དབྱང་ཅེ་ཁྲི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབྱང་ཅེ་ཁྲི།
དབྱང་ཅེ་ཁྲི། ཕོ། རྒྱ་རིགས། སྤྱི་ལོ1950ལོའི་ཟླ5བར་ཧྲང་ཧའེ་གྲོང་ཁྱེར་དུ་སྐྱེས། སྤྱི་ལོ1968ལོའི་ཟླ9བར་བྱ་བར་ཞུགས། སྤྱི་ལོ1971ལོའི་ཟླ12པར་ཀྲུང་གོའི་གུང་ཁྲན་ཏང་དུ་ཞུགས། ནན་ཅིང་སློབ་ཆེན་ལོ་རྒྱུས་རིག་པའི་སྡེ་ཁག་འཛམ་གླིང་ལོ་རྒྱུས་ཆེད་ལས་སྦྱངས་ཏེ་སློབ་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་ཡོན་ཚད་ལྡན་ཞིང་། ལོ་རྒྱུས་རིག་པའི་འབུམ་རམས་པའི་མིང་རྟགས་བླངས། ད་ལྟ་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སྲིད་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་རྩ་འཛུགས་ཀྱི་ཚོགས་མི། ཀྲུང་དབྱང་ཕྱི་དོན་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དང་། ཀྲུང་དབྱང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོབ་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
杨洁篪
བོད་ཡིག་གི་མིང་།
དབྱང་ཅེ་ཁྲི།
རྒྱལ་ཁབ།
ཀྲུང་གོ
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཧྲང་ཧའེ།
སྐྱེས་ལོ།
སྤྱི་ལོ1950ལོར།
མཐར་ཕྱིན་སློབ་གྲྭ།
ནན་ཅིང་སློབ་ཆེན།

དབྱང་ཅེ་ཁྲི། ཕོ། རྒྱ་རིགས། སྤྱི་ལོ1950ལོའི་ཟླ5བར་ཧྲང་ཧའེ་གྲོང་ཁྱེར་དུ་སྐྱེས། སྤྱི་ལོ1968ལོའི་ཟླ9བར་བྱ་བར་ཞུགས། སྤྱི་ལོ1971ལོའི་ཟླ12པར་ཀྲུང་གོའི་གུང་ཁྲན་ཏང་དུ་ཞུགས། ནན་ཅིང་སློབ་ཆེན་ལོ་རྒྱུས་རིག་པའི་སྡེ་ཁག་འཛམ་གླིང་ལོ་རྒྱུས་ཆེད་ལས་སྦྱངས་ཏེ་སློབ་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་ཡོན་ཚད་ལྡན་ཞིང་། ལོ་རྒྱུས་རིག་པའི་འབུམ་རམས་པའི་མིང་རྟགས་བླངས།

ད་ལྟ་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སྲིད་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་རྩ་འཛུགས་ཀྱི་ཚོགས་མི། ཀྲུང་དབྱང་ཕྱི་དོན་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དང་། ཀྲུང་དབྱང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོབ་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས་ཡོད།

1 མི་ཚེའི་བརྒྱུད་རིམ།

སྤྱི་ལོ1968ལོ་ནས་སྤྱི་ལོ1972ལོའི་བར། ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཅང་གློག་ཚད་འཇལ་ཆས་བཟོ་གྲྭའི་བཟོ་བ་ཡིན།

སྤྱི་ལོ1972ལོ་ནས་སྤྱི་ལོ1973ལོའི་བར། ཕྱི་འབྲེལ་པུའུ་ཕྱི་རྒྱལ་དུ་སློབ་སྦྱོང་རུབ་འཛོམས་སྦྱོང་བརྡར་འཛིན་གྲྭར་སློབ་སྦྱོང་བྱས།

སྤྱི་ལོ1973ལོ་ནས་སྤྱི་ལོ1975ལོའི་བར། དབྱིན་ཇིའི་དབྱི་ལིན་སློབ་གླིང་དང་། པཱ་སི་སློབ་ཆེན། ལུན་ཏུང་ཆབ་སྲིད་དཔལ་འབྱོར་སློབ་གླིང་རྒྱལ་སྤྱིའི་འབྲེལ་བའི་ཆེད་ལས་སློབ་སྦྱོང་བྱས།

སྤྱི་ལོ1975ལོ་ནས་སྤྱི་ལོ1983ལོའི་བར། ཕྱི་འབྲེལ་པུའི་ལོ་ཙཱ་ཁང་གི་ཁོའོ་ཡོན་གྱི་འགན་བཞེས།

