྨ་ཆུ་རྫོང་དུ་སྐྱེས་ཤིང་། ཆུང་དུས་ནས་བོད་ཀྱི་རིག་གནས་ལ་དུང་བའི་བག་ཆགས་ཤིག་གིས་དུས་འགྱུར་སོགས་གང་གིས་ཀྱང་བསམ་བློའི་སྟོབས་ཤུགས་གཞོམས་པར་མ་ནུས་པར་བོད་ཀྱི་རིག་གཞུང་ལ་སྔར་ལས་ལྷག་པའི་གཟི་མདངས་ཤིག་འཕྲོ་བར་བྱས་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
མི་སྣ།
འཁྲུངས་ཡུལ།
ཀན་ལྷོ་རྨ་ཆུ།
འཁྲུངས་ལོ།
སྤྱི་ལོ1972
ལས་རིགས།
གེ་སར་ཞིབ་འཇུག་པ།
1 ​ངོ་སྤྲོད།

སྤྱི་ལོ1946ལོར་རྨ་ཁུག་མགོ་ནོར་བུ་དགའ་འཁྱིལ་ཞེས་པའི་འབྲོ་སྡེ་ཆེན་པོ་དངུལ་རྭ་ལྷ་སྡེ་ཞེས་བྱ་བའི་རྔ་བ་རུ་སྐོར་དུ་སྐྱེས། སྤྱི་ལོ1957ལོར་བླ་བྲང་བོད་ཡིག་སློབ་ཆུང་འགྲིམས་པ་ནས་བཟུང་རིག་གནས་ཡོན་ཏན་སྦྱོང་བའི་གོམ་སྟབས་ལྷོད་མ་མྱོང་། སྐབས་དེའི་སྤྱི་ཚོགས་ནི་དུས་བདེ་གནས་འཇམ་ཞིག་མིན་ཡང་། སྤྱི་ལོ1966ལོར་ནུབ་བྱང་མི་རིགས་སློབ་གླིང་གི་ལས་བྱེད་འཛིན་གྲྭར་ཞུགས་ཏེ་བོད་རྒྱ་རིས་སུ་མ་ཆད་པའི་བཀའ་དྲིན་ཅན་གྱི་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ཏེ་འབྲིང་རིམ་ཆེད་གཉེར་གྱི་བསླབ་འབྲས་མཚན་རྟགས་བླངས།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1968ལོར་ཕྱིར་ཕ་ཡུལ་ཏུ་ལོག་ནས་དམངས་སྒྲུབ་དགེ་རྒན་གྱི་བགྱི་བ་དོན་དུ་གཉེར།

སྤྱི་ལོ1975ལོར་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་ལས་གནས་སྤོས་ཏེ་སྐབས་གཉིས་ལ་འབྲིང་རིམ་ཆེད་གཉེར་དགེ་རྒན་གྱི་འཛིན་གྲྭ་ཐོག་མ་གཉིས་ཀྱི་འཛིན་གྲྭའི་གཙོ་བདག་དང་དཔེ་ཁྲིད་གཙོ་བོའི་འགན་ཁུར།

སྤྱི་ལོ1978ལོར་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཤིང་སྲིད་ཇུས་དོན་ཐོག་ཏུ་བབས་པས། ཁོང་ཡང་རྒྱལ་ཁབ་ཀྱི་ལས་བྱེད་ངོ་མར་གྱུར།

སྤྱི་ལོ1979ལོར་རྨ་ཆུ་རྫོང་རིག་སློབ་ཅུས་ཀྱི་ཅུས་ཀྲང་གཞོན་པར་བསྐོས།

སྤྱི་ལོ་1981ལོར་རྨ་ཆུ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པར་བསྐོས།

3 བརྩམས་ཆོས་གཙོ་གྲས།

བརྩམས་སྒྲུང《ཧ་ཅང་མང་ན་ཧམ་པར་འགྱུར།_བདུད་མོས་གསལ་བའི་འབེལ་གཏམ》དང་ཡུལ་སྐོར་ཟིན་བྲིས《བསམ་ཡས་གཙུག་ལག་ཁང་དང་བསམ་ཡས་ཞེས་བྱ་བ་གཉིས་སུ་གནས་སྐོར་དུ་ཕྱིན་པའི་མཐོང་ཐོས》《རྒྱལ་མོ་ཚ་བ་རོང་དུ་ཕྱིན་པའི་མཐོང་ཐོས》《དབུས་གཙང་དུ་གནས་སྐོར་བྱས་པའི་མཐོང་ཐོས》ལྷུག་རྩོམ《འབྲོག་ཕྲུག་སྣང་བསོར་གཉིས》དང《ཁོ་ཆད་རྒྱུ་མེད་པའི་འབྲོག་ཕྲུག་མ》ཞེས་པ་སོགས《ཟླ་ཟེར》དང《མཚོ་སྔོན་བོད་ཡིག་གསར་འགྱུར》སོགས་དུས་དེབ་སྣ་ཚོགས་ཀྱི་སྟེང་བཀོད་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-19

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།