བན་དེ་མཁར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོང་ནི་སྤྱི་ལོའི་དུས་རབས་ཉི་ཤུ་བར་ཀན་ལྷོ་གཙོས་གྲོང་ཁྱེར་དུ་སྐྱེས་ཤིང་། ཆུང་དུས་སློབ་གྲྭར་འགྲིམས་པའི་སྐལ་བ་མ་ལྡན་ཡང་རྗེས་སུ་ཚོགས་བསགས་བཟང་བའི་སྨོན་ལམ་གྱིས་མཁས་པ་མང་པོའི་ཞབས་ལ་གཏུགས་པའི་སྐལ་བ་བྱུང་པ་དང་། ལྷག་པར་དུ་བོད་ཀྱི་རྩིག་བཟོའི་ལག་རྩལ་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
མི་སྣ།
འཁྲུངས་ཡུལ།
ཀན་ལྷོ་གཙོས་གྲོང་ཁྱེར།
འཁྲུངས་ལོ།
སྤྱི་ལོ 1941
ལས་རིགས།
རྩིག་བཟོ་བ།
1 ​ངོ་སྤྲོད།

སྤྱི་ལོ1941ལོར་མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་ཁ་གྱ་སྟོད་ཞང་ཁམས་སངས་འགབ་མའི་སྡེ་བར་སྐྱེས་ཤིང་། ནར་སོན་ནས་ཞིང་ལས་དང་ཕྱུགས་ལས་གཉེར་བའི་ངལ་རྩོལ་པ་དཀྱུས་མ་ཞིག་ཏུ་གྱུར། ཀྱག་ཀྱོག་དང་དཀའ་སྡུག་གི་མི་ཚེ་འདིར་ཁོང་གིས་རང་གི་བློ་སྟོབས་དང་ཕྱག་ཟུང་ལ་བརྟེན་ནས་རང་མི་རིགས་དང་ནང་བསྟན་དགོན་སྡེའི་བསྐྱར་གསོ་ལ་བསུབ་ཐབས་མེད་པའི་བྱས་རྗེས་བཞག་པ་མ་ཟད། བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྤྱི་ཚོགས་འཆམ་མཐུན་ཡོང་བ། རོང་འབྲོག་སྡེ་འཛུགས་སྐྲུན་གསར་བ་བཅས་ཀྱི་ཐད་ལའང་སྔོན་མེད་ཀྱི་བྱས་རྗེས་བཞག ཁམས་སངས་བན་དེ་མཁར་གཞོན་དུས་ནས་ཤེས་ཡོན་སྦྱོང་རྒྱུ་བྱུང་ན་ཅི་མ་རུང་སྙམ་པའི་འདུན་པ་ཧ་ཅང་ཆེ་ཡང་། དེ་དུས་དམངས་ཁྲོད་དུ་ཡི་གེ་ཤེས་མཁན་ཤིན་ཏུ་དཀོན་པས་རེ་ཞིག་དམིགས་ཡུལ་དེ་མ་འགྲུབ། སྤྱི་ལོ1957ལོའི་དགུན་ཁར་དམའ་རིམ་མཉམ་ལས་ཁང་ཚུགས་རྗེས་སུ་ཁམས་སངས་སྡེ་བའི་སྔགས་ཆུང་གཡུང་དྲུང་ཚེ་རིང་དང་མཉམ་དུ་ཕྱུགས་རྫི་ལ་མངགས་པས། དེའི་མདུན་ནས་ཡི་གེ་འབྲི་ཀློག་སོགས་སློབ་པའི་གོ་སྐབས་ཐོབ། དེ་ནས་རིམ་བཞིན་ལྷ་རྗེ་མིང་གྲགས་ཅན་ཁ་སྟོད་བརྩོན་འགྲུས་ལས་སུམ་རྟགས་ཀྱི་སྐོར་དང་། ལྷ་སའི་བསྟན་པ་ལས《དག་ཡིག་ཤེས་བྱ་རབ་གསལ》རྐང་ཚའི་རྩིས་རམས་པ་བསྟན་པ་རྒྱ་མཚོ་ལས་ནག་རྩིས། མཁས་དང་བསམ་འགྲུབ་རྒྱ་མཚོ་ལས་སྐར་རྩིས་སོགས་རགས་ཙམ་བསླབས། ལྷག་པ་དུ་དགེ་རྒན་དགེ་འདུན་རྒྱ་མཚོ་ལས་ཤེས་བྱའི་གནས་སྣ་ཚོགས་ལ་བསྐྱར་སྦྱོང་ཡང་ཡང་བྱས་པས་དོན་འབྲས་ལེགས་ཙམ་སྨིན།