སྤྱི་ལོ1983ལོ་ནས་སྤྱི་ལོ1987ལོའི་བར། ཨ་རིར་སྡོད་པའི་གཞུང་ཚབ་ཁང་གི་རིམ་པ་གཉིས་པའི་དྲུང་ཡིག་དང་རིམ་པ་དང་པོའི་དྲུང་ཡིག སློབ་སྟོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ1987ལོ་ནས་སྤྱི་ལོ1990ལོའི་བར། ཕྱི་འབྲེལ་པུའི་ལོ་ཙཱ་ཁང་གི་སློབ་སྟོན་པ་དང་ཁྲུའུ་ཀྲང་གི་འགན་བཞེས།

སྤྱི་ལོ1990ལོ་ནས་སྤྱི་ལོ1993ལོའི་བར། ཕྱི་འབྲེལ་པུའི་མེ་གླིང་རྒྱ་མཚོ་ཆེན་པོའི་གླིང་སིའི་སློབ་སྟོན་པ་དང་ཁྲུའུ་ཀྲང་། སི་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ1993ལོ་ནས་སྤྱི་ལོ1995ལོའི་བར། ཨ་རིར་སྡོད་པའི་གཞུང་ཚབ་ཁང་གི་གཞུང་ཚབ་པའི་འགན་བཞེས།

སྤྱི་ལོ1995ལོ་ནས་སྤྱི་ལོ1998ལོའི་བར། ཕྱི་འབྲེལ་པུའི་པུའུ་ཀྲང་གི་ལག་རོགས་དང་ཏང་ཨུའི་ཨུ་ཡོན་གྱི་འགན་བཞེས།(དེའི་སྐབས་སུ། སྤྱི་ལོ1995ལོའི་ཟླ8པ་ནས་སྤྱི་ལོ1996ལོའི་ཟླ3པར། མེ་གླིང་རྒྱ་མཚོ་ཆེན་མོའི་གླིང་སིའི་སི་ཀྲང་། སྤྱི་ལོ1996ལོའི་ཟླ9བ་ནས་སྤྱི་ལོ1996ལོའི་ཟླ11པར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་རིམ་པའི་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས)།

སྤྱི་ལོ1998ལོ་ནས་སྤྱི་ལོ2000ལོའི་བར། ཕྱི་འབྲེལ་པུའི་པུའུ་ཀྲང་དང་ཏང་ཨུའི་ཨུ་ཡོན་གྱི་འགན་བཞེས།

སྤྱི་ལོ2000ལོ་ནས་སྤྱི་ལོ2004ལོའི་བར། ཨ་རིར་སྡོད་པའི་གཞུང་ཚབ་པའི་འགན་བཞེས།

སྤྱི་ལོ2004ལོ་ནས་སྤྱི་ལོ2005ལོའི་བར། ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་དང་ཏང་ཨུའི་ཨུ་ཡོན་གྱི་འགན་བཞེས།

སྤྱི་ལོ2005ལོ་ནས་སྤྱི་ལོ2007ལོའི་བར། ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་དང་ཏང་ཨུའི་ཧྲུའུ་ཅི་གཞོན་པའི(སྤྱི་ལོ2001ལོལོ་ནས་སྤྱི་ལོ2006ལོའི་བར། ནན་ཅིང་སློབ་ཆེན་ལོ་རྒྱུས་རིག་པའི་སྡེ་ཁག་འཛམ་གླིང་ལོ་རྒྱུས་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མ་དང་། ལོ་རྒྱུས་རིག་པའི་འབུམ་རམས་པའི་མིང་རྟགས་བླངས)འགན་བཞེས།

སྤྱི་ལོ2007ལོ་ནས་སྤྱི་ལོ2013ལོའི་བར། ཕྱི་འབྲེལ་པུའི་པུའུ་ཀྲང་དང་། ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2013ལོ་ནསསྤྱི་ལོ2017ལོའི་བར། རྒྱལ་སྲིད་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་རྩ་འཛུགས་ཀྱི་ཚོགས་མི། ཀྲུང་དབྱང་ཕྱི་དོན་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས། 

སྤྱི་ལོ2017ལོ་ནས་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སྲིད་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་རྩ་འཛུགས་ཀྱི་ཚོགས་མི། ཀྲུང་དབྱང་ཕྱི་དོན་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དང་། ཀྲུང་དབྱང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོབ་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས་ཡོད།

2 ལས་འགན་ཁུར་བའི་སྐོར།

ཀྲུང་གུང་སྐབས་བཅུ་དྲུག་པའི་ཀྲུང་དབྱང་རྗེས་གྲབས་ཨུ་ཡོན་དང་། སྐབས་བཅུ་བདུན་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་དང་།  སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་བཅས་ཀྱི་འགན་བཞེས་ཡོད།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-30

གསར་སྤེལ་མཁན། :ལྷ་མོ་ཚེ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།