ཨ་སྟག་ལྷ་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་སྟག་ལྷ་མོ།
གླིང་གེ་སར་མཆོག་གི་ཇ་མ་བྱང་ཨ་སྟག་འཁྱིལ་བའི་ལྷ་མོ་ནི། མཛེས་ཤིང་ཡིད་དུ་འོངས་ལ་དཔའ་བོའི་རང་གཤིས་ལྡན་ཞིང་། དགྲ་ལ་ཕྲད་ན་ཁྲོ་བའི་ཉམས་ལྡན་ཞིང་གྲོགས་དང་འགྲོགས་དུས་སྙིང་ནས་བརྩེ་བ་མ་ཟད། ཆབ་སྲིད་ཀྱི་མིག་རྒྱང་རིང་ཞིང་བློ་ཁོག་ཡངས་བའི་བོད་རིགས་སྐྱེས་མ་ཁྱད་པར་བ་ཞིག་ཡིན་ནོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
向阿达且益鲁姆
ཁོངས་གཏོགས།
ཇ་མ་མིང་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ།
རིགས་དབྱེ།
གླིང་སྒྲུང་མི་སྣ།
1 ངོ་སྤྲོད།

གླིང་གེ་སར་མཆོག་གི་ཇ་མ་བྱང་ཨ་སྟག་འཁྱིལ་བའི་ཀླུ་མོའམ་ལྷ་མོ་ནི། ཇ་མ་མིང་ཆེན་བཅོ་བརྒྱད་ལས་བྱས་རྗེས་ཆེས་ཆེ་བའི་བུད་མེད་ཅིག་ཡིན་ཞིང་། ཁོ་མོའི་མི་ཚེ་གང་བོར་མཐའ་གཅིག་ཏུ་གེ་སར་རྒྱལ་པོར་ཞབས་ཏོག་ལེགས་པར་བསྒྲུབས་ཏེ། རང་ནུས་ཡོད་ཚད་གཞན་ཕན་གྱི་ཆེད་དུ་ཕུལ་བས། ཨ་སྟག་ལྷ་མོ་ནི་བོད་རིགས་དཔའ་མོའི་ཚབ་བྱེད་གཅིག་པུར་གྱུར་པ་དང་། གཡུལ་འགྱེད་དེ་འདྲ་མང་པོ་ཞིག་གི་ཁྲོད་དུ། མོ་རང་གི་ལོ་རྒྱུས་ཀྱི་སྣང་བརྙན་ནི་རྡོ་རིང་ཞིག་དང་མཚུངས་པར་ཀུན་གྱི་མིག་ལམ་དུ་ལྷང་ངེར་གནས་ལ། བསྐལ་བརྒྱ་མ་སྟོང་བར་དུ་བག་ཆགས་ཟབ་མོ་བཞག་ཡོད་པ་ཡིན་ནོ།།

2 མཛད་རྗེས།

ཨ་སྟག་ཤ་རྫོང་སྐབས་སུ་ཨ་སྟག་ལྷ་མོས་སྨན་ཨ་ནེ་གོང་སྨན་རྒྱལ་མོས་མོ་ལ་གནང་བའི་ལུང་བསྟན་གེ་སར་ལ་ཞུས་ཤིང་དེ་རྗེས་བདུད་པོ་བསམ་འགྲུབ་གཙོ་བྱས་པའི་ལས་དམག་མང་པོ་བསད། བདུད་བློན་དོམ་ཁྲ་སྨྱོན་པ་ཟེར་བ་དེས་གླིང་དམག་ཆག་ཆག་ཉིལ་ཉིལ་བཟོས་ནས་ཐོན་པ་ལ་ཨ་སྟག་གིས་གདོང་བཀག་ནས་རལ་གྲི་གཡུག་ཐེངས་གཅིག་གིས་བསད། བཙན་རྒྱལ་དཔུང་རིང་ཡང་ཨ་སྟག་གིས་དུམ་བགོས་བཏང་། དེ་མིན་ད་དུང་ཨ་སྟག་གིས་ཤ་ཡི་གཏེར་རྫོང་ཕབ། རེབ་ཞིག་གི་གཡུལ་འཁྲུག་ནང་དུ་ནག་པོ་བདུད་ཀྱི་ཨ་སྟག་ལྷ་མོ། སེར་པོ་ཧོར་གྱི་སྡིག་གཅོད་ཤན་པ། སྨུག་པོ་འཇང་གི་གཡུ་ལྷ་ཐོག་འགྱུར་སོགས་ཀྱིས་དམག་སྣ་དྲངས་ནས་ཁྱོད་ཤི་ང་གསོན་གྱི་གཡུལ་འགྱེད་ཆེན་པོ་ཞིག་གི་མགོ་བརྩམ། འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་དེ་འཕྲུ་སྔོན་ཅན་ལ་ཁྲི་ལྔ་དང་། རྟ་དམག་ཆིག་ཁྲི་དགུ་སྟོང་གིས་བསྐོར་ནས་ལྷོ་ཡི་གཡུ་འབྲུག་འགྱིང་རྫོང་དེ་དམག་གིས་བླངས་ཚུལ་དང་། གཞན་ཤན་པ་དང་ཨ་སྟག་ལྷ་མོ་གཉིས་ཀྱིས་བྱང་རྫོང་བླངས་པ་མ་ཟད། དུང་སྐྱོང་སྟག་ལྷ་ཁྲི་དཀར་གསོན་པོར་བཟུང་ནས་རྒྱལ་ཁའི་རྟེན་འབྲེལ་དང་པོ་འགྲིག

