འཇིག་རྟེན་འགྲོས་ཚད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཇིག་རྟེན་འགྲོས་ཚད།
ཉིའུ་ཏུན་གྱིས་ཀུན་ལྡན་འགུག་ཤུགས་གཏན་སྲོལ་ལ་བསམ་བློ་གཏོང་སྐབས་རི་མཐོན་པོའི་རྩེ་ནས་དངོས་གཟུགས་ཆུ་སྙོམས་སུ་འཕངས་ན། འཕེན་ཐེངས་རེའི་འགྲོས་ཚད་ཇི་ལྟར་ཆེ་ན། སར་ལྷུང་བའི་གནས་ཀྱང་ཐེངས་རེར་རྒྱང་ཐག་རིང་བ་དང་། གེལ་ཏེ་འགྲོས་ཚད་ཆེ་བའི་ཚད་ལོངས་སྐབས། དངོས་གཟུགས་ས་ངོས་སུ་མི་འབབ་པར་སའི་གོ་ལར་བསྐོར་ནས་འགུལ་སྐྱོད་བྱས་ཏེ་མིས་བཟོས་གོ་ལའི་འཁོར་སྐར་དུ་འགྱུར་སྙམ་མྱོང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宇宙速度
འཇིག་རྟེན་འགྲོས་ཚད་དང་པོ།
7.9km/s
འཇིག་རྟེན་འགྲོས་ཚད་གཉིས་པ།
11.2km/s
འཇིག་རྟེན་འགྲོས་ཚད་གསུམ་པ།
16.7km/s
1 འཇིག་རྟེན་འགྲོས་ཚད་དང་པོ།

སའི་གོ་ལའི་སྤུས་ཚདMདང་། སའི་གོ་ལའི་བསྐོར་ནས་འགྲོས་སྙོམས་སྒོར་མཐའི་འགུལ་སྐྱོད་བྱེད་པའི་འཕུར་སྐྱོད་འཕྲུལ་ཆས་ཀྱི་སྤུས་ཚདmདང་། འཕུར་སྐྱོད་འཕྲུལ་ཆས་ཀྱི་འགྲོས་ཚདυདང་། དེ་དང་ས་ལྟེའི་བར་ཐགrབཅས་ཡིན་པར་ཆ་བཞག་པ་དང་། འགུལ་སྐྱོད་འཕྲུལ་ཆས་འགུལ་སྐྱོད་བྱེད་པར་དགོས་པའི་ལྟེ་ཕྱོགས་ཤུགས་ནི་ཀུན་ལྡན་འགུག་ཤུགས་ཀྱིས་འདོན་པ་ཡིན། དེའི་ཕྱིར།

.jpg

དེ་བཀྲོལ་ན་ཐོབ་པ་ནི།

.jpg

ས་ངོས་དང་ཉེ་བའི་འཁོར་སྐར་ནི་མཐོང་ཚད100-200kmརུ་འཕུར་སྐྱོད་བྱེད་སྐབས། སའི་གོ་ལའི་ཚངས་ཕྱེད6400kmདང་བསྡུར་ན། ས་ངོས་ཉེ་འགྲམ་དུ་འཕུར་སྐྱོད་བྱེད་པ་རེད་ཅེས་བཤད་ཆོག་ལ། སའི་གོ་ལའི་ཚངས་ཕྱེདRཡིས་འཁོར་སྐར་ནས་ས་ལྟེའི་བར་ཐགrཡི་ཚབ་བྱས་ཆོག གཞི་འཛིན་གྲངས་གོང་གི་མཚོན་ཚུལ་དུ་ཚབ་འཇུག་བྱས་ན་ཐོབ་པ་ནི།

.jpg

འདི་ནི་དངོས་གཟུགས་ས་ངོས་ཀྱི་ཉེ་འགྲམ་དུ་སའི་གོ་ལར་བསྐོར་ནས་འགྲོས་སྙོམས་སྒོར་མཐའི་འགུལ་སྐྱོད་བྱེད་པའི་འགྲོས་ཚད་ཡིན་ལ། དེར་འཇིག་རྟེན་འགྲོས་ཚད(first cosmetic velfciry)དང་པོ་ཟེར།

.jpg

དཔེ་རིས་དང་པོ། སྤྱི་ལོ1687ལོར་པར་སྐྲུན་བྱས་པའི《རང་བྱུང་མཚན་ཉིད་རིག་པའི་གྲངས་རིག་རིགས་པ》རུ། ཉིའུ་ཏུན་གྱིས་དངོས་གཟུགས་འཕངས་པའི་འགྲོས་ཚད་ཧ་ཅང་ཆེ་སྐབས། ཕྱིར་ས་ངོས་སུ་ལྷུང་མི་སྲིད་པར་ཚོད་དཔག་བྱས་ཡོད།


2 འཇིག་རྟེན་འགྲོས་ཚད་གཉིས་པ།

ས་ངོས་ཀྱི་ཉེ་འགྲམ་དུ་འཕུར་སྐྱོད་འཕྲུལ་ཆས་གཏོང་སྐབས། གལ་ཏེ་འཕྲོ་གཏོང་འགྲོས་ཚད་ནི7.9km/sལས་ཆེ་ཞིང་། 11.2km/sལས་ཆུང་ན། དེ་སའི་གོ་ལར་བསྐོར་ནས་འགུལ་སྐྱོད་བྱས་པའི་རྗེས་ཤུལ་འཇོང་དབྱིབས་ཡིན་པ་ལས་སྒོར་དབྱིབས་མིན། དངོས་གཟུགས་ཀྱི་འགྲོས་ཚད11.2km/sལས་ཆེ་བའམ་ཡང་ན་མཚུངས་སྐབས། དེས་སའི་གོ་ལའི་འགུག་ཤུགས་བསལ་ནས་སའི་གོ་ལ་དང་གཏན་དུ་ཁ་བྲལ་སྲིད། ང་ཚོས11.2km/sལ་འཇིག་རྟེན་འགྲོས་ཚད་གཉིས་པ་ཟེར།

.png

དཔེ་རིས་གཉིས་པ། འཇིག་རྟེན་འགྲོས་ཚད་གསུམ།

3 འཇིག་རྟེན་འགྲོས་ཚད་གསུམ་པ།

འཇིག་རྟེན་འགྲོས་ཚད་གཉིས་པར་སླེབས་པའི་དངོས་གཟུགས་ལ་ད་དུང་ཉི་མའི་འགུག་ཤུགས་ཐེབས་པ་རེད། ས་ངོས་ཀྱི་ཉེ་འགྲམ་དུ་དངོས་གཟུགས་ཤིག་འཕྲོ་གཏོང་བྱས་ཏེ། དེ་ཉི་མའི་འགུག་ཤུགས་ཀྱི་བཀག་རྒྱ་ལས་ཐར་ཏེ་ཉི་མའི་ཁྱིམ་རྒྱུད་ཀྱི་ཕྱི་རོལ་ལ་འཕུར་དུ་འཇུག་འདོད་ན། དེའི་འགྲོས་ཚད་ངེས་པར16.7km/sལས་ཆེ་བའམ་མཚུངས་པར་བྱེད་དགོས། འགྲོས་ཚད་དེ་ལ་འཇིག་རྟེན་འགྲོས་ཚད་གསུམ་པ་ཟེར།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-08-30

གསར་སྤེལ་མཁན། :ཀླུ་འབུམ་ཚེ་རིང་།༷

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།