གཏེར་ལེན་ཁ་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཏེར་ལེན་ཁ་གྲོང་ཁྱེར།
1988ལོར་གཏེར་ལེན་ཁ་གྲོང་ཁྱེར་ཞེས་པའི་སྲིད་བཙུགས། གཏེར་ལེན་ཁ་གྲོང་ཁྱེར་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་གཞུང་གི་སྡོད་གནས་ཡིན། ཁུལ་ཡོངས་ཀྱི་ཆབ་སྲིད་དང་སློབ་གསོ། ཚན་རྩལ། རིག་གནས་བཅས་ཀྱི་ལྟེ་བ་ཡིན་ཞིང་། མཚོ་ནུབ་ཤར་རྒྱུད་ཀྱི་དཔལ་འབྱོར་ལྟེ་བའང་ཡིན། གཏེར་ལེན་ཁ་གྲོང་ཁྱེར་ལ་སྲང་ལམ་དོན་གཅོད་ཁང་གསུམ་དང་། གྲོང་རྡལ་གསུམ། ཡུལ་ཚོ་གཅིག་བཅས་ཡོད། སྤྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི2.77ཡོད། མཚོ་འཕགས་རྨིད2980ཡིན། ཉེ་ལམ་བསྡོམས་རྩིས་བྱས་པ་ལྟར་ན་མི་གྲངས་འབུམ་གཅིག་ཁྲི་གསུམ་ལ་བུད་ཡོད་ཅིང་། འདུས་སྡོད་བྱས་ཡོད་པའི་མི་རིགས་ལ་སོག་རིགས་དང་། བོད་རིགས། ཧེ་རིགས། ཟ་ལར་རིགས། ཧོར་རིགས། རྒྱ་རིགས་བཅས་མི་རིགས་བཅུ་དགུ་ལྷག་ཡོད་ཅིང་། དེ་ལས་གཙོ་བོ་སོག་རིགས་དང་བོད་རིགས་གཉིས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
德令哈市、德令哈
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་སྲིད་འཛིན་ས་ཁུལ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ།
མངའ་ཁོངས།
ཁུལ་སྲིད་གཞུང་གི་སྡོད་གནས།
སྲིད་གཞུང་གནས་ཡུལ།
ན་གོར་མོ་ལམ་གྱི་ཨང་རྟགས16པ།
ས་ཁོངས་ཁ་པར་ཨང་གྲངས།
0977
སྦྲག་སྲིད་ཨང་གྲངས།
817099
ས་གནས།
མཚོ་སྔོན་ཞིང་ཆེན་གྱི་བྱང་ཤར་ཕྱོགས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཉིས་འབུམ་ལྔ་ཁྲི་ཡོད།
མི་གྲངས།
ཆིག་འབུམ་ལྔ་ཁྲི(2015ལོར།)
གནམ་གཤིས་ཆ་རྐྱེན།
མཐོ་སྒང་བྱེ་ཐང་གི་ནམ་ཟླ།
མེ་འཁོར་ས་ཚིགས།
གཏེར་ལེན་ཁ་མེ་འཁོར་འབབ་ཚིགས།
གནམ་གྲུ་འབབ་ཚིགས།
གཏེར་ལེན་ཁ་གནམ་གྲུ་འབབ་ཚིགས།
རླངས་འཁོར་ཨང་རྟགས།
青H
1 ​ ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1995ལོར་གཏེར་ལམ་རྫོང་གི་མངའ་ཁོངས་དང་གྱེས་ཏེ་གཏེར་ལེན་ཁ་བྱ་བའི་ཨུ་ཡོན་ལྷན་ཁང་བཙུགས།

སྤྱི་ལོ1958ལོར་གཏེར་ལེན་ཁ་བྱ་བའི་ཨུ་ཡོན་ལྷན་ཁང་མེད་པར་བཟོས་ཏེ་གཏེར་ལེན་ཁ་རྫོང་བཙུགས།

