དཔལ་འབྱོར་འཛུགས་སྐྲུན་གྱི་བྱེད་ཕྱོགས་གཏན་ལ་ཕབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་ལེགས་འགྲུབ་བྱུང་རྗེས། རྒྱལ་ཁབ་ཕྱི་ནང་གི་མཐུན་རྐྱེན་ཡོད་ཚད་སྐུལ་ལ་སློང་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་སྤེལ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
制定经济建设的方针
ཕྱི་ཡིག་གི་མིང་།
Formulation of economic construction policy
དུས་ཚོད།
སྤྱི་ལོ1956ལོའི་སྟོན་ཀ
མི་སྣ།
མའོ་ཙེ་ཏུང་། ལིའུ་ཧྲའོ་ཆི།
ས་གནས།
པེ་ཅིན།
དཀར་ཆག
1 ​ནང་དོན།

སྤྱི་ལོ1956ལོའི་སྟོན་ཀར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་པེ་ཅིང་དུ་བསྡུས་ཤིང་། མའོ་ཙེ་ཏུང་གིས་ཚོགས་མགོ་རྩོམ་པའི་གཏམ་བཤད་གནང་བ་དང་། ལིའུ་ཧྲའོ་ཆིས་ཆབ་སྲིད་ཀྱི་སྙན་ཞུ་ཕུལ། ཚོགས་ཆེན་ཐོག་ཡང་དག་པའི་སྒོ་ནས་རྒྱལ་ནང་གི་གནས་ཚུལ་དང་འགལ་བ་གཙོ་བོའི་འགྱུར་ལྡོག་ལ་དབྱེ་ཞིབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་ཟིན་པའི་གནས་ཚུལ་འོག རྒྱལ་ནང་གི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་སྔོན་ཐོན་གྱི་བཟོ་ལས་རྒྱལ་ཁབ་འཛུགས་པའི་རེ་འདུན་དང་རྗེས་ལུས་ཀྱི་ཞིང་ལས་རྒྱལ་ཁབ་ཀྱི་དངོས་ཡོད་བར་གྱི་འགལ་བ་དང་། མི་དམངས་ཀྱི་དཔལ་འབྱོར་རིག་གནས་མྱུར་དུ་འཕེལ་བའི་དགོས་མཁོ་དང་མིག་སྔའི་དཔལ་འབྱོར་རིག་གནས་ཀྱིས་མི་དམངས་ཀྱི་དགོས་མཁོ་སྐོང་མི་ཐུབ་པའི་གནས་ཚུལ་བར་གྱི་འགལ་བ་ཡིན་ལ། ཏང་དང་རྒྱལ་ཡོངས་མི་དམངས་ཀྱི་མིག་སྔའི་ལས་འགན་གཙོ་བོ་ནི་སྟོབས་ཤུགས་གཅིག་བསྡུས་སྒོས་རང་རྒྱལ་འདི་ཉིད་མགྱོགས་མྱུར་གྱིས་རྗེས་ལུས་ཀྱི་ཞིང་ལས་རྒྱལ་ཁབ་ནས་སྔོན་ཐོན་གྱི་བཟོ་ལས་རྒྱལ་ཁབ་ལ་འགྱུར་དུ་འཇུག་གང་ཐུབ་བྱེད་པ་དེ་ཡིན་པ་བཅས་བསྟན། ཚོགས་ཆེན་ཐོག་རྒྱལ་ཁབ་ཕྱི་ནང་གི་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱས་ཏེ། རླབས་ཆེ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་ཞིག་འཛུགས་པར་འབད་བརྩོན་བྱེད་པའི་ལས་འགན་བཏོན། དཔལ་འབྱོར་འཛུགས་སྐྲུན་གྱི་ཐད་ཚོགས་ཆེན་བརྒྱད་པས་བག་འཁུམ་ལ་ངོ་རྒོལ་དང་ཐལ་སྐྱོད་ལའང་ངོ་རྒོལ་བྱེད་པ་སྟེ། ཕྱོགས་བསྡུས་དོ་མཉམ་ཁྲོད་དུ་གོམ་པ་བརྟན་པོས་མདུན་དུ་སྐྱོད་པའི་དཔལ་འབྱོར་འཛུགས་བྱེད་ཕྱོགས་རྒྱུན་འཁྱོངས་བྱས། ཚོགས་ཆེན་བརྒྱད་པའི་ལམ་ཕྱོགས་ནི་ཡང་དག་ཡིན་ཞིང་། བཏོན་པའི་བྱེད་ཐབས་དང་བསམ་བཀོད་མང་པོར་གསར་བཏོད་ཀྱིས་ཕྱུག་པ་དང་། རྒྱལ་ཁབ་རང་གི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་འཚོལ་ཞིབ་བྱས་པ་ལེགས་མཐའ་འཁྱོངས་པ་ཞིག་རེད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-08-01

གསར་སྤེལ་མཁན། :ཁྲི་དཀོན་མཆོག་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།