སྡུད་ར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྡུད་ར།
སྡུད་ཁབ་དང་སྡུད་གཟུགས་ཕན་ཚུན་མ་འཕྲད་ཀྱང་ཤུགས་ཀྱི་བྱེད་ནུས་ཡོད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་ནི་སྡུད་གཟུགས་ཀྱི་ཉེ་འཁོར་དུ་དངོས་རྫས་རིགས་ཤིག་གནས་པ་དེས་སྡུད་ཁབ་ལོགས་ཤིག་ཏུ་ཡོ་བར་བྱེད་པའི་རྐྱེན་ཡིན། དངོས་རྫས་རིགས་དེར་མཐོང་རེག་ཅི་ཡང་མེད། ང་ཚོས་དེར་སྡུད་ར་ཟེར། དངོས་ལུགས་རིག་པ་རུ་མཐོང་རེག་ཅི་ཡང་མེད་པའི་དངོས་རྫས་མང་པོ་ཞིག་ནི་དེས་དངོས་རྫས་གཞན་པར་བཏོན་པའི་བྱེད་ནུས་ལ་བརྟེན་ནས་ངོས་འཛིན་དགོས་པ་ཡིན། སྡུད་ར་ལྟ་བུའི་དངོས་རྫས་ནི་ང་ཚོས་དངོས་བཤེར་ལ་བརྟེན་ནས་ཤེས་ཚོར་བྱས་ཆོག་པས། དེ་ནི་དངོས་སུ་གནས་ཡོད་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
磁场
ཕྱི་ཡིག་གི་མིང་།
magnetic field
1 སྡུད་ར།

གལ་ཏེ་སྡུད་ཁབ་ཅིག་སྡུད་གཟུགས་ཀྱི་ཉེ་སར་ཁྱེར་ན། སྡུད་ཁབ་དེ་ལོགས་ཤིག་ཏུ་ཡོ་བ་ཡིན། སྡུད་ཁབ་དང་སྡུད་གཟུགས་ཕན་ཚུན་མ་འཕྲད་ཀྱང་ཤུགས་ཀྱི་བྱེད་ནུས་ཡོད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་ནི་སྡུད་གཟུགས་ཀྱི་ཉེ་འཁོར་དུ་དངོས་རྫས་རིགས་ཤིག་གནས་པ་དེས་སྡུད་ཁབ་ལོགས་ཤིག་ཏུ་ཡོ་བར་བྱེད་པའི་རྐྱེན་ཡིན། དངོས་རྫས་རིགས་དེར་མཐོང་རེག་ཅི་ཡང་མེད། ང་ཚོས་དེར་སྡུད་ར(magnetic field)ཟེར། དངོས་ལུགས་རིག་པ་རུ་མཐོང་རེག་ཅི་ཡང་མེད་པའི་དངོས་རྫས་མང་པོ་ཞིག་ནི་དེས་དངོས་རྫས་གཞན་པར་བཏོན་པའི་བྱེད་ནུས་ལ་བརྟེན་ནས་ངོས་འཛིན་དགོས་པ་ཡིན། སྡུད་ར་ལྟ་བུའི་དངོས་རྫས་ནི་ང་ཚོས་དངོས་བཤེར་ལ་བརྟེན་ནས་ཤེས་ཚོར་བྱས་ཆོག་པས། དེ་ནི་དངོས་སུ་གནས་ཡོད་པ་ཞིག་ཡིན།

ནར་དབྱིབས་སྡུད་གཟུགས་མཐའ་སྐོར་གྱི་གནས་མི་འདྲ་སར་སྡུད་ཁབ་ཆུང་བ་ལྷིང་འཇགས་ཀྱི་སྐབས་སུ་ཁ་ཕྱོགས་མི་འདྲ་བ་སྟོན། དངོས་ལུགས་རིག་པར་ལྷིང་འཇགས་ཀྱི་སྐབས་སུ་སྡུད་རའི་ཁ་ཕྱོགས་ཡིན་པ་གཏན་ཁེལ་བྱས། སྡུད་རའི་གནས་ཚུལ་གསལ་བོར་མཚོན་ཆེད། སྡུད་གཟུགས་མཐའ་སྐོར་དུ་སྡུད་ཁབ་ཆུང་བ་མང་པོ་ཞིག་བཞག་ན། སྡུད་རའི་བྱེད་ནུས་འོག་སྡུད་ཁབ་ཆུང་བ་དེ་དག་བསྟར་སྒྲིག་བྱེད་སྲིད་པས། ང་ཚོས་སྡུད་གཟུགས་ཉེ་འཁོར་གྱི་གནས་སོ་སོའི་སྡུད་རའི་ཁ་ཕྱོགས་ཤེས་ཐུབ།

