དེ་ཉིད་བཅུ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

དེ་ཉིད་བཅུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དུང་དཀར་ཚིག་མཛོད་ཆེན་མོའི་འགྲེལ་བ།)

རྡོ་རྗེ་སྙིང་པོ་བརྒྱན་གྱི་རྒྱུད་ལས། 1.གསང་བའི་དེ་ཉིད་བཅུ་ནི། ཕྱིར་བཟློག་གཉིས(བགེགས་སྦྱངས་པ་དང་སྡིག་པ་སྦྱངས་པ་གཉིས་སོ)ཀྱི་ཆོ་ག་དང༌། །གསང་དང་ཤེས་རབ་ཡེ་ཤེས་དང༌། །ཁ་སྦྱོར་བྱེད་པའི་ཆོ་ག་དང༌། །གཏོར་མ་རྡོ་རྗེའི་བཟླས་པ་དང༌། །དྲག་ཤུལ་སྒྲུབ་པའི་ཆོ་ག་དང༌། །རབ་ཏུ་གནས་དང་དཀྱིལ་འཁོར་སྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། ། 2.ཕྱི་ཡི་དེ་ཉིད་བཅུ་ནི་དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང༌། །སྟངས་སྟབས་འདུག་སྟབས་བཟླས་བརྗོད་དང༌། །སྦྱིན་བསྲེག་མཆོད་པ་ལས་སྦྱོར་དང༌། །སླར་བསྡུ་བ་ཡི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། ། 3.ཆོ་གའི་དེ་ཉིད་བཅུ་ནི་རབ་གནས་ཀྱི་རྒྱུད་ལས། དཀྱིལ་འཁོར་དང་ནི་ཏིང་འཛིན་མཆོག །ཕྱག་རྒྱ་སྟངས་སྟབས་གདན་དང་ནི། །བཟླས་བརྗོད་སྦྱིན་བསྲེག་མཆོད་པ་དང༌། །ལས་ལ་སྦྱར་དང་སླར་བསྡུ་བའོ། །4.སློབ་དཔོན་ལ་ཉེ་བར་མཁོ་བའི་དེ་ཉིད་བཅུ་ནི། བླ་མ་ཡོངས་བཟུང་གི་རྒྱུད་ལས། གནས་དང་དུས་དང་ལྷ་དང་སྔགས། །བགྲང་ཕྲེང་ཕྱག་རྒྱ་སྦྱིན་བསྲེག་དང༌། །དབང་བསྐུར་དང་ནི་རབ་གནས་ཀྱི། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། ། 4.དེ་ཁོ་ན་ཉིད་ཀྱི་དེ་ཉིད་བཅུ་ནི། རིན་ཆེན་འབར་བ་ལས། རྡོ་རྗེ་དྲིལ་བུ་ཡེ་ཤེས་དང༌། །ལྷ་དང་དཀྱིལ་འཁོར་སྦྱིན་བསྲེག་དང༌། །སྔགས་དང་རྡུལ་ཚོན་གཏོར་མ་དང༌། །དབང་བསྐུར་དེ་ཉིད་བཅུ་པའོ། །ཞེས་གསུངས་སོ། །
1 རྒྱས་འགྲེལ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-22

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།