3 རྡོ་མཁར།

མགོ་ལོག་དར་ལག་རྫོང་གསིང་རི་མ་ཡུལ་ཚོ་མི་དམངས་སྲིད་གཞུང་ཆགས་སའི་གཞི་ལས་སྐྱ་མིའི་ལམ་གྱིས་ཆུ་ཚོད་གཉིས་ལྷག་བསྐྱོད་ཙ་ན་ཁངས་ལུང་ཞེས་པའི་ལུང་པ་ཕུ་རིང་ལ་ཁོད་ཡངས་པ། ལུང་པའི་གཡས་གཡོན་རི་རབ་ཀྱི་རྩེ་མོ་དགུང་ལ་ཟུག་པའི་ལུང་མདོ་ན་གནའ་དེང་མའི་མཁར་ཤུལ་རྙིང་པ་ཞིག་མངོན་འདུག་པ་དེ་ཡུལ་དེའི་མི་རྣམས་ཀྱིས་བཤད་ན་ཨ་སྟག་ལྷ་མོའི་རྡོ་མཁར་ཡིན་ཟེར་ཞིང་། ཡང་ལ་ལས་ཁངས་ལུང་རྡོ་མཁར་ཞེས་ཀྱང་ཟེར། རྡོ་མཁར་དེའི་དབྱིབས་ནི་གྲུ་བཞི་གླིང་བཞི་ཅན་ཞིག་དང་། རྡོ་མཁར་གྱི་མཐོ་ཚད་ལ་སྨི་གསུམ་བཞི་ལྷག་ཡོད། རྡོ་མཁར་གྱི་མཚམས་མཚམས་ཕལ་ཆེར་ས་འོག་ཏུ་ནུབ་འདུག་ལ། དུས་ཡིན་རིང་བོའི་ཆར་རླུང་དང་ཉི་འོད་སོགས་ཀྱིས་རྡོ་མཁར་དེའི་སྟེང་ནག་དྲེག་དང་ས་རྩིད་ཀྱིས་ཁེངས་འདུག གནས་དེ་ནི་བཤད་སྲོལ་ལ་བདུད་མོ་ཨ་སྟག་ཀླུ་མོ་དེས་ལྕགས་གཞུ་དང་ལྕགས་མདའ་བཀུག་ནས་འབྲོང་བྲེ་སར་དང་རི་སྐྱེས་སྲོག་ཆགས་བསད་ནས་རི་ལུང་ཐང་གསུམ་ཤ་ཁྲག་གིས་བཀང་ཞིང་དགོན་གྲྭ་ཚང་ལ་སྐུར་བ་དང་དབུ་གསེར་ཞྭ་ཅན་གྱི་བླ་མ་དང་། ལྭ་ནག་པོ་ཅན་གྱི་དཔོན་པོ། སྐྲ་ལན་བུ་ཅན་གྱི་བུད་མེད། སྐེད་འཁོར་གསུམ་ཅན་གྱི་སྐྱེས་བུ་བསད་པའི་གནས་ཡིན་པར་གྲགས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-08-03

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།