མཁར་ཆེན་སྐལ་བཟང་བློ་གསལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཁར་ཆེན་སྐལ་བཟང་བློ་གསལ་ལགས་ནི་ཀན་ལྷོ་རྨ་ཆུ་རྫོང་དུ་སྐྱེས་ཤིང་། ཁོང་གིས་བོད་ཀྱི་དམངས་ཁྲོད་ངག་རྩོམ་དང་རྩེད་ཆས་སོགས་འཚོལ་བསྡུ་བྱས་ཤིང་རྩོམ་རིག་གསར་རྩོམ་གྱི་ཁྱབ་ཁོངས་ལ་བྱས་རྗེས་ཆེན་པོ་བཞག་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
མི་སྣ།
འཁྲུངས་ཡུལ།
ཀན་ལྷོ་རྨ་ཆུ།
འཁྲུངས་འདས་ལོ།
སྤྱི་ལོ (1942-2009)
ལས་རིགས།
རྩོམ་པ་པོ།
1 ​ངོ་སྤྲོད།

སྤྱི་ལོ1942ལོར་ཀན་ལྷོ་ཁུལ་རྨ་ཆུ་རྫོང་མཛོད་དགེ་ཉིན་མའི་མཁར་ཆེན་སྡེ་བར་སྐྱེས། ལོ་བརྒྱད་ཀྱི་སྟེང་ལ་མཁར་སྡེ་བའི་སེར་སྡེར་ཁོང་གི་ཁུ་བོ་སྔགས་རམས་པ་ཨ་ལགས་ར་མང་གི་སྐུ་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་། ཡང་ཁོང་གི་མདུན་ནས་ལོ་ངོ་བདུན་གྱི་རིང་ལ་ཡི་གེ་སྦྱོར་ཀློག་དང་སྙན་ངག་རྩིས་སོགས་ལ་གསན་སྦྱངས་མཛད། སྤྱི་ལོ1958ལོ་ནས་སྤྱི་ལོ1964ལོར་ནུབ་བྱང་མི་རིགས་སློབ་གླིང་འགྲིམས་ཤིང་མཐར་ཕྱིན་རྗེས་ལས་གནས་སུ་ཞུགས། ལོ་ངོ་སུམ་ཅུའི་རིང་ལ་ཁུལ་དང་རྫོང་རིམ་པའི་སྡེ་ཁག་ནས་ནོར་སྲིད་དང་རྫོང་རིམ་པའི་སྡེ་ཁག་གི་སྲིད་འཛིན་ལས་དོན་བསྒྲུབས། དུས་ཕྱིས་མཐོ་རིམ་དཔལ་འབྱོར་མཁས་ཅན་དང་རྩིས་པ་ཆེན་མོའི་གོ་མིང་ཐོབ་ཅིང་། སྲིས་གྲོས་ཀན་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཀན་ལྷོ་ཁུལ་དམངས་ཁྲོད་རིག་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས།

2 བརྩམས་ཆོས་གཙོ་གྲས།

བརྩམས་ཆོས་གཙོ་བོར《ངག་རྩོམ་ནོར་བུའི་གཏེར་བུམ》《བསྟོད་བཤད་མེ་ཏོག་གང་ལྷ》《གཏམ་དཔེ་ནོར་བུའི་དོ་ཤལ》《འབེལ་གཏམ་ནོར་བུ་མེ་འབར》《རྩེད་ཆས་ཀུན་དགའ་ནོར་བུ》སོགས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-18

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།