ཕྱི་འབྲེལ་གྱི་རྣམ་པ་གསར་བ་རྒྱ་བསྐྱེད་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོ་གསར་བས་ཨ་མེ་རི་ཁའི་ཕྱི་འབྲེལ་ཁེར་རྐྱང་གི་སྲིད་ཇུས་ལས་བརྒལ་ཏེ། རྒྱལ་ཁབ་བཙུགས་པའི་ལོ་དང་པོར་སུའུ་ལེན་སོགས་རྒྱལ་ཁབ17དང་ཕྱི་འབྲེལ་གྱི་འབྲེལ་བ་དངོས་སུ་བཙུགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་
拓展外交新格局
ཕྱི་ཡིག་གི་མིང་།
Expanding the new pattern of diplomacy
མི་སྣ།
ཀྲོའུ་ཨེན་ལའེ།
དཀར་ཆག
1 ​ནང་དོན།

ཀྲུང་གོ་གསར་བ་དབུ་བརྙེས་མ་ཐག  ཧུར་བརྩོན་གྱིས་ཕྱི་འབྲེལ་གྱི་བྱེད་སྒོ་སྤེལ་བ་རེད། སྐབས་དེར། ཨ་མེ་རི་ཁ་དང་བཙན་རྒྱལ་རིང་ལུགས་རྒྱལ་ཁབ་ཁ་ཤས་ཀྱིས་ཀྲུང་གོར་ཆབ་སྲིད་ཀྱི་ཕྱོགས་ནས་ཁས་མི་ལེན་པ་དང་། དཔལ་འབྱོར་གྱི་ཕྱོགས་ནས་སྐྱེལ་འདྲེན་བཀག་སྡོམ་བྱེད་པ། དམག་དོན་གྱི་ཕྱོགས་ནས་མཐའ་སྐོར་འཇིགས་སྐུལ་བྱེད་པ་བཅས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། ཀྲུང་གོ་གསར་བ་དབུ་བརྙེས་མ་ཐག་མེད་པར་གཏོང་རྒྱུའི་རེ་ངན་བཅངས། ཀྲུང་གོ་གསར་བས་ད་དུང་ཧུར་ཐག་གིས་ཉེ་འབྲེལ་ཁྱིམ་མཚེས་རྒྱལ་ཁབ་དང་གསར་དུ་དར་བའི་མི་རིགས་རང་བཙན་རྒྱལ་ཁབ་ཁག་དང་མཛའ་མཐུན་གྱི་འབྲེལ་བ་སྤེལ་ཏེ། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་བཏོན་པ་རེད། རྩ་དོན་དེ་ལྔ་བོ་ནི། ཕན་ཚུན་གྱིས་མངའ་ཁོངས་ཀྱི་བདག་དབང་ལ་བརྩི་འཇོག་བྱེད་པ་དང་། ཕན་ཚུན་ལ་བཙན་གནོད་མི་བྱེད་པ། ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། འདྲ་མཉམ་གཉིས་དགེ ཞི་བདེ་མཉམ་གནས་བཅས་ཡིན། རྩ་དོན་ལྔ་བོ་དེས་རྒྱལ་སྤྱིའི་སྟེང་ཤུགས་རྐྱེན་ཟབ་མོ་ཐེབས་ཏེ། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་གནད་དོན་ཐག་གཅོད་པའི་རྩ་བའི་ཚད་གཞིར་གྱུར། ལོ་རབས50བའི་དུས་དཀྱིལ་དུ། རང་རྒྱལ་གྱིས་ཕྱི་འབྲེལ་གྱི་ཕྱོགས་སུ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་བླངས། སྤྱི་ལོ1954ལོའི་ཇེ་ནེ་ཝའི་རྒྱལ་སྤྱིའི་གྲོས་ཚོགས་སྟེང་། ཀྲུང་གོ་གསར་བ་འཛམ་གླིང་རྒྱལ་ཁབ་ལྔའི་ཐོབ་ཐང་གིས་ཐེངས་དང་པོར་གྲོས་ཚོགས་སུ་ཞུགས་ཤིང་། ཚོགས་ཐོག་ཏུ་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་རེད། ཕྱི་ལོར། ཨེ་ཤེ་ཡ་གླིང་དང་ཨ་ཧྥེ་རི་ཁ་གླིང་གི་རང་ཚུགས་རྒྱལ་ཁབ་རྣམས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་ཝན་ལུང་དུ་ཨ་ཤེ་ཡ་གླིང་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་སྤྱིའི་གྲོས་ཚོགས་ཚོགས་པ་རེད། ཀྲུང་གོའི་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ཀྲོའུ་ཨེན་ལའེ་ཡིས་བཙན་རྒྱལ་རིང་ལུགས་ཀྱིས་གྲོས་ཚོགས་ལ་གཏོར་བརླག་བྱེད་པའི་ལྐོག་གཡོ་ངན་ཇུས་དང་རྒྱལ་ཁབ་སོ་སོའི་བར་གྱི་འགལ་བ་ལ་དམིགས་ཏེ། མཐུན་པ་ཡོངས་ཐབས་དང་མི་མཐུན་པ་སོར་འཇོག་གི་བྱེད་ཕྱོགས་བཏོན་ནས་གྲོས་ཚོགས་ལེགས་འགྲུབ་ཡོང་བར་སྐུལ་འདེད་བྱས། ཨེ་ཤེ་ཡ་གླིང་དང་ཨ་ཧྥེ་རི་ཁ་གླིང་གི་གྲོས་ཚོགས་ཀྱིས་རང་རྒྱལ་དང་ཨེ་ཤེ་ཡ་གླིང་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་སོ་སོའི་བར་གྱི་འབྲེལ་འདྲིས་ལ་ཤུགས་བསྣན་པས། ཚོགས་འདུ་གྲོལ་རྗེས་རང་རྒྱལ་གྱིས་ཨེ་ཤེ་ཡ་གླིང་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་སྔར་ལས་མང་པོ་དང་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-08-01

གསར་སྤེལ་མཁན། :ཁྲི་དཀོན་མཆོག་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།