རྟོགས་རིགས་མི་འདྲ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུགས་འདིས་ཉན་རང་གཉིས་ལ་སྤངས་རྟོགས་ཀྱི་ཁྱད་པར་ཡོད་པར་བཞེད་ཅིང༌། དེ་ཡང་ཉན་ཐོས་རིགས་ཅན་རྣམས་ཀྱིས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པར་འཛིན་པའི་རྟོག་པ་འཁོར་བཅས་སྤང་བྱའི་གཙོ་བོར་བྱས་ནས་དེའི་གཉེན་པོ་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པས་སྟོང་པར་རྟོགས་པའི་ལྟ་བ་དེ་བསྒོམ་བྱའི་གཙོ་བོར་བྱས་པ་ལས་བྱང་ཆུབ་ཆུང་ངུ་འཐོབ་པར་བྱེད། རང་རྒྱལ་རིགས་ཅན་རྣམས་ཀྱིས་གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་དུ་འཛིན་པའི་རྟོག་པ་སྤང་བྱའི་གཙོ་བོར་བྱས་ནས་དེའི་གཉེན་པོར་གཟུང་འཛིན་རྫས་གཞན་གྱིས་སྟོང་པར་རྟོགས་པའི་ལྟ་བ་སྒོམ་བྱའི་གཙོ་བོར་བྱས་པ་ལས་བྱང་ཆུབ་འབྲིང་འཐོབ་པར་བྱེད་ཅེས་ཉན་རང་ལ་སྤང་བྱའི་སྒྲིབ་པ་དང་རྟོགས་བྱའི་བདག་མེད་ལ་ཁྱད་པར་འབྱེད་པ་འདི་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཁོ་ནའི་ལུགས་ཡིན་གྱི་གཞན་བྱེ་བྲག་སྨྲ་བ་དང༌། མདོ་སྡེ་པ། སེམས་ཙམ་པ། དབུ་མ་ཐལ་འགྱུར་བ། རང་རྒྱུད་པ་བཅས་སུས་ཀྱང་མི་བཞེད་དོ། །
1 ​རྒྱས་འགྲེལ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-08-30

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།