ཉང་གི་ཉི་མ་འོད་ཟེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གསང་སྔགས་རྙིང་མའི་བླ་མ་དང༌། གཏེར་སྟོན་ཉང་ཉི་མ་འོད་ཟེར་ནི། རབ་བྱུང་གཉིས་པའི་མེ་འབྲུག(1136)ལོར་ལྷོ་བྲག་གཏམ་ཤུལ་དུ་འཁྲུངས།
1 རྒྱས་འགྲེལ།

གསང་སྔགས་རྙིང་མའི་བླ་མ་དང༌། གཏེར་སྟོན་ཉང་ཉི་མ་འོད་ཟེར་ནི། རབ་བྱུང་གཉིས་པའི་མེ་འབྲུག(1136)ལོར་ལྷོ་བྲག་གཏམ་ཤུལ་དུ་འཁྲུངས། དེ་རྗེས་སྐུ་ནར་སོན་རྗེས་ལྷོ་བྲག་ཁོ་མཐིང་རྣམ་སྣང་གི་སྐུ་རྒྱབ་ནས། གཏེར་སྒྲོམ་སྨུག་པོ་དང༌། སྐྱ་བོ་གཉིས། སྒྲོམ་སྨུག་ནང་ནས་བཀའ་བརྒྱད་འདུས་པའི་བརྒྱུད་ལུང་ཆོས་ཚན་སུམ་ཅུ་པོད་བཅུ་དྲུག་སོགས་གཏེར་ནས་སྟོན་ཚུལ་གསལ། སློབ་མ་ཞིག་པོ་བདུད་རྩི་སྨྱོས་ཞིག་ཚན་པོ་སོགས་བྱུང་མཐར་དགུང་ལོ་དྲུག་ཅུ་རེ་བརྒྱད་བཞེས་པའི་ཤིང་ཕོ་བྱི་ལོ(1204)ཙམ་ལ་འདས། གོང་གསལ་དཔྱད་གཞི་འདི་ནི་ཏཱ་ལའི་བླ་མ་ལྔ་པའི་རྣམ་ཐར་དུ་ཀུ་ལའི་གོས་བཟང་གླེགས་བམ་གསུམ་པའི་འཕྲོས་གླེགས་བམ་བཞི་པའི་ཤོག་གྲངས92ནས94བར་གསལ། ཉང་ཉི་མ་འོད་ཟེར་ལ་ནམ་རྒྱུན་མངའ་བདག་ཉང་ཞེས་འབོད། མཁྱེན་བརྩེའི་གནས་ཡིག་ནང་ལྷོ་བྲག་ཤར་དུ་མངའ་བདག་ཉང་གི་གདན་ས་སྨྲའོ་ལྕོག་ཅེས་དང་དེ་སྔོན་ལྷོ་བྲག་ཁུལ་དུ་རྫོང་གཞིས་བཞི་ཡོད་ཅིང་དེ་ནི་དོ་བོ་རྫོང༌། ལྷ་ཁང་རྫོང༌། སེང་གེ་རྫོང༌། དར་མ་གཞིས་སྡོད་བཅས་བཞི་ཡོད

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-08-08

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།