སྤྱི་ལོ1962ལོར་རྫོང་མེད་པར་བཟོས་ནས་དབུས་ལམ་རྫོང་དང་བསྲེས།

སྤྱི་ལོ1988ལོར་དབུས་ལམ་རྫོང་གི་མངས་ཁོངས་ལས་གྱེས་ཏེ་གཏེར་ལེན་ཁ་གྲོང་ཁྱེར་བཙུགས།

2 ས་ཁམས་ཁོར་ཡུག  
2_1 ས་བབ་ཆགས་ཚུལ།

གཏེར་ལེན་ཁ་ནི་ཚྭ་འདམ་གཞོང་གི་བྱང་ཤར་གྱི་མཐའ་མཚམས་སུ་གནས་ཤིང་། སའི་གོ་ལོའི་འཕྲེད་གཞུང་ཐིག96°15′~98°15′,36°55′~38°22′ཡིན་ཞིང་།   མཚོ་འཕགས་རྨིད2980ཡིན། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི2.77ཡོད་པ་དང་། དེའི་ནང་གྲོང་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ25ཡོད། གཏེར་ལེན་ཁ་གྲོང་ཁྱེར་གྱི་མངའ་ཁོངས་སུ་རི་བོ་མཐོ་ཞིང་བརྗིད་ཆགས་ཡིན་པ་དང་། ཆུ་བོ་དྭངས་ཤིང་གསལ། མཛེས་ལྗོངས་ཁྱད་འཕགས་ཡིན་པ་བཅས་ཀྱི་ཁྱད་ཆོད་ལྡན། ཚྭ་འདམ་ཆེ་བའི་ཁྱད་མཚར་གྱི་ས་བབ་ཆགས་ཚུལ་གྱིས་དེང་རབས་ཀྱི་རང་བྱུང་བྱེ་ཐང་གི་མཛེས་ལྗོངས་གྲུབ་ཡོད།

2_2 གནམ་གཤིས།

གཏེར་ལེན་ཁ་གྲོང་ཁྱེར་ནི་མཐོ་སྒང་གི་སྐམ་ས་རང་བཞིན་གྱི་ནམ་ཟླ་ཡིན་ལ། དབྱང་དབུགས་དཀོན་པ་དང་མཁའ་དབུགས་སྐམ་པ། ཆར་ཆུ་འབབ་ཚད་ཉུང་བ་སོགས་ཀྱི་ཁྱད་ཆོས་ཡོད།

3 རང་བྱུང་ཐོན་ཁུངས།
3_1 གཏེར་གྱི་ཐོན་ཁུངས།

གཏེར་ལེན་ཁའི་ཤུག་ལུང་དུ་རྡོ་ཐལ་རྡོའི་གསོག་ཚད་ཏུན་དུང་ཕྱུར20ཡན་ཡོད་ལ་རྒྱུ་སྤུས་ཧ་ཅང་དག གཏེར་ལེན་ཁ་གྲོང་ཁྱེར་ཧྭའེ་ཐུའུ་ཐཱ་ལ་འོ་ལུང་པུའུ་ལུའུ་ཁིའི་རྡོ་དཀར་གྱི་གསོག་ཚད་ཏུན་དུང་ཕྱུར1ཡོད་ཅིང་། དེའི་ནང་དབྱང་གཉིས་སྭེལ་འགྱུར་གྱི་འདུ་ཚད་བརྒྱ་ཆའི98.85ཡིན་ལ། བཟོ་ལས་ལས་སྣོན་བྱེད་ཆོག་པའི་གསོག་ཚད་ཏུན་ཁྲི7000ལ་སླེབས་ཡོད། གཏེར་ལེན་ཁ་བཟོ་ལས་གླིང་ཁུལ་གྱི་ཉོ་འཚོང་རིན་གོང་ཏུན་གཅིག་ལ་སྒོར་བརྒྱ་རེ་ཡིན། གཏེར་ལེན་ཁའི་འགྲིམ་འགྲུལ་སྟབས་བདེ་ཡིན་པས། ཐོན་ཁུངས་མང་པོ་ཞིག་ལྷག་ཏུ་ན་གོར་མོའི་ཅ་ལུད་དང་ཚྭ་འདམ་གྱི་ཚ་ལ། བོད་ལྗོངས་ཀྱི་ཁིར། ཧ་ཡང་དང་ཏི་ཚ་སོགས་བེད་སྤྱོད་བྱེད་ཐུབ་པར་བྱུང་ལ། 

3_2 ས་ཞིང་ཐོན་ཁུངས།

སྤྱི་ལོ2008ལོར་ཚྭ་འདམ་ཆེ་བ་སྲིད་འཛིན་ས་ཁུལ་ལ་བཀོལ་སྤྱོད་བྱེད་ཆོག་པའི་ཞིང་སའི་རྒྱ་ཁྱོན་ལ་བསྡོམས་པས་མུའུ་ཁྲི19.7ཡོད། རྩྭ་སའི་རྒྱ་ཁྱོན་ལ་ས་མུའུ་ཁྲི568.5ཡོད་ལ། དེའི་ནང་བེད་སྤྱོད་བྱེད་ཆོག་པའི་རྒྱ་ཁྱོན་ལ་ས་མུའུ་ཁྲི300.2ཡོད།