རང་ལོ་ཉེར་ཅིག་པ་སྤྱི་ལོ1961ལོ་ནས་བོད་རྩིག་ལ་ཤིན་ཏུ་གོམས་པའི་རང་སའི་ཨ་དགའ་སྟག་ལྷ་དང་མཉམ་དུ་དམངས་ཁྱིམ་བསྐྱར་བཟོ་དང་ལེགས་བཅོས་བྱས་ཏེ་རྩིག་བཟོའི་ལས་ཀར་ཐོག་མར་ཞུགས་པ་དང་ཆབས་ཅིག  རུ་སྡེ་བ་དང་ལུང་བ་ཤོག་པའི་ས་མཁར་དང་རྡོ་མཁར་གྱི་ལས་སྣ་ཚོགས་ལ་ཞུགས་ཏེ། འཚོ་བ་དང་ལག་ལེན་དངོས་ནས་བོད་ཀྱི་རྩིས་བཟོའི་ལས་ཀར་འབད་པ་ཧུར་ལེན་བྱས་པས་ཉམས་ཉུང་ཅུང་ཙམ་ཐོབ་པ་ལས་རང་ཉིད་རྩིག་བཟོའི་ལས་ཀར་ཞུགས་པའི་ཐོག་མའི་རྨང་གཞི་བཏིང་བ་ཡིན་ཟེར། རྗེས་ཀྱི་སྤྱི་ལོ1986ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་འདུ་ཁང་བསྐྱར་བཞེངས་ཀྱི་ལས་ཀར་ཞུགས་པ་དང། སྤྱི་ལོ1989ལོར་གོང་རིམ་གྱི་བཀའ་མངགས་ལྟར་མིང་དུ་གྲགས་པའི་གཙོས་སྲས་མཁར་དགུ་ཐོག་མཐོང་གྲོལ་ལྷ་ཁང་ཆེན་མོ་བསྐྱར་བཞེངས་ཀྱི་ལས་ཀར་ཞུགས་ཏེ་ཁ་གྱའི་རྔ་རྩིག་པ་ཉི་ཤུ་ལྷག་དང་ལྷན་དུ་ལོ་ངོ་གསུམ་གྱི་རིང་ལ་འགྲུབ་པར་བྱས།

2 བརྩམས་ཆོས་གཙོ་གྲས།

སྤྱི་ལོ1985ལོ་ནས་བཟུང་རྩོམ་ཡིག་འབྲི་བའི་འགོ་བརྩམས་ཤིང་སྔ་རྗེས་སུ《ཟླ་ཟེར》དང《བོད་ལྗོངས་ཞིབ་འཇུག》《གཙོས་མི་རིགས་དགེ་འོས་ཆེད་གཉེར་སློབ་གྲྭའི་རིག་གཞུང་དུས་དེབ》བཅས་ཀྱི་སྟེང་ལ《བོད་ཀྱི་རྩིག་བཟོའི་བྱུང་བ》དང་།《ཁ་གྱ་ཚོ་དྲུག་གི་སྤྱི་བཤད》《འབའ་ཐང་གི་རྩོད་གླེང》བཅས་བཀོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-18

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།