གདགས་གཞིའི་ཕུང་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕུང་པོ་དེ་གང་ཟག་ཅེས་པའི་མིང་གདགས་སའི་གཞི་ཡིན་པས་ན་གདགས་གཞིར་འཇོག་པ་ཡིན་ཅིང༌། ཕུང་པོ་གདགས་གཞིར་འཇོག་ཚུལ་གྲུབ་མཐའ་གོང་འོག་ལྟ་སྟངས་མི་མཐུན་པ་ཡིན། རང་རྒྱུད་པ་ཡན་ཆད་ཀྱིས་གང་ཟག་གི་ཐ་སྙད་འདོགས་ཆོག་པའི་གང་ཟག་གི་མཚན་གཞི་ཞིག་རྙེད་རྒྱུ་མེད་ན་གང་ཟག་འཇོག་མི་ནུས་ཤིང༌། ཕུང་པོ་གང་ཟག་གི་གདགས་གཞིར་ཡང་འཇོག་མི་ནུས་པས། ཕུང་པོའི་སྟེང་དུ་གང་ཟག་གི་མཚན་གཞི་ཞིག་ཁས་ལེན་པ་ཡིན། རང་རྒྱུད་པས་ཡིད་ཀྱི་རྣམ་པར་ཤེས་པ་གང་ཟག་དང༌། སེམས་ཙམ་པས་ཀུན་གཞི་རྣམ་ཤེས་གང་ཟག་ཏུ་འཇོག མདོ་སྡེ་པ་ནི་རང་རྒྱུད་པ་དང་མཚུངས། བྱེ་བྲག་སྨྲ་བས་ཕུང་པོའི་རྒྱུན་གང་ཟག་ཏུ་འཇོག ཐལ་འགྱུར་བས་ཕུང་པོར་བརྟེན་ནས་གང་ཟག ཅེས་མིང་རྐྱང་བཏགས་ཡོད་ཙམ་ལས་གདགས་གཞི་ཕུང་པོའི་སྟེང་དུ་གང་ཟག་བཙལ་ནས་རྙེད་རྒྱུ་གཏན་ནས་མི་སྲིད་པ་དང༌། དེ་ལྟར་སྲིད་ན་གང་ཟག་ཐ་སྙད་བཏགས་པའི་བཏགས་དོན་བཙལ་ནས་རྙེད་རྒྱུ་ཡོད་དགོས་པ་དང༌། བཏགས་དོན་བཙལ་ནས་རྙེད་རྒྱུ་ཡོད་ན་བདེན་པར་གྲུབ་པ་ཡོད་དགོས་པར་ཁས་ལེན་པ་ཡིན། བདེན་པར་གྲུབ་པ། རང་ངོས་ནས་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པ། རང་བཞིན་གྱིས་གྲུབ་པ་སོགས་རྡུལ་ཙམ་ཡང་མེད་པར་ཁས་བླངས་པ་གོང་དུ་སོང་བ་བཞིན་ཡིན།
1 ​རྒྱས་འགྲེལ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-08-23

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།