དོན་དམ་བདེན་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདི་ལ་གྲུབ་མཐའ་སོ་སོའི་འདོད་ཚུལ་མི་འདྲ་བ་ཡོད་པ་སྟེ། 1.ཐལ་འགྱུར་བས་མཐར་ཐུག་དཔྱོད་པའི་ཚད་མ་རང་ཉིད་ལ་མཐར་ཐུག་དཔྱོད་པའི་ཚད་མར་སོང་བས་རྙེད་དོན་དེ་དོན་དམ་བདེན་པའི་མཚན་ཉིད་དེ་ཡང་མ ཐར་ཐུག་དཔྱོད་བྱེད་ཀྱི་རིགས་ཤེས་ཚད་མས་རྙེད་དོན་གང་ཞིག་ཚད་མ་དེ་ལ་རིགས་ཤེས་ཚད་མར་སོང་བ་ནི་རང་ཉིད་དོན་དམ་བདེན་པ་ཡིན་ཞེས་བརྗོད་པའོ། །མཚན་གཞི་ནི་བུམ་པ་རང་བཞིན་གྱིས་སྟོང་པ་ལྟ་བུ་སོགས་ཡིན། དོན་དམ་བདེན་པའི་སྒྲ་བཤད་ནི། ཡེ་ཤེས་དམ་པས་རྙེད་པའི་དོན་ཡིན་པས་ན་དོན་དང༌། དེ་འདྲའི་དོན་ཡང་ཡིན་ལ་དོན་གྱི་མཆོག་གམ་དམ་པ་ཡང་ཡིན་པས་ན་དམ་པ་དང༌། སྣང་ཚུལ་དང་གནས་ཚུལ་མཐུན་པར་གནས་པས་བདེན་པ་ཞེས་ཟེར་རོ། །2.དབུ་མ་རང་རྒྱུད་པས་རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་རང་ཉིད་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་དེ། དོན་དམ་བདེན་པའི་མཚན་ཉིད། དེ་ཡང་གཉིས་སྣང་ལ་རང་ལས་ཐ་དད་པའི་གཉིས་སྣང་དང་བདེན་སྣང་གཉིས་སྣང་དུ་བཤད་པ་སོགས་ཡོད་པ་ལས། དོན་དམ་ནི་མ་འཁྲུལ་པའི་བློ་སྟེ་འཕགས་པའི་མཉམ་བཞག་ཟག་མེད་ཡེ་ཤེས་ཀྱི་ངོར་གཉིས་སྣང་གི་སྤྲོས་པ་དང་བདེན་པའི་སྤྲོས་པ་གཉིས་ཆར་དང་བྲལ་བའི་སྒོ་ནས་རྟོགས་པར་བྱ་བ་དེ་ལ་དོན་དམ་བདེན་པ་ཞེས་བརྗོད་པ་ཡིན་ཏེ་མཚན་གཞི་ནི། བུམ་པ་བདེན་སྟོང་ལྟ་བུ་ཞེས་པ་དང༌། 3.སེམས་ཙམ་པས་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་གྱུར་པའི་ཆོས་དོན་དམ་པ་དེ་དོན་དམ་བདེན་པའི་མཚན་ཉིད། མཚན་གཞི་ནི་བདག་གཉིས་གང་རུང་གིས་སྟོང་པའི་དེ་བཞིན་ཉིད་ལྟ་བུ། སྒྲ་བཤད་ནི་འཕགས་པའི་མཉམ་བཞག་ཡེ་ཤེས་ནི་དམ་པ་ཡིན་ལ་དེའི་དོན་ཡིན་པས་དོན་དམ་པ་དང༌། སྣང་ཚུལ་དང་གནས་ཚུལ་མཐུན་པས་བདེན་པ་ཞེས་བརྗོད་པ་ཡིན། དེ་ལ་དབྱེ་ན། ཆོས་ཀྱི་བདག་མེད་ཕྲ་མོ་དང་གང་ཟག་གི་བདག་མེད་ཕྲ་མོ་གཉིས་ཡོད། དངོས་པོ་ཐམས་ཅད་བདེན་པར་གྲུབ་པ་དང་རྫུན་པའི་གཞི་མཐུན་དུ་ཁས་ལེན། ཆོས་ཉིད་ཐམས་ཅད་བདེན་པར་གྲུབ་པ་དང༌། བདེན་པའི་གཞི་མཐུན་དུ་ཁས་ལེན། ཆོས་ཉིད་ལས་གཞན་པའི་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་རྫུན་པར་གྲུབ་པ་དང༌། རྫུན་པའི་གཞི་མཐུན་དུ་ཁས་ལེན་ནོ། ། 4.མདོ་སྡེ་པས་རྟོག་པས་བཏགས་ཙམ་མ་ཡིན་པར་རང་ངོས་ནས་གྲུབ་པའི་ཆོས་དོན་དམ་བདེན་པའི་མཚན་ཉིད། ཡང་ན་དོན་དམ་པར་དོན་བྱེད་ནུས་པ་དོན་དམ་བདེན་པའི་མཚན་ཉིད། མཚན་གཞི་ནི་གཟུགས་དང༌། ཤེས་པ། གང་ཟག་རྣམས་ལྟ་བུའོ། ། དོན་དམ་བདེན་པ། དངོས་པོ། རང་མཚན། འདུས་བྱས། བདེན་པར་གྲུབ་པ་རྣམས་དོན་གཅིག་ཡིན། བློ་དོན་དམ་པ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་མངོན་སུམ་གྱི་ཚད་མའི་ངོ་བོར་བདེན་པས་ན་དོན་དམ་བདེན་པ་ཞེས་བརྗོད་པའོ། །དོན་དམ་བདེན་པ་ཞེས་པའི་ཚིག་ཟུར་གྱི་དོན་དམ་ནི་བློ་དོན་དམ་པ་སྣང་ཡུལ་ལ་མ་འཁྲུལ་བའི་མངོན་སུམ་ཚད་མ་ལ་བྱེད་པ་ཡིན་ཞེས་འདོད་པ་དང༌། 5.བྱེ་བྲག་སྨྲ་བས་ནི་དོན་དམ་དུ་ཡོད་པ་ནི་ཀུན་རྫོབ་དེ་ལས་གཞན་བཅོམ་པའམ་བློས་ཆ་ཤས་སོ་སོར་བཞག་ཏུ་མེད་པ་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དང་ཤེས་པ་སྐད་ཅིག་ཆ་མེད་ལྟ་བུའོ། །དེ་རྣམས་དོན་དམ་བདེན་པ་ཡིན་ཏེ། རང་འཛིན་པའི་བློ་ནམ་ཡང་འདོར་དུ་མི་རུང་བའི་ཕྱིར་རོ་ཞེས་འདོད་པའོ། 6.ཕྱི་རོལ་གྲངས་ཅན་པས་ནི་མི་གསལ་བའི་ཤེས་བྱ་རྣམས་དོན་དམ་བདེན་པར་འདོད་དོ། །མི་གསལ་བའི་ཤེས་བྱ་གང་ཞེ་ན། ཤེས་བྱ་ཉེར་ལྔ་ལས་གཙོ་བོ་དང་སྐྱེ་བུ་ནི་མི་གསལ་བའི་ཤེས་བྱ་ཡིན་པས་དོན་དམ་བདེན་པ་ཡིན་ཞེས་ཟེར་རོ། །
1 རྒྱས་འགྲེལ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-20

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།