3_3 སྐྱེ་དངོས་ཐོན་ཁུངས།

གཏེར་ལེན་ཁ་གྲོང་ཁྱེར་གྱི་མངའ་ཁུངས་སུ་རྐྱང་དང་འབྲོང་། གསའ། གླ། རྣ། གོང་མོ། གླ་ཚེར། འཕང་འབྲས་སོགས་རྒྱལ་ཁབ་ཕྱི་ནང་ཀུན་ན་མིང་གྲགས་ཆེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཐོན་ཁོངས་འཛོམས་པ་ཡོད། མཚོ་དང་མཚེའུ་ཡི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2076ཡོད་ཅིང་།  གྲོང་ཁྱེར་ལྷོ་ཕྱོགས་ཀྱི་ཀྭ་ཧའེ་མཚེའུ་རུ་རང་བྱུང་གི་ཚྭ་འབུའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད།

3_4 ཆུ་བེད་ཐོན་ཁུངས།

སྤྱི་ལོ2013ལོར་གཏེར་ལེན་ཁ་གྲོང་ཁྱེར་གྱི་ཆུའི་ཐོན་ཁུངས་ཀྱི་སྤྱིའི་གསོག་ཚད་ལི་ཧྥང་གྲུ་བཞི་མ་དུང་ཕྱུར9.927ཡིན་ལ། གཏེར་ལེན་ཁའི་ལོའི་ཆ་སྙོམས་ཀྱི་བཞུར་རྒྱུན་ཚད་ལི་ཧྥང་གྲུ་བཞི་མ་དུང་ཕྱུར9.233ཡིན། དེའི་ནང་དཔལ་ཡོན་ཆུ་བོ་དང་། པ་ལི་ཀུན་ཆུ་བོ། ཆུ་དཀར་བཅས་ཀྱི་ས་སྟེང་གི་ཆུའི་ཐོན་ཁུངས་དུང་ཕྱུར3.66ཡིན།

4 མི་གྲངས་དང་མི་རིགས།

གཏེར་ལེན་ཁ་གྲོང་ཁྱེར་ནི་སོག་རིགས་གཙོ་བོ་ཡིན་པ་དང་། བོད་རིགས། ཧེ་རིགས། ཟ་རིགས། ཧོར་རིགས། རྒྱ་རིགས་སོགས་མི་རིགས20ལྷག་གིས་གྲུབ་པའི་གྲངས་ཉུང་མི་རིགས་ཀྱི་འདུས་སྡོད་ས་ཆ་ཞིག་ཡིན། 2010ལོར་གྲོང་ཁྱེར་ཡོངས་ཀྱི་མི་གྲངས་ཁྲི10ཡོད། གཏན་སྡོད་མི་གྲངས68440ཡིན། དེའི་ནང་གྲངས་ཉུང་མི་རིགས་ཀྱི་མི་གྲངས17696ཡིན་པ་དང་སྤྱིའི་མི་གྲངས་ལས་བརྒྱ་ཆའི26ཟིན།  

5 སྤྱི་ཚོགས་ལས་དོན།
5_1 སློབ་གསོ།

2013ལོར་གཏེར་ལེན་ཁ་གྲོང་ཁྱེར་གྱིས་སྒོར་དུང་ཕྱུར1.6བཏང་ནས་དགེ་རྒན་གྱི་སྡོད་ཁང་དང་སློབ་འབྲིང་གསུམ་པ། སློབ་འབྲིང་གཉིས་པ་སོགས་ཚད་ལྡན་ཅན་གྱི་སློབ་གྲྭ་བདེ་བླག་ངང་བཙུགས།

5_2 རིག་གནས།

2013ལོར་གཏེར་ལེན་ཁ་གྲོང་ཁྱེར་གྱིས་མི་རིགས་རིག་རྩལ་བྱ་འགུལ་ལྟེ་གནས་དང་ན་ཆུང་བྱ་འགུལ་ལྟེ་གནས། ཧེ་ཏིན་དཔེ་མཛོད་ཁང་། གཏེར་ལེན་ཁ་ཆུ་རྐྱལ་ཁང་སོགས་སྔ་གཞུག་ཏུ་བཙུགས་ཏེ། མང་ཚོགས་ཀྱི་རིག་རྩལ་བྱ་འགུལ་ཕུན་སུམ་ཇེ་ཚོགས་སུ་བཏང་། དེ་མ་ཟད་ཚྭ་འདམ་གྱི་དབྱར་གཞུང་སོགས་འཕྲེང་བསྟར་བྱ་འགུལ་རབས་དང་རིམ་པ་སྤེལ་གྱིན་ཡོད།

5_3 འཕྲོད་བསྟེན།

2013ལོར་གཏེར་ལེན་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྨན་རྫས་ཁ་གསབ་རོགས་དངུལ་དོན་འཁྱོལ་བྱས་པ་དང་། སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་སྔར་ཡོད་ཀྱི11ནས14རུ་བཏང་།  



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-26

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།