2 སྡུད་ལྟོས་འབྱིང་ཐིག

ང་ཚོས་སྡུད་རའི་ནང་གི་སྡུད་ཁབ་ཆུང་བའི་སྒྲིག་སྟངས་དེ་མདའ་མགོ་ཅན་གྱི་འཁྱོག་ཐིག་གིས་བྲིན་ན། གོ་བདེ་ཞིང་གཟུགས་སྣང་ལྡན་པའི་ངང་ནས་སྡུད་ར་ཞིབ་བརྗོད་བྱས་ཆོག འཁྱོག་ཐིག་འདི་ལྟ་བུ་ལ་སྡུད་ལྟོས་འབྱུང་ཐིག་ཟེར།

.jpg

དཔེ་རིས་དང་པོ། རྨིག་དབྱིབས་སྡུད་གཟུགས་ཀྱི་སྡུད་རའི་ཁྱབ་ཚུལ།

སྡུད་གཟུགས་ཀྱི་ཕྱི་རུ་སྡུད་ཁབ་ཆུང་བ་བཞག་པ་ཇི་འདྲའི་མང་ཞིང་ཆུང་ན། སྡུད་རའི་ཁྱབ་ཚུལ་དེ་བཞིན་གསལ་བོར་མཐོང་ཐུབ། རྨིག་དབྱིབས་སྡུད་གཟུགས་སྟེང་དུ་སྐྱེ་ལྡན་ཤེལ་སྒོ་ལེབ་མོ་ཞིག་བཞག་སྟེ། དེའི་སྟེང་དུ་ལྕགས་ཕྱེ་རིམ་པ་ཞིག་གཏོར་རྗེས། ཤེལ་སྒོ་དེར་ཡང་མོར་རྡེག་ན། ལྕགས་ཕྱེ་རྣམས་ཆོས་ཉིད་ཡོད་པའི་ངང་བསྒྲིགས་པར་བྱེད། དེ་ནི་སྡུད་གཟུགས་ཀྱི་ཉེ་འཁོར་དུ་གཏོར་བའི་ལྕགས་ཕྱེ་ཆུང་བ་རེ་རེ་སྡུད་འགྱུར་བྱས་ཏེ། སྡུད་ཁབ་ཆུང་བ་རེ་རེ་དང་འདྲ་བའི་རྐྱེན་ཡིན། སྡུད་གཟུགས་མཐའ་སྐོར་གྱི་སྡུད་རའི་བྱེད་ནུས་འོག་ཏུ་སྡུད་ཁབ་ཆུང་བ་རྣམས་ཆོས་ཉིད་ཡོད་པའི་ངང་སྒྲིག་པ་དང་། སྡུད་རའི་ཁྱབ་ཚུལ་ཡང་གསལ་བོར་མཚོན་པར་བྱེད།

.jpg

དཔེ་རིས་གཉིས་པ། སྡུད་ལྟོས་འབྱུང་ཐིག་སྤྱད་ནས་ནར་དབྱིབས་སྡུད་གཟུགས་དང་རྨིག་དབྱིབས་སྡུད་གཟུགས་ཀྱི་སྡུད་ར་ཞིབ་བརྗོད་བྱེད་པ།


དཔེ་རིས་དང་པོ་ནི་སྡུད་ལྟོས་འབྱུང་ཐིག་གིས་མཚོན་པའི་ནར་དབྱིབས་སྡུད་གཟུགས་དང་རྨིག་དབྱིབས་སྡུད་གཟུགས་ཀྱི་སྡུད་ར་ཡིན། དཔེ་རིས་ལས་ཤེས་ཐུབ་པ་ནི། སྡུད་ལྟོས་འབྱུང་ཐིག་སྤྱད་ནས་སྡུད་ར་ཞིབ་བརྗོད་བྱེད་སྐབས། སྡུད་གཟུགས་ཕྱི་རོལ་གྱི་སྡུད་ལྟོས་འབྱུང་ཐིག་ཚང་མ་སྡུད་གཟུགས་ཀྱིNསྣེ་ལས་ཐོན་ཏེ་སླར་ཡངSསྣེ་རུ་སྐྱོད་པ་ཡིན།

