ཚུལ་ཁྲིམས་རྒྱ་མཚོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོང་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་མཛོད་དགེ་ས་ཆར་སྐྱེས་ཤིང་། ཆུང་དུས་ནས་བོད་ཀྱི་རིག་གནས་ལ་དུང་བའི་བག་ཆགས་ཀྱིས་རྗེས་སུ་མི་རིགས་སློབ་གསོའི་ལས་དོན་ལ་བྱས་རྗེས་ཆེན་པོ་བཞག་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
མི་སྣ།
འཁྲུངས་ཡུལ།
ཀན་ལྷོ་རྨ་ཆུ།
འཁྲུངས་ལོ།
སྤྱི་ལོ1942
ལས་རིགས།
སློབ་གསོ་བ།
1 ངོ་སྤྲོད།

སྤྱི་ལོ1942ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་མཛོད་དགེ་ཉིན་མའི་མཚམས་རིང་རྙིང་བ་རུ་སྐྱེས། སྤྱི་ལོ1952ལོར་རབ་ཏུ་བྱུང་སྟེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཚོགས་ཞུགས་གནང་། བསྡུས་གྲྭའི་ཁ་དོག་དཀར་དམར་ནས་དབུ་ཚུགས་ཏེ་རིག་པའི་གནས་ལ་སྦྱོང་བའི་འགོ་བརྩམས། སྐབས་དེ་ནི་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཆོས་འཆད་ཉན་ཤིན་ཏུ་དར་ཞིང་རྒྱས་པའི་སྐབས་ཡིན་པས་ཁོང་གིས་ཕྱོགས་གཅིག་ནས་ཆོས་གྲྭ་ཆག་མེད་དུ་འགྲིམ་པ་དང་། ཕྱོགས་གཅིག་ནས་གཞུང་ཆེན་མོ་དང་སུམ་རྟགས་དག་གསུམ་སོགས་ལ་སྦྱོང་བ་ཧུར་ཐག་མཛད། ལྷག་པར་དུ་ཁོང་ཉིད་ཀྱི་ཆོས་གྲོགས་རེབ་གོང་སེང་གེ་གཤོང་གི་བསྟན་པ་རྒྱལ་མཚན་གྱི་མདུན་ནས《བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས》ཆ་ཚང་སྦྱངས། བཤེས་གཉེན་ཆེན་པོ་མགོ་ལོག་བློ་བཟང་གི་མདུན་ནས་སུམ་རྟགས་དང་སྙན་ངག་སྦྱངས། སྤྱི་ལོ1958ལོར་དགོན་པ་སྒོ་བརྒྱབ་རྗེས་ཕྱིར་ཕ་ཡུལ་དུ་ཕེབས་ནས་ཐུན་མོང་གཞུང་གི་ཟོག་རྫི་དང་ཉིན་མ་ཀུང་ཧྲེ་ཡི་རྟ་རྫི་བྱས།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1971ལོར་གོང་རིམ་གྱི་གདན་ཞུས་ལྟར་ཉིན་མ་སློབ་ཆུང་དུ་དམངས་སྒྲུབ་དགེ་རྒན་བྱས་ཤིང་སྤྱི་ལོ1980ལོར་གཞུང་སྒྲུབ་དགེ་རྒན་དུ་ལས་བསྒྱུར་བྱས། སྤྱི་ལོ1981ལོ་ནས་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་ཕེབས་ནས་སྤྱི་ལོ2002ལོའི་བར་བོད་ཡིག་དགེ་རྒན་བྱས་ཏེ་ལོ་ངོ་སུམ་ཅུའི་རིང་ལ་སློབ་ཁྲིད་བྱས། ལས་འཁྱུར་ངལ་གསོ་མ་བྱས་གོང་དུ་ཀན་ལྷོ་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་དང་། རྨ་ཆུ་རྫོང་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་གྱི་འགན་ཡང་བཞེས་མྱོང་། སྤྱི་ལོ2003ལོ་ནས་ལས་འཁྱུར་ངལ་གསོ་བྱས། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-18

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།