སོ་མང་རྒྱལ་མོའི་རྒྱལ་ས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སོ་མང་རྒྱལ་མོའི་རྒྱལ་ས།
སོ་མང་རྒྱལ་ས་དེ་སྔོན་ཆད་འབར་ཁམས་གྲོང་ཁྱེར་དང་བར་ཐག་ལ་སྤྱི་ལེ36ཡོད་པའི་སོ་མང་ཡུལ་ཚོའི་མུར་ཁྱུ་གྲོང་ཚོར་ཆགས་ཡོད། ད་རོ་དཀོན་མཆོག་སྐྱབས(སྤྱི་ལོ1304)ནས་བཟུང་སྐུ་རབས་ཉེར་བཞི་པ་ད་རོ་མགོན་པོ་རྣམ་རྒྱལ། དེ་ནས(སྤྱི་ལོ1943—)བཅིངས་གྲོལ་བར་སྲིད་བསྐྱངས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
梭磨土司官寨
ལ་ཏིང་གི་མིང་།
so mang rgyl sa
མིང་གཞན།
སོ་མང་མཁར་ནོར་བུ་གླིང་།
བཞེངས་གྲུབ་ཀྱི་ལོ།
སྤྱི་ལོ1725—1737ལོ།
བཞེངས་མཁན།
སོ་མང་རྒྱལ་པོ་སྐུ་རབས་བརྒྱད་པ་ནོར་བུ།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་འབར་ཁམས་གྲོང་ཁྱེར་སོ་མང་ཡུལ་ཚོའི་མུར་ཁྱུ་གྲོང་ཚོ།
གནམ་གཤིས།
སྐམ་ས་ཆེན་པོའི་རང་བཞིན་གྱི་དུས་རླུང་གནམ་གཤིས།
སྲུང་སྐྱོབ་རིམ་ཚད།
ཞིང་ཆེན་རིམ་པའི་སྲུང་སྐྱོབ།
གནས་ཡུལ།
སོ་མང་ཡུལ་ཚོའི་མུར་ཁྱུ་གྲོང་ཚོ།
མཚོ་འཕགས།
སྨི3100-4900ཡོད།
མཐོ་ཚད།
མཐོ་ཚད་ནི་སྨི4ཡོད།
1 ངོ་སྤྲོད་རགས་བསྡུས།

སོ་མང་རྒྱལ་ས་དེ་སྔོན་ཆད་འབར་ཁམས་གྲོང་ཁྱེར་དང་བར་ཐག་ལ་སྤྱི་ལེ36ཡོད་པའི་སོ་མང་ཡུལ་ཚོའི་མུར་ཁྱུ་གྲོང་ཚོར་ཆགས་ཡོད། ད་རོ་དཀོན་མཆོག་སྐྱབས(སྤྱི་ལོ1304)ནས་བཟུང་སྐུ་རབས་ཉེར་བཞི་པ་ད་རོ་མགོན་པོ་རྣམ་རྒྱལ། དེ་ནས(སྤྱི་ལོ1943—)བཅིངས་གྲོལ་བར་སྲིད་བསྐྱངས། སྔོན་དུས་སོ་མང་རྫོང་མཁར་གཅིག་མ་གཏོགས་མེད་ཟེར། སྐུ་རབས་བརྒྱད་པ་ནོར་བུས(སྤྱི་ལོ1725—1737ལོ)སྲིད་འཛིན་ལོ་བཅུ་གཉིས་བཟུང་བའི་སྐབས་བཞེངས་པ་ཡིན། མིང་ལ་སོ་མང་མཁར་ནོར་བུ་གླིང་ཟེར། དེའི་རྗེས་སུ་རྒྱལ་མོ་སྒྲོལ་མ་འཚོས(སྤྱི་ལོ1737—1757ལོ)བར་སྲིད་སྐྱོང་ལོ་ཉི་ཤུ་ལ་བཟུང་། འདི་སྐབས་སུ་སོ་མང་རྒྱལ་ས་ཆེས་ཆེར་དར་པའི་དུས་སྐབས་ཡིན། གོང་མ་ཆན་ལུང་གིས་ཐེངས་གཉིས་ལ་ཆུ་ཆེན་དང་བཙན་ལྷ་ལ་དམག་དྲངས་བའི་སྐབས་རྒྱལ་མོ་སྒྲོལ་མ་འཚོས་ཆན་ལུང་གོང་མ་ལ་རོགས་རམ་ཆེན་པོ་ཐོབ་ཡོད། དེའི་དྲིན་གྱིས་ཆན་ལུང་གོང་མས་རྒྱལ་མོ་སྒྲོལ་མ་འཚོ་ལ་ས་ཞིང་སྤྱི་ལེ་གྲུ་བཞི་མ་ཁྲི6དང་གསེར་ཐམ་གཅིག་སོགས་བྱ་དགའ་གནང་བ་མ་ཟད། དམག་སྤྱིའི་སྲིད་གཞུང་གོ་གནས་ཡང་གནང་བ་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-19

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།