སྣ་དཀར་རྩེ་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

(བོད་ལྗོངས་ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྫོང)ཧོར་རྒྱལ་པོ་སེ་ཆེན་ཧན་གྱིས་ཡར་འབྲོག་ནས་བཟུང་ལྷོ་བྲག་ཚུན་ཆད་ཀྱི་ས་ཆ་ལ་དབང་བའི་ཁྲི་དཔོན་གྱི་འཇའ་ས་ལོན་པས་སྡེ་ཚུགས་ཆེ། ས་སྐྱ་དཔོན་ཆེན་ཨང་ལེན་དུ་གྲགས་པའི་དཔོན་དྲག་ཤུལ་ཅན་དེ་ཡང་འདིའི་མི་བརྒྱུད་ཡིན། ཁྲི་དཔོན་ནམ་མཁའ་བཟང་པོ་དང༌། ཧེ་རུ་ཀུན་དགའ་རྒྱལ་མཚན་ཁུ་དབོན་གྱི་རིང་བོ་དོང་པཎ་ཆེནའཇིགས་མེད་གྲགས་པ་བླ་མར་བསྟེན། ཡར་འབྲོག་པ་ཚང་མ་ཁོང་གི་སློབ་མར་གྱུར། སྡེ་པ་རིན་སྤུངས་པ་དང་གཉེན་སྲིད་དུ་འབྲེལ(དཔོན་ནམ་མཁའ་བཟང་པོས་བོ་དོང་པཎ་ཆེན་གྱི་རྣམ་ཐར་ཆེན་མོ་བརྩམས)བས་ཞོད་འཇགས་པོ་བྱུང་ནའང་བར་སྐབས་ཤིག་ནས་དུས་མི་བདེ་བའི་འགོ་ཚུགས། རྫོང་འདི་དུས་སྐབས་གང་གི་སྐབས་སུ་བྱུང་མིན་གསལ་བར་མ་མཐོང་ཡང་རིགས་པས་དཔྱད་ན་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་རབ་བྱུང་དྲུག་པའི་འགོར་ས་སྐྱ་པའི་སྲིད་དབང་ཕྲོགས་རྗེས་དབུས་གཙང་གཉིས་སུ་རྫོང་ཆེན་བཅུ་གསུམ་བརྩིགས་པར་བཤད་པའི་ནང་གི་གཅིག་ཡིན་ནམ་སྙམ་སྟེ་བརྟག འདིའི་སྐོར་ཞིབ་པ《དེབ་ཐེར་དམར་པོ་གསར་མ》ནང་གསལ།
1 ​རྒྱས་འགྲེལ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-19

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།