ཡབ་ཆེན་སེང་བློན་རི་སྐྱེས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡབ་ཆེན་སེང་བློན་རི་སྐྱེས།
གླིང་གི་དཔའ་བརྟུལ་སུམ་ཅུ་ལས་གླིང་དམ་པ་རྣམ་གསུམ་གྱི་ཡ་གྱལ་ཏེ། ཡབ་ཆེན་སེང་བློན་རི་སྐྱེས་ནི་ལྡོང་ཆོས་འཕན་ནག་པོའི་སྲས་ཆུང་བ་ཡིན་ཞིང་། གླིང་རྗེ་གེ་སར་རྒྱལ་པོའི་ཡབ་ཡིན་ལ། ཆུང་དུས་ནས་ཡིད་གཞུང་ལ་རྒྱུད་བཟང་བའི་སྐྱེ་བོ་ཡ་རབས་ཤིག་ཡིན་པ་དང་། གླིང་དཀར་སྟོད་ཀྱི་བདག་དབང་བཟུང་མྱོང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
桑伦
ཁོངས་གཏོགས།
གླིང་དམ་པ་རྣམ་གསུམ་གྱི་ཡ་གྱལ།
རིགས་དབྱེ།
གླིང་སྒྲུང་མི་སྣ།
1 ངོ་སྤྲོད།

ཡབ་ཆེན་སེང་བློན་རི་སྐྱེས་ནི་ལྡོང་ཆོས་འཕན་ནག་པོའི་སྲས་ཆུང་བ་ཡིན་ཞིང་། ཆུང་དུས་ནས་ཡིད་གཞུང་ལ་རྒྱུད་བཟང་བའི་སྐྱེ་བོ་ཡ་རབས་ཤིག་ཡིན། ཁོང་གིས་བཙུན་མོ་སྔ་ཕྱིར་གསུམ་བླངས། རྒྱ་བཟའ་ལྷ་སྐྱིད་སྒྲོལ་མ(རྒྱ་ཚའི་ཨ་མ) འགོག་བཟའ་ལྷ་མོ(གེ་སར་གྱི་ཨ་མ) རོང་བཟའ(རོང་ཚ་དཀར་རྒྱན་གྱི་ཨ་མ)གསུམ་ཏེ་རེ་ཞིག་གླིང་དཀར་སྟོད་ཀྱི་བདག་དབང་བཟུང་མྱོང་། ཁོང་ནི་གླིང་དམ་པ་རྣམ་གསུམ་གྱི་ཡ་གྱལ་ཡིན་ལ། གླིང་གི་དོན་དག་ཆེ་མ་ཆུང་གསུམ་གང་ཡིན་རུང་ཐག་གཅོད་བྱེད་པའི་དབང་ཆ་ཡོད་པ་དང་། རྟ་ཕོའི་མིང་ལ་འདོ་བ་ཁམས་པ་དངུལ་སྒོང་ཟེར་ཞིང་། སྤུ་མདོག་བྲ་བོ་སྐྱ་ཡིན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-08-25

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།