3 སའི་སྡུད་ར།

ཆུ་སྙོམས་སུ་འཁོར་ཐུབ་པའི་སྡུད་ཁབ་ནི་ཕྱོགས་སྟོན་འཁོར་ལོ་ཡིན། སྡུད་ཁབ་ཆུང་བ་འགའ་བཏོན་ནས་ཅོག་ཙེ་ཐོག་ཏུ་བཞག་ན། ལྷིང་འཇགས་སྐབས་སུ་དེ་དག་ཚང་མས་ཁ་ཕྱོགས་གཅིག་སྟོན་པ་སྟེ། སྡུད་ཁབ་ཀྱིNསྣེས་ནམ་ཡང་བྱང་ཕྱོགས་སྟོན། དེ་ལས་སའི་གོ་ལའི་མཐའ་སྐོར་དུ་སྡུད་ར་སྟེ་སའི་སྡུད་ར་ཞིག་གནས་པ་གསལ་བཤད་བྱས།

.jpg

དཔེ་རིས་གསུམ་པ། སའི་གོ་ལ་ནི་ཤིན་ཏུ་ཆེ་བའི་སྡུད་གཟུགས་ཤིག་ཡིན།

སའི་གོ་ལའི་ཕྱི་ངོས་དང་བར་སྣང་གི་གནས་ས་མི་འདྲ་སར་སའི་སྡུད་རའི་ཁ་ཕྱོགས་བཅལ་ན། སའི་སྡུད་རའི་སྡུད་ལྟོས་འབྱུང་ཐིག་བྲིས་ཆོག དཔེ་རིས་གསུམ་པ་ལས་མཚོན་པ་ལྟར།  སའི་སྡུད་རའི་ཚུགས་ཀ་ནི་ནར་དབྱིབས་སྡུད་གཟུགས་ཀྱི་སྡུར་ར་དང་ཉེ་མཚུངས་སུ་ཡིན།

ཡིན་ནའང་། ས་ཁམས་ཀྱི་སྣེ་གཉིས་དང་སའི་སྡུད་རའི་སྣེ་གཉིས་བསྐྱར་སྡེབ་མི་བྱེད། སྡུད་ཁབ་ཀྱིས་བསྟན་པའི་ལྷོ་བྱང་ཁ་ཕྱོགས་དང་ས་ཁམས་ཀྱི་ལྷོ་བྱང་ཁ་ཕྱོགས་གཉིས་བར་དུ་ཡོ་ཁྱད་ཅུང་ཟད་ཡོད། འཛ་གླིང་དུ་ཆེས་ཐོག་མར་སྣང་ཚུལ་འདི་ཐོ་འགོད་དང་ཞིབ་བརྗོད་བྱས་པའི་མི་ནི་རང་རྒྱལ་སུང་རྒྱལ་རབས་ཀྱི་མཁས་པ་ཧྲིན་ཁའོ(1031-1095)བྱ་བ་དེ་ཡིན། གསར་རྟོགས་དེ་ནི་ནུབ་ཕྱོགས་རྒྱལ་ཁབ་ལས་ལོ400ལྷག་གིས་སྔ།

སའི་སྡུད་ར་ནི་ཡང་སྙིང་ཇི་ལྟར་བྱུང་བ་ཡིན། མི་རྣམས་ཀྱིས་གནད་དོན་དེར་ལོ་མང་པོར་ཞིབ་འཇུག་བྱས་ཏེ་ད་ལྟའི་བར་དུ་ཡིད་ཚིམ་པའི་གྲུབ་འབྲས་ཤིག་ད་རུང་ཐོབ་མེད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-20

གསར་སྤེལ་མཁན། :ཀླུ་འབུམ་ཚེ་རིང་།༷

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།