ཕུག་ཡུལ་རྒྱལ་སའི་མཁར་རྙིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕུག་ཡུལ་རྒྱལ་སའི་མཁར་རྙིང་།
ཕུག་ཡུལ་རྒྱལ་སའི་མཁར་རྙིང་ནི་འབར་ཁམས་གྲོང་རྡལ་སྒོ་ཡག་གྲོང་ཚོའི་ཙུའུ་ཁག5བར་གནས། ཨ་མགོ་ལུང་བའི་ནུབ་བྱང་ཕྱོགས་ཀྱི་ས་བབ་ཅུང་མཐོ་བའི་རི་སྐེད་ཀྱི་ལ་ཐོག་ཏུ་ཆགས་ཡོད། མཁར་རྙིང་མཁར་རྫོང་རྒྱབ་རི་དང་བསྟུན་ནས་བཟོ་བསྐྲུན་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
婆陵甲萨遗址
ལ་ཏིང་གི་མིང་།
phug -yul rgyl svi mkhar rnying
འགྲུབ་ལོ།
སྤྱི་ལོ749
སྒྲུབ་མཁན།
གོ་གླིང་རྒྱལ་ཁབ་ཀྱི་རྒྱལ་བོ་ཏུང་ཕུའི་ཐེན།
དུས་སྐབས།
ཐང་རྒྱལ་རབས་སྐབས།
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་འབར་ཁམས་གྲོང་ཁྱེར་འབར་ཁམས་གྲོང་རྡལ།
གནམ་གཤིས།
སྐམ་ས་ཆེན་པོའི་རང་བཞིན་གྱི་དུས་རླུང་གནམ་གཤིས།
སྲུང་སྐྱོབ་བྱ་ཡུལ།
གནའ་བོའི་བཟོ་བཀོད།
སྲུང་སྐྱོབ་རིམ་ཚད།
རྫོང་རིམ་པའི་སྲུང་སྐྱོབ།
གནས་ཡུལ།
འབར་ཁམས་གྲོང་རྡལ།
མཚོ་འཕགས།
སྨི2599ཡོད།
1 ​ངོ་སྤྲོད་རགས་བསྡུས།

ཕུག་ཡུལ་རྒྱལ་སའི་མཁར་རྙིང་ནི་འབར་ཁམས་གྲོང་རྡལ་སྒོ་ཡག་གྲོང་ཚོའི་ཙུའུ་ཁག5བར་གནས། ཨ་མགོ་ལུང་བའི་ནུབ་བྱང་ཕྱོགས་ཀྱི་ས་བབ་ཅུང་མཐོ་བའི་རི་སྐེད་ཀྱི་ལ་ཐོག་ཏུ་ཆགས་ཡོད། མཁར་རྙིང་མཁར་རྫོང་རྒྱབ་རི་དང་བསྟུན་ནས་བཟོ་བསྐྲུན་བྱས་ཡོད། ད་ལྟ་ས་ངོས་ཆེ་འབྲིང་ཆུང་དབྱིབས་ཀྱི་མཁར་རྫོང(ས་མཁར)27ཡོད་པས་སྤྱི་ཁོག་ལེབ་ངོས་སྐས་རིམ་ལྟར་ཆགས་པ་མ་ཟད་བཀོད་ཚུལ་ལ་ཆོས་ཉིད་ལྡན་པ། ཀྲུང་གོའི་གནའ་དུས་ཀྱི་ཁྱད་ཆོས་ལྡན་པའི་བཟོ་སྐྲུན་བྱེད་སྟངས་མཚོན་ཡོད། མི་རིགས་རིག་པ་དང་། གནའ་རྫས་རྟོག་ཞིབ་རིག་པ། ལོ་རྒྱུས་རིག་པ། གནའ་བོའི་རྩིག་བཟོས་རིག་པ། དམག་དོན་རིག་པ་སོགས་ཀྱི་མངའ་ཁོངས་སུ་གལ་ཆེ་བའི་རིག་གཞུང་རིན་ཐང་ལྡན། རྔ་བ་ཁུལ་གྱི་མངའ་ཁོངས་སུ་རྙེད་པའི་དུས་རབས་སོ་སོར་གཏོགས་པ་མི་འདྲ་བའི་སྔོན་ཤུལ་མཁར་རྙིང10ནང་གི་དཔེ་མཚོན་ཁྱད་ཆོས་ལྡན་པའི་གནའ་བོའི་རྩིག་བཟོ་ཞིག་ཡིན།  ད་ལྟ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཕྱོགས་བསྡུས་ཅན་གྱི་སྐྱེ་ཁམས་སྤྱི་གླིང་དུ་བསྐྲུན་པ་ཡིན་ནོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-19

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།